འབྲི་གུང་བདུག་སྤོས་བཟོ་བའི་ལག་རྩལ་དང་སྦྱོར་རྟ་བྱེད་སྟངས་སླར་གསོ་ཐུབ་པ་དང་འབྲེལ་བདུག་སྤོས་ཁྲོམ་རར་བཏོན་པ།

4.jpg

མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་འབྲི་གུང་མཐིལ་ནས་ཐོན་པའི་སྲོལ་རྒྱུན་བོད་ལུགས་གསོ་རིག་མཁས་དབང་གིས་སྦྱོར་རྟ་ཞིབ་མོ་གནང་བ་དང་། རིན་ཐང་ཆེ་ཞིང་། བསྐྱར་སྐྱེས་ཐུབ་པའི་རྩི་ཤིང་མ་བཅོས་རྒྱུ་ཆར་བྱས་པ། ལག་བཟོའི་གོ་རིམ་ཟབ་མོ་ལྡན་པ། དམིགས་བསལ་གྱི་སྨན་སྦྱོར་བྱེད་སྟངས་སྤྱད་པ། དེ་བཞིན་སྲོག་ཆགས་རིགས་ཀྱི་རྒྱུ་གཅིག་ཀྱང་འདུས་མེད་པ་བཅས་ཀྱི་འབྲི་གུང་གི་བདུག་སྤོས་དེར་མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། ལོ་རྒྱུས་ཀྱིས་རྐྱེན་པས་འབྲི་གུང་བདུག་སྤོས་དེ་བཟོ་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། རྒྱུ་ཆའང་དཀོན་པའི་དབང་གིས་འབྲི་གུང་བདུག་སྤོས་བཟོ་བའི་ལག་རྩལ་སྟོངས་ལ་ཉེ་བའི་གནས་སུ་གྱར་ཡོད། ཉེ་བའི་ལོ་ཤས་རིང་འབྲི་གུང་ཨ་མགོན་ཚེ་རིང་ཕུན་ཚོགས་ཀྱིས་ལོ་མང་རིང་འབད་བརྩོན་གནང་བའི་འོག་འབྲི་གུང་བདུག་སྤོས་བཟོ་བའི་ལག་རྩལ་དང་སྦྱོར་རྟ་བྱེད་སྟངས་སླར་གསོ་ཐུབ་པ་དང་འབྲེལ་བདུག་སྤོས་ཁྲོམ་རར་བཏོན་ཡོད་ཅིང་། འདི་ནི་ཟླ་10ཚེས་14ཉིན་འབྲི་གུང་མཐིལ་དགོན་གྱི་མཛེས་ལྗོངས་ས་ཚིགས་ནས་ཡུལ་སྐོར་བར་བདུག་སྤོས་འཚོང་བའི་གནས་ཚུལ་ཡིན་པ།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།