ཆུ། སྤོས། སྨན་སོགས་བོད་ལྗོངས་ཀྱི་མ་འོངས་པའི་ཐོན་ལས་གཙོ་བོར་འགྱུར་རྒྱུ་རེད།

ཀྲུང་གོའི་གསར་འགྱུར་ཁང་གིས་ཟླ༧པའི་ཚེས༩ཉིན་ལྷ་ས་ནས་བཏང་བའི་གློག་འཕྲིན་ལྟར་ན། གསར་འགོད་པས་ཚེས༩ཉིན་རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ཀྱིས་རང་བྱུང་གི་བཏུང་ཆུའི་ཐོན་ལས་རྒྱ་ཆེན་པོར་འཕེལ་རྒྱུས་གཏོང་རྒྱུ་ཡིན་པ་དང་། ད་དུང་བོད་སྤོས་དང་ཁ་བཏགས། བོད་སྨན་བཅས་འདུས་པའི་ཁྱད་ལྡན་ཐོན་ལས་ཀྱང་འདུས་པ་རེད།      བོད་ལ“ཡ་གླིང་གི་ཆུ་མཛོད”ཅེས་མཚན་སྙན་ཡོད་པ་དང་འཐུང་ཆུའི་ཐོན་ཁུངས་ཤིན་ཏུ་ཕུན་སུམ་ཚོགས་པས་ཆ་སྙོམས་ལོ་རེའི་ཆུའི་ཐོན་ཁུངས་སྤྱིའི་ཚད་རྨིད་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༤༤༨༢ཡོད་ཅིང་རྒྱལ་ཡོངས་ཀྱི༡༥.༩%ཟིན་ལ་ཀྲུང་གོའི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་སུ་ས་ཁུལ་ཡིན་པ་རེད།བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་ཚེས༩ཡིན་ས་གནས་དེའི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་བཀོད་སྒྲིག་ཚོགས་ཐོག་ཏུ་བསྟན་དོན། ཉེ་སྔོན་བོད་ལྗོངས་ཀྱི༥༡༠༠དང་ཇོ་མོ་བླ་རིའི་འཁྱག་དར་ཀྲུང་གོ་རུ་སྐད་གྲགས་ཡོད་པའི་གཏེར་ཆུའི་ཚོང་རྟགས་ཡིན་ནའང་དེའི་གཞི་རྒྱ་དང་ཕན་འབྲས་གང་ཐད་ནས་སྔོན་དཔག་གི་དམིགས་ཡུལ་ལ་སླེབས་མེད་པས།  “བོད་ལྗོངས་ཀྱི་གཏེར་ཆུ་ཆེ་ལ་སྟོབས་ཆེར་བསྒྲུབ་རྒྱུ་དམིགས་ཡུལ་དུ་བྱས་ནས་ཐོན་ཁུངས་སྡེབ་སྒྲིག་བྱས་ནས་གང་མགྱོགས་ཀྱིས་གཞི་རྒྱ་ཆེ་ལ་སྤྱིའི་ཐོན་ཚད་མཐོ་བ། སྤུས་ཀ་དང་འབྲས་བུ་གཉིས་ཇེ་མཐོར་གཏོང་དགོས”ཞེས་གསུངས།རང་བྱུང་འཐུང་ཆུའི་ཐོན་ལས་ཕུད་ཅང་ཅེ་ཡིས་ད་དུང་བོད་སྤོས་དང་ཁ་བཏགས། བོད་སྨན་སོགས་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཤིན་ཏུ་སྟུག་པོ་མངའ་བའི་ཁྱད་ལྡན་ལག་ཤེས་ཐོན་ལས་ཀྱང་རྒྱལ་ཡོངས་སུ་གཞན་དུ་ཡོད་པ་མིན་པས་ནང་ས་དང་བསྡུར་ན་ལྷན་སྐྱེས་ཀྱི་འགྲན་རྩོད་དགེ་མཚན་ཡོད་པ་རེད་ཟེར།   བོད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐེན་གྱི་ཐེན་ཀྲང་ཞིས་ཧྥེས་ཡི་ངོ་སྤྲོད་གནང་རྒྱུར།  ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཡང་བའི་བཟོ་ལས་སྔོན་ལོ་དང་བསྡུར་ན༢༠%འཕར་བ་དང་། དེའི་ནང་དུ་ཁྱད་ལྡན་ཐོན་ལས་སྣ་འགའ་འཕར་ཤུགས་ཆེ་ཞིང་བཟའ་བཅའ་བཟོ་ལས་ལྡབ༤ཡིས་འཕར་བ་རེད་ཟེར།ངོ་སྤྲོད་གནང་བར་གཞིགས་ན། བོད་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་དང་ལྗོངས་ཁུལ་འཛུགས་སྐྲུན་ཀྱང་སྔར་བས་མགྱོགས་པར་འཕེལ་ཞིང་། མིག་སྔའི་བར་དུ“བཅུ་གཉིས་ལྔ”གཙོ་གནད་བཟོ་ལས་དང་ཆ་འཕྲིན་ཅན་རྣམ་གྲངས་ཀྱིས་སྡོམ་འབོར་མ་རྩ་དུང་ཕྱུར༢༡༤.༣༦བཏང་བ་དང་།  མཚོ་བོད་བཟོ་ལས་གླིང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་ཚུགས་ཤིང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྡོམ་འབོར་མ་དངུལ་དུང་ཕྱུར༡༢.༩བཏང་བ་རེད། ད་ལོར་བཟོ་ཁེ་ལས༢༠ཡི་སྒོ་འབྱེད་གྲབས་ཡིན་པ་དང་སྤྱིའི་མ་རྩ་དངུལ་དུང་ཕྱུར༡༧༣.༥བཏང་།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།