བཻེཌཱུརྱ་ལྡིང་ཁང་། བོད་པ་ཚོས་འཛད་སྤྱོད་བྱེད་སའི་ཁུག་སོ་དང་པོ།

དཔྱིད་དཔལ་རབ་ཏུ་རྒྱས་པའི་དུས་བཟང་འདིར། གསར་འགོད་པ་ལས་གྲོགས་ཞིག་གིས་གདན་ཞུ་ལྟར། ཟི་ལིང་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཆགས་ཡོད་པའི་ཟི་ལིང་གནའ་རྫས་ཚོང་ར་རུ་ལྟ་སྐོར་སོང་། ཚོང་ར་འདི་ནང་དུ་ཚོང་ཟོག་མང་པོ་ཡོད་པ་དང་། ཚོང་རྒྱག་མཁན་ཡང་བོད་རིགས་དང་ཧེ་རིགས། རྒྱ་རིགས་སོགས་མང་པོ་ཡོད། ཚོང་ར་འདིའི་ཉིས་ཐོག་ཏུ་སོང་མ་ཐག  མིག་མདུན་དུ་བཻེཌཱུརྱ་ལྡིང་ཁང་ཞེས་པའི་ཚོང་ཁང་ཞིག་ཡོད་པ་དང་། ཚོང་ཁང་དེ་ནང་སོང་མ་ཐག་སྦྱིན་བདག་ཚེ་བརྟན་གྱིས་ང་ཚོར་དགའ་དགའ་སྤྲོ་སྤྲོས་ངང་སྣེ་ལེན་བྱས་ཏེ། ཚོང་ཟོག་སྣ་ཚོགས་མཚམས་སྦྱོར་བྱས།

IMG_1211.JPG

ཚོང་བདག་གིས་ང་ཚོར་བཤད་རྒྱུར། མི་རྣམས་ཀྱི་འཚོ་བ་ཉིན་རེར་ཇེ་བཟང་ཇེ་ལེགས་སུ་སོང་བ་དང་བསྟུན། ཁོ་ཚོའི་འཛད་སྤྱོད་ཀྱི་ཆུ་ཚད་ཀྱང་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད། དེ་དང་དེ་བཞིན་དུ་ཚོང་ཟོག་གི་རྒྱུ་སྤུས་སོགས་ཀྱི་ཐད་ནས་ཀྱང་དོ་སྣང་བྱེད་དགོས་པ་ནི་སྨྲས་མ་དགོས་ཞིག་རེད། ད་ལྟ་ཟི་ལིང་གྲོང་ཁྱེར་དུ་བོད་པ་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འོན་ཀྱང་བོད་ཀྱི་ཁྱིམ་ཆས་ཅ་ལག་དང་བོད་ལྭ། རྒྱན་ཆ་སོགས་ཚོང་གཉེར་བྱེད་བཞིན་པའི་ཚོང་ཁང་ཧ་ཅང་ཉུང་ཉུང་ཡིན་པ་དང་། ཚོང་གཉེར་བྱེད་བཞིན་པའི་ཚོང་ཟོག་གི་སྤུས་མི་ལེགས་པས།  དང་ཐོག་ཁོ་རང་ཉིད་ལ་མཚོན་ནས་བཤད་ནའང་། ཁོ་ཡང་གྲོང་ཁྱེར་འདིའི་གྲོང་མི་དཀྱིས་མ་ཞིག་ཡིན་པ་དང་།  ཉིན་རྒྱུན་རང་ལ་མཁོ་བའི་ཁ་བཏགས་དང་ཁྱིམ་ཆས་སོགས་ཉོ་སྒྲུབ་བྱེད་པར་ཟི་ལིང་མེ་འཁོར་ས་ཚིགས་འགྲམ་གྱི་ཚོང་ཟོག་སྡེབ་ཚོང་ཚོང་རར་འགྲོ་བཞིན་ཡོད། དེར་སོང་ན་གཅིག་ནས་ལམ་ཐག་རིང་བ་དང་གཉིས་ནས་ཚོང་ཟོག་གི་རྒྱུ་སྤུས་ལེགས་རྒྱུ་མེད།  དེ་བས་ཁོ་ལ་ཟི་ལིང་གྲོང་ཁྱེར་དུ་རྒྱུ་སྤུས་ལེགས་པའི་བོད་ཀྱི་ཁྱིམ་ཆས་ཅ་ལག་དང་བོད་ལྭ། རྒྱན་ཆ་སོགས་ཚོང་གཉེར་བྱེད་པའི་ཚོང་ཁང་ཞིག་གཉེར་བའི་འདུན་པ་དྲག་པོ་སྐྱེས།

IMG_1215.JPG

ཚོང་རྫས་སྣ་ཚོགས།

IMG_1213.JPG

རྒྱན་ཆ་སྣ་ཚོགས།

ཁོས་བཤད་རྒྱུར། ཚོང་ལས་ཞིག་གཉེར་དུས་རྒྱུ་འབྱོར་བ་ཁོ་ན་བསམ་མི་རུང་བ་དང་། དེ་ཅི་ཡིན་ཟེར་ན། ཐོག་མར་ང་ནི་བོད་པ་ཞིག་ཡིན་པས་ལས་རྒྱུ་འབྲས་ཐོད་དུ་བཀུར་ཡོད། རྒྱུ་ཅི་འདྲ་བ་ཞིག་བསགས་ན་འབྲས་བུ་ཅི་འདྲ་བ་ཞིག་ཐོབ་ངེས་པས། དྲང་བདེན་གྱི་ཚོང་གཉེར་བྱེད་པ་དང་། རྒྱ་ཆེའི་འཛད་སྤྱོད་པར་སྤུས་བཟང་ཚོང་ཟོག་འདོན་སྤྲོད་བྱེད་པ་ནི་གཙོ་བོ་ནང་གི་འགངས་ཆེན་ཡིན།  ད་ལྟ་བདག་གི་ཚོང་ཁང་དུ་རྒྱ་གར་དང་བལ་བོ། ནེ་པ་ལ། འབར་མ། ཐའེ་གོ་སོགས་རྒྱལ་ཁབ་དང་། རྒྱལ་ནང་གི་ལྷ་ས་དང་ཀོང་ཀྲོའུ  ཁྲིན་ཏུའུ་སོགས་གྲོང་ཁྱེར་ནས་དད་ལྡན་མང་ཚོགས་ལ་མཁོ་བའི་ཕྲེང་བ་དང་ཐང་ཀ མཆོད་རྫས་སྣ་ཚོགས། གཞན་ཡང་བོད་ལྭ་དང་བྱུ་རུ། རྒྱན་ཆས། ད་དུང་བོད་ལུགས་ཁྱིམ་ཆས་ཅ་ལག་སོགས་སྤུས་བཟང་ཚོང་ཟོག་ཅི་འདོད་ཡོད་པས། རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ངེད་ཚོང་ཁང་དུ་ཕེབས་ནས་ལྟ་སྐོར་དང་འཛད་སྤྱོད་བྱེད་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་ཟེར།

IMG_1212.JPG

གནས་འདི་ནས་ད་རུང་བོད་ལུགས་ཁྱིམ་ཆས་ཅ་ལག་དང་བུད་མེད་ཀྱི་གྱོན་ཆས་སྤུས་ལེགས་ཡོད་པས། རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད།

IMG_1214.JPG

 བཻཌཱུརྱ་ལྡིང་ཁང་གི་སྡོད་གནས།  ཟི་ལིང་གྲོང་ཁྱེར་ནུབ་སྒོ་སྲང་ལམ་ཧྭ་ཏི་ཐོག་ཁང་ཆེན་མོའི་ཉིས་ཐོག <西宁市西门华德大厦二楼>
   འབྲེལ་གཏུགས་ཁ་པར། 13299733944. 13099776415. 13997273615

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།