རེ་བ་རྟགས་ཅན་གྱི་བོད་ལྭ་ཚོང་རར་བཀྲམ་པ།

                                             

a.jpg

རེ་བ་རྟགས་ཅན་གྱི་བོད་ཀྱི་གྱོན་ཆས་གསར་པ།

རེ་བ་རྟགས་ཅན་གྱི་བོད་ཀྱི་གྱོན་ཆས་ནི་དེང་དུས་སུ་གསར་དུ་བསྐྲུན་པའི་ཚོང་རྟགས་ཤིག་ཡིན་ཞིང་།  བོད་ཀྱི་སློབ་ཆེན་པ་འཇམ་དབྱངས་དཔལ་བཟང་ལགས་ཀྱིས་སློབ་མཐར་ཕྱིན་རྗེས།  དེང་རབས་ཀྱི་ཚོང་ལས་ལ་མིག་རྒྱང་གཏད་ཅིང་ལས་བསྐྲུན་གྱི་བློ་སྤོབས་ཁོང་དུ་རུམ་ནས་རེ་བ་རྟགས་ཅན་གྱི་བོད་ཀྱི་གྱོན་ཆས་གསར་བསྐྲུན་བྱས་པ་རེད།  གྱོན་ཆས་དེ་ལ་མི་རིགས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི་ཁར།  དུས་རབས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པས།  དེང་གི་བོད་རིགས་ན་གཞོན་རྣམས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་དང་ཡོངས་སུ་མཐུན་ལ།  བོད་ཀྱི་སྲོལ་རྒྱུན་གྱི་གྱོན་ཆས་སྲོལ་ལུགས་ཁྱབ་བརྡལ་དུ་གཏོང་བ་ལ་ཡང་མཐུན་རྐྱེན་ལེགས་པོ་ཞིག་བ

b.jpg

 རེ་བ་རྟགས་ཅན་གྱི་བོད་ཀྱི་གྱོན་ཆས་ཀྱི་བརྙན་ཚབ་པ་ན་གཞོན་གླུ་བ་བདེ་སྐྱིད་ཚེ་རིང་།

རེ་བ་རྟགས་ཅན་གྱི་བོད་ལྭའི་མཚོན་རྟགས་ལ་དེང་གི་འཛམ་གླིང་སྟེང་དཀོན་ཞིང་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་བཞིན་པའི་རི་དྭགས་གཙོད་ཅིག་གིས་རེ་བའི་ཕྱིར་མིག་འཕེན་པའི་ཚུལ་བཀོད་ནས།  རེ་བ་ནི་སྐྱེས་བུ་སོ་སོས་མི་ཚེའི་རིན་ཐང་འཚོལ་སྙེག་བྱེད་པ་དང་མི་རིགས་ཤིག་གོང་དུ་སྤེལ་བའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་པའི་དགོངས་སྙིང་བརྗོད་ཕྱིར་རེ་བ་ཞེས་ནས་མིང་བཏགས་པ་རེད།

རེ་བ་རྟགས་ཅན་གྱི་གྱོན་ཆས་གསར་བསྐྲུན་བྱེད་མཁན་འཇམ་དབྱངས་དཔལ་བཟང་ལགས་ནི་ཡུལ་ཤུལ་ཁྲི་འདུ་རྫོང་སྒ་སྟོད་ནས་ཡོང་བའི་བོད་རིགས་ན་གཞོན་ཞིག་ཡིན་ཞིང་།  ཁོང༢༠༠༨ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་མཐར་ཕྱིན་རྗེས།  ད་ལོའི་ཟླ༣པའི་བར་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་གཉེར་བྱས།  ཁོང་གིས་ཆེད་འཚོང་ཁང་དེ་གཉེར་བའི་ཞོར་དུ།  དབྱིན་ཡིག་སློབ་ཁྲིད་ཀྱི་ལས་ཀ་གཉེར་བཞིན་ཡོད་པ་རེད།   

རེ་བའི་ཆེད་ཚོང་ཁང་དེ་ཟི་ལིང་གཞི་མདོ་ཆེན་མོའི་ཁ་འོག་གི་བྱང་ལམA༠༠༡ཏུ་ཡོད་ལ།  མི་འགྱངས་པར་སི་ཁྲོན་རྔ་བ་དང་ཀན་སུའུ་བླ་བྲང་སོགས་བོད་ཀྱི་ས་ཁུལ་མང་བོ་ཞིག་ཏུ་ཡན་ལག་ཚོང་ཁང་འཛུགས་རྒྱུ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།