ཀྲུང་གོ་བོད་ཀྱི་དྲ་བ།

ཆི་ལེན་རྫོང་གིས་སྟོབས་ཤུགས་ཡོད་རྒུས་སྡོད་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ཏང་གི་འཛུགས་སྐྲུན་སྣེ་ཁྲིད་ཇེ་དྲག་ཏུ་བཏང་བ་དང་། “དམར་པོའི་གཅིག་མཐུན་ཚོགས་པ”སྒྲིག་འཛུགས་དང“དམར་པོའི་དཔུང་སྡེ”སྟོབས་ལྡན་དུ་གཏོང་བ། “དམར་པོའི་ཞབས་ཞུ”ལེགས་པོར་སྒྲུབ་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་འཛུགས་སྐྲུན་གྱི“ཕྲ་ཕུང་དམར་པོ”སྡེ་ཁུལ་བཅོས་སྐྱོང་ཁྲོད་འདྲེས་སུ་བཅུག་སྟེ། སྡོད་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་དངོས་གནས་ཇེ་མཐོར་བཏང་།

ཁེབས་ཚད“གསར་པ”རྒྱ་བསྐྱེད་པ། “མཉམ་སྐྱོང་དང་མཉམ་སྐྲུན། མཉམ་རོལ”གྱི་འདུ་ཤེས་བརྟན་པོར་ཆགས་པ་དང་། ཕྱོགས་མང་མཉམ་འགུལ་དང་ཐུན་མོང་མཉམ་ཞུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ། རིགས་སོ་སོའི་ཐོན་ཁུངས་ཀྱི་སྟོབས་ཤུགས་གཞིས་ཁུལ་དུ་བཀོལ་བར་སྐུལ་འདེད་བྱེད་པ། སྡེ་ཁུལ་གྱི་ཏང་ཨུའི་སྲོག་ཤིང་དང་སྡེ་ཁུལ་གྱི“ཨུ་ལྷན་གཉིས”། གཞིས་བདག་ཨུ་ཡོན་ལྷན་ཁང་། གཞིས་ལས་ཞབས་ཞུ་ཁེ་ལས་སྒྲོག་ཐག་ཡིན་པའི“1+3+X”དམར་པོའི་གཞིས་ལས་ཀྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་དང་། མཉམ་གྲོས་དང་མཉམ་བསྡུར་གྱི་རྩ་དོན་ལྟར། དུས་བཅད་ལྟར་མཉམ་འབྲེལ་གྲོས་ཚོགས་འཚོགས་པ་དང་། གཞིས་ལས་ཀྱིས་དྲོད་རླངས་ཞིག་གསོ་དང་ལྗང་བསྒྱུར་གཙང་སྦྲ། འགལ་རྩོད་སོགས་བྲེལ་དཀའ་ཁྲལ་རེ་ཡི་གནད་དོན་ཐག་གཅོད་པར་རོགས་རམ་བྱས་ཏེ། སྡོད་དམངས་ཀྱི་བདེ་སྐྱིད་འཚོ་བར་ཤུགས་ཆེན་པོ་བསྣན།

ས་ཚིགས“གསར་པ”ལེགས་པོར་བཀོལ་བ། ཏང་གི་འཛུགས་སྐྲུན་གྱི་སྲོག་ཤིང་ནུས་པ་འདོན་སྤེལ་དང་། བཅོས་སྐྱོང་ཐོན་ཁུངས་གཅིག་བསྡུས་བྱེད་པ། གཞིས་ལས་ཞབས་ཞུ་ལས་རིགས་ཀྱི་མཉམ་འབྲེལ་ཏང་ཀྲི་པུའུ་འཛུགས་པ། སྡེ་ཁུལ་དང་གཞིས་ལས“ཕྱོགས་གཉིས་སུ་འགྲོ་བ་དང་གོ་གནས་བརྗེ་ཁུར”བྱེད་པ་བཅས་ལག་བསྟར་བྱས་པ་མ་ཟད། ཏང་གི་འཛུགས་སྐྲུན་གྱི་མཛུབ་སྟོན་པ་འདེམས་མངགས་བྱས་ཏེ་མཛུབ་སྟོན་ཡང་དག་བྱས། སྤྱི་བདེ་དང་ཞིབ་བཤེར། ཁྲིམས་ཁང་། ཁྲིམས་འཛིན། ཚོང་རའི་ལྟ་སྐུལ། མཁར་གྲོང་སྡོད་ཁང་སོགས་འགན་ནུས་སྡེ་ཁག་གི་ཏང་ཡོན་སྐོང་འཐེན་བྱེད་པ་དང་། གནོད་སྐྱོན་ཞིབ་བཤེར་དང་ཞིག་གསོ། བྲེལ་བསྟུན་མྱུར་བཅོས་སོགས་ཀྱི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་ཞིང་། ཏང་རྩ་འཛུགས་ཀྱི་བསྐྲུན་དགོས་པ་སྐྲུན་ཅི་ཐུབ་བྱེད་པ་མངོན་འགྱུར་བྱུང་སྟེ། སྡེ་ཁུལ་བཅོས་སྐྱོང་ཁྲོད་ཀྱི་དཀའ་གནད་དང་གེགས་གནས་དངོས་གནས་ཐག་གཅོད་བྱས།

ཕན་ནུས“གསར་པ”འདོན་སྤེལ་བྱས་པ། ཚོང་རའི་སྒྲིག་སྦྱོར་བཀོད་གཏོང་ནུས་པ་འདོན་སྤེལ་བྱས་ཏེ། གཞིས་ལས་ཞབས་ཞུའི་ཁེབས་ཚད་ཇེ་མཐོར་བཏང་། “སྡེ་ཁུལ་གྱིས་འབོད་བརྡ་གཏོང་བ་དང་སྡེ་ཁག་གིས་འབྱོར་ཐོ་འགོད་པའི”བྱ་འགུལ་རྒྱུན་རྣམ་སྒོས་སྤེལ་བ་དང་། “མང་ཚོགས་ཀྱི་མངག་ཐོ་མཉམ་འགུལ་དབྱེ་ཞིབ་དང་སྡེ་ཁུལ་གྱི་མངག་ཐོ་མཉམ་འབྲེལ་ཐག་གཅོད། གཞིས་ལས་ཀྱི་མངག་ཐོ་དང་ལེན་བྱེད་པ་བཅས་མཉམ་འགུལ་རྗེས་འདེད་ཀྱི་འབྲེལ་གཏུག་གསུམ་དང་མངག་ཐོ་གསུམ”གྱི་ཞབས་ཞུ་མ་དཔེ་ཁྱབ་སྤེལ་བྱེད་པ། མཉམ་སྐྲུན་ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་སྡེ་ཁུལ་གྱི་ཏང་ཡོན། ལས་ཐོག་ཏང་ཡོན་བཅས་ཀྱིས“འབྱོར་ཐོ་གཉིས་འགོད་པ”རྩ་འཛུགས་སྒོས་སྤེལ་ཏེ། སྡོད་དམངས་ལ“སྒོ་ཁ”ནས་ཞབས་ཞུ་མཁོ་སྤྲོད་བྱས།།


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།