ཀྲུང་གོ་བོད་ཀྱི་དྲ་བ།

རྐང་ཚ་རྫོང་གིས་ཏང་ཡོན་སློབ་གསོ་ཟབ་སྤེལ་དངོས་སྒྲུབ་བྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་དང་། སྤུས་ལེགས་ཁྱད་ཆོས་མངོན་གསལ་དུ་དོད་པ། ནུས་ཤུགས་གང་ཡོད་སྒོས་གསོ་སྦྱོང་བྱ་ཡུལ་སྟོབས་ལྡན་དུ་གཏོང་བ་དང་གསོ་སྦྱོང་རྣམ་པ་གསར་སྐྲུན་བྱེད་པ། གསོ་སྦྱོང་སྤུས་འབྲས་མཐོར་འདེགས་གཏོང་བ་བཅས་ཀྱི་ཐད་ཤུགས་བཏོན་ནས། ཏང་ཡོན་སློབ་གསོ་ཟབ་སྤེལ་དངོས་སྒྲུབ་བྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་།

“ཞིབ་ཕྲའི”སྟེང་ཤུགས་བཏོན་ནས་གསོ་སྦྱོང་བྱ་ཡུལ་སྟོབས་ལྡན་དུ་གཏོང་བའི་ཐད་བྱེད་ཐབས་དངོས་བཀོལ་བ། “སྤྱི་ཁྱབ་ཧྲུའུ་ཅིས་ཆིབས་ཁ་བསྒྱུར་བའི་ལམ་དུ་འགྲོ་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི་གསུང་ལ་སློབ་སྦྱོང་བྱེད་པའི”གསོ་སྦྱོང་སྤུས་ལེགས་ལམ་བུ་གཅིག་བསྡུས་སྒོས་སྔོག་འདོན་བྱས་པ་དང་། “གནས་གཅིག་དང་ལྟེ་གནས་གཅིག ཆུས་གཉིས་དང་རྟེན་གཞི་གསུམ”གྱི་སློབ་གསོ་སློབ་ཁྲིད་བྱེད་ཡུལ་གསར་སྐྲུན་བྱེད་པ། ཞིང་ཆེན་ཕྱི་ནང་གི་གསོ་སྦྱོང་འཛིན་གྲྭ་ཐེངས44འགན་ལེན་བྱེད་པ་བཅས་ཀྱིས་ཏང་ཡོན་མི་ཐེངས3000ལྷག་ལ་གསོ་སྦྱོང་བྱས། 《ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་ཡོན་མཁའ་འགྲོ་ཐར》གྱི་ལྗོངས་རྣམ་ཏང་གི་སློབ་ཁྲིད་རྩ་འཛུགས་སྒྲིག་ཁྲིད་དང་འཁྲབ་སྟོན་བྱས་ཏེ། ཏང་ཡོན་སློབ་གསོའི་གསོ་སྦྱོང་ཡུལ་དངོས་ཀྱི་སློབ་ཁྲིད་བྱེད་ཡུལ་དེ་ཞང་གྲོང5དང་སྡེ་བ(སྡེ་ཁུལ)38ལ་ཁྱབ་ཏུ་བཅུག

“གསར་པའི”སྟེང་ཤུགས་བཏོན་ནས་ནང་དོན་གསར་གཏོད་བྱེད་པའི་ཐད་བྱེད་ཐབས་དངོས་བཀོལ་བ། ཏང་ཡོན་ལས་བྱེད་པ1100ལྷག་ལ་ཁྱོན་ཡོངས་སུ་ཁེབས་པའི་རེས་སྐོར་སྦྱོང་བརྡར་བྱས་པ་དང་། རིགས་སོ་སོའི་ཆེད་དོན་སློབ་གསོ་སྦྱོང་འཛིན་གྲྭ་སྐབས10ལྷག་བསྒྲུབས་ལ། ཏང་གི་གསར་སྐྲུན་གཞུང་ལུགས་ཐེངས200ལྷག་སྒྲོག་སྤེལ་བྱས། ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག113དང་ཏང་ཡོན་དཔེ་སྟོན་ལས་རྐང152སྒྲིག་འཛུགས་བྱས་ཏེ། ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་སྐྱོད་པའི་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ་ཏེ་གནད་དོན110ལྷག་ཐག་གཅོད་བྱས།ལས་ཐོག་ཏང་ཡོན་གྱི་ལས་འགན་ཁས་ལེན་ཡི་གེ1100ལྷག་ལ་མིང་རྟགས་བཀོད་པ་དང་། ལས་འགན་མེད་པའི་ཏང་ཡོན་ལ་ལས་འགན་ལས་རྐང755བཙུགས་ལ། འཁོར་སྐྱོད་ཏང་ཡོན48ལ་ཐབས་ལམ་མང་པོས་དོ་དམ་བྱས་ཏེ། ཞང་ལས་བྲལ་རུང་ཏང་ལ་མི་འབྲལ་བར་བྱས།

“གཟབ་ནན”སྟེང་ཤུགས་བཏོན་ནས་གསོ་སྦྱོང་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་དངོས་འབྲས་ཐོན་པ། ཏང་ཡོན་སློབ་གསོ་རེས་སྐོར་སྦྱོང་བརྡར་དང་གསོ་སྦྱོང་དགོས་མཁོ་བརྟག་ཞིབ། སློབ་ཡུན་ཐོ་འགོད། སློབ་བཤད་དང་སློབ་དཔྱད། སྤུས་ཀ་དཔྱད་དཔོག་བཅས་ཀྱི་དོན་ཚན་ལྔའི་ལམ་ལུགས་འཐུས་ཚང་དུ་བཏང་། “བརྗེ་རེས་བགྲོ་གླེང+ཆེད་དོན་ཚོད་ལྟ+རྗེས་འདེད་སློབ་སྐུལ+མྱོང་ཚོར་འབྲི་བ+བཀོལ་སྤྱོད་ཕྱིར་ལྡོག”གི་གསོ་སྦྱོང་དོ་དམ་ནང་རྐྱེན་འཚོལ་ཞིབ་ལག་བསྟར་བྱས་པ་དང་། དུས་སྐབས་རེ་རེར་རྩ་འཛུགས་སྡེ་ཁག་གིས་ཆབ་སྲིད་བྱང་ཚད་བཟང་བ་དང་བྱེད་སྒོ་ནུས་པ་ལེགས་པའི་ལས་བྱེད་པ1ནས2མངགས་གཏོང་བྱས་ཏེ་རྗེས་འདེད་དོ་དམ་བྱས་ཤིང་། ཏང་ཡོན་ལས་བྱེད་པས་གསོ་སྦྱོང་ཁྲོད་དུ་མངོན་པའི་འཇོན་ཐང་ལ་དུས་ཐོག་ཏུ་འགུལ་རྣམ་དཔྱད་ཞིབ་བྱས་ཏེ། ཏང་ཡོན་སློབ་གསོའི་གསོ་སྦྱོང་སྤུས་འབྲས་ཇེ་མཐོར་བཏང་།།


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།