རིན་ཆེན་བདེ་གྲོལ་དང་ཁོང་གི་བོད་སྤོས།

14.jpg

རིན་ཆེན་བདེ་གྲོལ་གྱི་བོད་སྤོས།     

རིན་ཆེན་བདེ་གྲོལ་ནི་སི་ཁྲོན་རྔ་བ་རྫོང་ནས་སྐྱེས་ཤིང་།ལོ་ན༡༦སྟེང་ཕུ་བོ་དང་མཉམ་དུ་ལྷ་སར་སོང་ནས་ལས་ཀ་ལས་པའི་ཞོར་དུ་བོད་སྤོས་ལ་མཁས་པའི་དགེ་རྒན་ཕྱོགས་བཞི་མཚམས་བརྒྱད་ནས་རྩད་གཅོད་བྱས་པ་དང་། ༢༠༠༢ལོར་གཞིས་ཀ་རྩེ་ས་ཁུལ་དུ་མི་ཚེ་གང་པོར་བོད་སྤོས་ཞིབ་འཇུག་བྱས་ཤིང་ལོ་ན་༧༠ལ་སོན་པའི་བོད་སྤོས་མཁས་པ་ཞིག་དང་འཕྲད་དེ་ཁོང་དགེ་རྒན་དུ་བསྟེན་ནས་བོད་སྤོས་ཇི་ལྟར་བཟོ་ཚུལ་སློབ་སྦྱོང་བྱས་པ་རེད།      ད་ལྟ་ཁོ་རང་གིས་བོད་སྤོས་བཟོ་ཁང་ཆུང་ཆུང་ཞིག་ཕྱེ་ཡོད་ཅིང་། དེའི་ནང་དུ་ཁོ་རང་མ་གཏོགས་འཕྲུལ་ཆས་དང་ལས་བཟོ་བ་གཞན་གཅིག་ཀྱང་མེད་མོད།ཡིན་ནའང་ཁོང་གིས་བཟོས་པའི་བོད་སྤོས་ཞང་ཀང་དང་།རྒྱ་ནག་ནང་ལོགས་ས་ཁུལ་སོགས་ནས་ཆེད་དུ་ཉོ་རུ་ཡོང་མཁན་མང་པོ་ཡོད་པ་རེད།      ད་ལྟ། རིན་ཆེན་བདེ་གྲོལ་གྱི་བོད་སྤོས་གཙོ་བོ་པོ་ཏ་ལ་དང་གཙུག་ལག་ཁང་གཉིས་ནང་མཁོ་འདོན་བྱེད་ཀྱི་ཡོད་ཅིང་།   མི་འགྱིངས་པར་ཁོང་གིས་བོད་སྤོས་བཟོ་གྲྭ་ཞིག་འཛུགས་རྒྱུ་ཡིན་པ་དང་།ལས་བཟོ་བ་ཡང་གཅིག་གཉིས་རེ་འཚོལ་རྩིས་ཡོད་ལ།ཁོང་གིས་ད་ལྟ་ནས་བཟུང་བོད་སྤོས་བཟོ་གྲྭ་དེའི་མིང་ལ་རིན་ཆེན་བོད་སྤོས་བཟོ་གྲྭ་ཞེས་བཏགས་ཡོད་ཅིང་།ལོ་རྗེས་མའི་ནང་ཚོང་རྟགས་ཐོ་འགོད་བྱེད་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།