ཀྲུང་གོ་བོད་ཀྱི་དྲ་བ།

དགའ་བདེ་རྫོང་གིས“ཏང་གི་འཛུགས་སྐྲུན+”ལ་བརྟེན་ནས་སྡེ་བ་རིམ་པའི་བཅོས་སྐྱོང་འགུལ་སྐྱོད་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་འཛུགས་སྐྲུན་ལེགས་འཛིན་དང་དངོས་འབེབས་ལ་སྐུལ་འདེད་བྱེད་པའི“སྦྲེལ་བ་བཞི་དང་རྒྱུགས་གཞི་གསུམ”གྱི་བྱ་བའི་ནང་རྐྱེན་མགོ་བརྩམས་པ་ནས་བཟུང་། དགའ་བདེ་རྫོང་རྐྱང་ཆད་ཞང་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་དང་ཁུལ། རྫོང་ཨུ་བཅས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཟབ་ནན་སྒོས་དོན་འཁྱོལ་བྱས་པ་དང་། རང་སྟེང་གི་དངོས་ཡོད་ལ་ཟུང་འབྲེལ་བྱས་པར་མ་ཟད། ཧུར་ཐག་གིས་འཚོལ་ཞིབ་དང་རྒྱུན་ཆད་མེད་པར་གསར་གཏོད་བྱས་ལ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དེ་གོ་སྐབས་སུ་བརྩིས་ནས། སྡེ་བ་རིམ་པའི་བཅོས་སྐྱོང་འགུལ་སྐྱོད་ལ་སྐུལ་འདེད་བྱེད་པའི“གཞུང་གཅིག་འཕྲེད་གཅིག”གི་མ་ལག་རིགས་གཉིས་ཀྱི་རྩ་འཛུགས་འཛུགས་སྐྲུན་གཙོ་གནད་དུ་བཟུང་ཞིང་འཐུས་ཚང་དུ་བཏང་སྟེ། བདེ་འཇགས་འཛུགས་སྐྲུན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ཐད་མགྱོགས་མྱུར་གྱིས་སྐུལ་འདེད་བྱེད་པར་ནུས་ལྡན་གྱི་འགན་སྲུང་བརྟན་པོ་མཁོ་སྤྲོད་བྱས།

ཏང་གི་འཛུགས་སྐྲུན+“རིམ་བཞི་ཁྱིམ་སྦྲེལ”གྱིས། གཞུང་གི་དྲ་མིག་རྩ་འཛུགས་འཛུགས་སྐྲུན་སྔར་བས་གནད་དུ་ཁེལ་བར་བྱས། དགའ་བདེ་རྫོང་གིས“རིམ་བཞི་ཁྱིམ་སྦྲེལ”གྱི2.0པར་གཞིའི་བྱ་བའི་ནང་རྐྱེན་རིམ་སྤར་བྱས་རྗེས། རྐྱང་ཆད་ཞང་ཏང་ཨུ་དང་སྲིད་གཞུང་གིས་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ། ཁྱོན་ཡོངས་ནས་མགོ་ལོག་ཁུལ་གྱི་ཏང་གི་འཛུགས་སྐྲུན་ལེགས་འཛིན་དང་དངོས་འབེབས་ལ་སྐུལ་བའི“རིམ་བཞི་ཁྱིམ་སྦྲེལ”བྱ་བའི་ནང་རྐྱེན་དོན་འཁྱོལ་བྱེད་པ་དང་། དུས་ཐོག་ཏུ་ཆེད་དོན་གྲོས་ཚོགས་འཚོགས་པ། སྡེ་བ་རིམ་པའི་བཅོས་སྐྱོང་གཞུང་ཕྱོགས་ཀྱི་དྲ་མིག་མ་ལག་ཏུ་འཛུགས་སྐྲུན་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ། སྡེ་བའི“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ལས་འགན་མེད་པའི་ཏང་ཡོན། སྐྱེ་ཁམས་བདག་སྲུང་པ། སྤྱི་ཕན་རང་བཞིན་གྱི་ལས་རྐང་སོགས་ཁྲིམས་ལྟར་རྩ་འཛུགས་བྱས་པའི་མང་ཚོགས་གཞི་རིམ་བཅོས་སྐྱོང་ཁྲོད་ཞུགས་པར་བསྡུ་ལེན་བྱེད་པ། ཉེ་སར་སྡོད་པའི་ཁྱིམ་ཚང5ནས12ཡས་མས་ཚན་ཆུང་ལྟར་དྲ་མིག་ཏུ་བགོས་པ། སྡེ་བའི་ནང་ཁུལ་གྱི་ཏང་འཛུགས་སྐྲུན་དང་བདེ་འཇགས་འཛུགས་སྐྲུན། ཡུལ་སྲོལ་དཔལ་ཡོན། བྲེལ་བསྟུན་དོ་དམ་སོགས་རིགས་སོ་སོའི་དོན་ཚན་གཅིག་གྱུར་གྱིས“དྲ་མིག་གཅིག”ཏུ་བསྡུས་པ། “གཞུང་ཕྱོགས་ཀྱི་རྩ་འཛུགས”བཙུགས་པ། “རིམ་བཞི་ཁྱིམ་སྦྲེལ”བྱ་བའི་ནང་རྐྱེན་ལ་ཟུང་འབྲེལ་བྱས་ཤིང་ཏང་གི་འཛུགས་སྐྲུན་སྣེ་ཁྲིད་ཀྱི་གཞི་རིམ་དྲ་མིག་བཅོས་སྐྱོང་སྔར་ལས་གསལ་པོར་བཏང་བ། སྡེ་ཚན4ཡན་ལག་དྲ་མིག13དུ་བགོས་པ། ཞང་ཡོངས་སུ་དྲ་མིག་ཆུང་ཆུང120བཙུགས་པ། འཕྲིན་གཏོང་བ་དང་དྲིལ་སྒྲོག་པ། འདུམ་འགྲིག་པ་སོགས“ལས་བྱེད་ཆེན་པོ་གསུམ”གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་ཇུས་དྲིལ་སྒྲོག་དང་གནས་ཚུལ་འཚོལ་སྡུད། གནོད་སྐྱོན་ཞིབ་བཤེར། འགལ་བ་འདུམ་འགྲིག་སོགས་ཀྱི་རོགས་ལས་བྱ་བ་ལེགས་པོར་བསྒྲུབས་པར་མ་ཟད། དྲ་མིག་དོ་དམ་གཞུང་ཕྱོགས་ཀྱི་མཐའ་ལ་གཏུག་པ་དང་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པ། ཁྱོན་ཡོངས་སུ་ཁེབས་པ། མཐུད་སྦྲེལ་ལེགས་པོ་བཅས་བྱེད་པར་འགན་སྲུང་བྱས་ཏེ། “རྫོང—ཞང—དྲ་མིག—ཁྱིམ་ཚང་འབྲེལ་གཏུག་པ”ཡི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུ། དོ་དམ་བྱ་བའི་མ་ལག་ནུས་ལྡན་སྒོས་བསྐྲུན།

ཏང་གི་འཛུགས་སྐྲུན+“མཉམ་ལས་མཉམ་འགུལ”གྱིས། འཕྲེད་ཀྱི་བྱེད་ནུས་རྩ་འཛུགས་འཛུགས་སྐྲུན་གྱི་འགན་འཁྲི་གསལ་པོར་བཏང་བ། སྡེ་བ་རིམ་པའི་བཅོས་སྐྱོང་གིས་ཁྲིམས་སྐྱོང་དང་སྤྱོད་སྐྱོང་། རང་སྐྱོང་བཅས“སྐྱོང་གསུམ་མཉམ་བསྲེས”ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་ལ་སྔར་བས་ཤུགས་སྣོན་པ་དང་། གྲོང་གསེབ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ཆེད། རྐྱང་ཆད་ཞང་ཏང་ཨུ་དང་སྲིད་གཞུང་གིས་སྡེ་བ་སོ་སོའི་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་བདེ་འཇགས་འཛུགས་སྐྲུན། སྐྱེ་ཁམས་བདག་སྲུང་། སྐྱེ་ཁམས་དཔལ་ཡོན། བྲེལ་བསྟུན་འགན་སྲུང་། རིག་གནས་སློབ་གསོ། ཡུལ་སྲོལ་ལུགས་སྒྱུར། བདེ་སྐྱོང་མཉམ་འགོག་སོགས་སྡེ་བ་རིམ་པའི་ལས་དོན་ནང་དོན་གཙོ་བོར་བཟུང་བ་དང་། སྡེ་བ་སོ་སོར“འཕྲེད”ཀྱི་བྱེད་ནུས་རྩ་འཛུགས་བཙུགས་པ། སྡེ་བ་རིམ་པའི་ལས་དོན་ནང་མང་ཚོགས་ཞུགས་ཚད་ཉུང་བའི་གནད་དོན་གཙོ་བོར་བཟུང་ནས་ཐག་གཅོད་པ། དུས་མཚུངས་སུ་ཚན་ཆུང་ཁོངས་མིས་གཙོ་སྒྲུབ་དང་རོགས་སྒྲུབ། ཚབ་སྒྲུབ་སོགས་ཀྱི་རྣམ་པ་བརྒྱུད། མང་ཚོགས“ཐོན་ཚེ་སྒྲུབ་ཐུབ་པ་དང་ཐེངས་གཅིག་གིས་སྒྲུབ་ཚར་བར”བཅུག་ཅིང་། ཞབས་ཞུ་སྔར་ལས་ལེགས་པོར་བཏང་སྟེ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་བྱས། དུས་དང་རྣམ་པ་ཀུན་ཏུ་སྡེ་བ་རིམ་པའི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུའི་དོན་ཚན་རྒྱུས་ལོན་བྱེད་པ་དང་། རང་ཁྱིམ་གྱི་སྒོ་ཁ་རུ་དུས་ཐོག་གི་ཞབས་ཞུ་རོལ་མྱོང་བྱེད་པ། འགན་འཁྲི་གསལ་པོར་གཏོང་བ། ཏང་གི་འཛུགས་སྐྲུན་སྣེ་ཁྲིད་ཀྱི་གཞི་རིམ་བཅོས་སྐྱོང་ཕན་ནུས་རྒྱུན་མཐུད་སྒོས་ཇེ་མཐོར་གཏོང་བ། མང་ཚོགས་མཉམ་སྐྲུན་མཉམ་སྐྱོང་ཁྲོད་ཞུགས་པར་སྔར་བས་སྐུལ་འདེད་བྱེད་པ། གྲོང་གསེབ་དོན་ཚན་ཕྱོགས་ཡོངས་ནས་རང་བདག་བྱེད་པ་མངོན་འགྱུར་བྱུང་བ། གྲོང་གསེབ་བཅོས་སྐྱོང་གི་གནད་འཁེལ་ཚད་དང་ཞིབ་ཕྲ་ཅན་གྱི་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་བ། སྡེ་བ་རིམ་པའི་བཅོས་སྐྱོང་དངོས་གནས་གཞུང་གི་མཐའ་ལ་གཏུག་ཞིང་འཕྲེད་ཀྱི་མཐའ་རུ་གཏུག་པ། དེ་མིན་འཕྲེད་ཀྱི་མཐའ་རུ་གཏུག་པའི་དུས་རབས་གསར་པའི་གྲོང་གསེབ་བཅོས་སྐྱོང་གི་བཀོད་སྟངས་བསྐྲུན་ཏེ། “ཁྱིམ་ཀྱི་སྒོ་ཁ”ཡི་ཞབས་ཞུ་ཡུལ་དང་མཐུན་ཞིང་རྒྱབ་སྐྱོར་ཆེ་བའི“ས་རྟགས་གསར་པར”འགྱུར་བར་བྱས།

ཏང་གི་འཛུགས་སྐྲུན+“ཧྥེང་ཆའོ་ཉམས་མྱོང”གིས། སྡེ་མིའི་གཟུ་བཤད་ལམ་ལུགས་འཛུགས་སྐྲུན་གྱི་བཅོས་སྐྱོང་ནུས་ལྡན་དུ་བཏང་བ། རྐྱང་ཆད་ཞང་གིས་སྡེ་བ་རིམ་པའི་བཅོས་སྐྱོང་འགུལ་སྐྱོད་མགོ་རྩོམ་སར་བརྩིས་ཏེ། “གཞུང་གཅིག་འཕྲེད་གཅིག”གི་རིགས་གཉིས་ཀྱི་རྩ་འཛུགས་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་པ་དང་། སྡེ་བ་འཕེལ་རྒྱས་གཏོང་བའི་སྐོར་གྱི་འགལ་བ་ནུས་ལྡན་གྱིས་ཐག་གཅོད་པ། “ཧྥེང་ཆའོ་ཉམས་མྱོང”ཧུར་ཐག་གིས་དཔྱད་གཞིར་འཛིན་པ། སྡེ་མིའི་གཟུ་བཤད་ནང་རྐྱེན་འཚོལ་ཞིབ་བྱས་ཏེ་བཙུགས་པ། “བཤད་པ་དང་གྲོས་བསྡུར། སྒྲུབ་པ། ལྟ་སྐུལ། ཐག་གཅོད། དཔྱད་འཇོག”གི“ཡིག་འབྲུ་དྲུག་མའི”གཞི་རིམ་གྲོས་བསྡུར་གྱི་ནང་རྐྱེན་གྲུབ་པ། ཕྱོགས་མང་པོ་དེའི་ཁྲོད་དུ་ཞུགས་པ་དང་ཕྱོགས་མང་པོས་ལྟ་རྟོག་བྱེད་པ། གོ་རིམ་ཡོངས་སྤྱི་བསྒྲགས་བྱེད་པའི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་བཀོད་སྟངས་བསྐྲུན་པར་སྐུལ་འདེད་བྱེད་པ། མང་ཚོགས་གྲོང་གསེབ་བཅོས་སྐྱོང་ཁྲོད་ཞུགས་པའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། མང་ཚོགས་རང་ཉིད་ཀྱིས་རང་གི་དོན་དག་བཤད་པ། གནད་དོན་དང་རྩོད་གཞི་ཆུང་ཆུང་མང་ཚོགས་རང་ཉིད་ཀྱིས་ཐག་གཅོད་པ། སྤྱིར་བཏང་གི་འགལ་རྩོད་ཞང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་པ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དངོས་གནས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། གཞི་རིམ་འགལ་བ་འདུམ་འགྲིག་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་། མིག་སྔའི་བར་དུ། རྐྱང་ཆད་ཞང་གིས“སྡེ་མིའི་གཟུ་བཤད”བྱ་བའི་ནང་རྐྱེན་བརྒྱུད། “ཁྲིམས་ལུགས་ནི་བླ་མེད་དང་བརྩེ་བ་ནི་སྔོན་འགྲོ། འགྲིག་མཐུན་ནི་རྩ་ཆེའི”བྱ་བའི་འདུ་ཤེས་ཀྱིས། འགལ་རྩོད13བདེ་བླག་ངང་འདུམ་འགྲིག་བྱས་པ་དང་། འགལ་རྩོད་སྔ་མོ་ནས་ཐག་བཅད་དེ། “དོན་ཆུང་སྡེ་བའི་ཕྱི་རུ་མི་འགྲོ་བ་དང་དོན་ཆེན་ཞང་གྲོང་གི་ཕྱི་རུ་མི་འགྲོ་བའི”དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དངོས་གནས་བསྒྲུབ་ཐུབ་པ་བྱུང་། །


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།