ཀྲུང་གོ་བོད་ཀྱི་དྲ་བ།

ཧའེ་ཡན་རྫོང་གིས་ཏང་འཛུགས་སྣེ་ཁྲིད་ནུས་པ་སྟོབས་ལྡན་དུ་བཏང་ནས་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་པ་བྲིས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2023ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་གིས་ཏང་གི་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་པ་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་བཏང་བ་དང་། གཞི་རིམ་བཅོས་སྐྱོང་དང་ཞིང་པའི་ཡོང་སྒོ། ཐོན་ལས་འཕེལ་རྒྱས་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱས་ཏེ། གྲོང་གསེབ་དར་སྤེལ་གྱིས་ཧའེ་ཡན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས།

གཞི་རིམ་བཅོས་སྐྱོང་གི་བཀག་གནས་ཤར་གཏོང་བྱས་ཏེ། ཁྱོན་ཡོངས་ནས་ཏང་རྩ་འཛུགས་ཀྱི་སྤྱིའི་ཡིད་ཆེས་བྱེད་ཤུགས་ཇེ་མཐོར་བཏང་། “གཞི་རིམ་ཏང་འཛུགས་སྐྲུན་གྱི་སྤུས་འདེགས་ཕན་འཕར་ལོའི”བྱ་འགུལ་སྤེལ་བར་ཟུང་འབྲེལ་དང་། རྩྭ་ཐང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་གང་འདོད་དུ་འཛུགས་སྐྲུན་བྱས་པ་གཙང་ཕྱགས་བྱེད་པ། སྤྱི་པའི་ཕྱུགས་ལམ་ཧམ་བཟུང་བཅོས་སྐྱོང་བྱེད་པ་སོགས་ཆེད་དམིགས་འགུལ་སྐྱོད་ཆེན་མོ་དྲུག་སྤེལ་མགོ་བརྩམས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་བཀག་གནས་ནུས་ལྡན་གྱིས་ཤར་གཏོང་བྱས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལ་དམིགས་པ་དང་། འགལ་བ་དང་རྩོད་གཞིའི“བྱ་བ་སྒྲུབ་ཐབས་ཆུང་ཆུང་དྲུག”ཁྱབ་སྤེལ་བྱེད་པ། ཉིན་རྒྱུན་གྱི“བྱ་བ་ཆུང་ཆུང”གིས་དམངས་འཚོའི“གནད་དོན་ཆེན་མོ”ཐག་གཅོད་བྱེད་པ་བཅས་ཀྱིས། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་།

སྡེ་སྟོབས་འཆར་གཞི་སྒྲིག་བཟོ་གཏན་འབེབས་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་སྒོས་རྒྱ་བསྐྱེད་བཏང་། 《ཧའེ་ཡན་རྫོང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི2023ལོའི“སྡེ་སྟོབས་བཟོ་འགོད”ལག་བསྟར་གྲོས་གཞིའི་བརྡ་སྦྱོར》དང《ཧའེ་ཡན་རྫོང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་བགོ་བྱ་རྒྱག་པའི་དོ་དམ་བྱེད་ཐབས(ཚོད་ལྟ་ལག་ལེན)ཀྱི་བརྡ་སྦྱོར》སོགས་ཡིག་ཆ་སྒྲིག་བཟོ་བྱས་ཏེ། རོགས་སྐྱོར་དང་སྟོབས་ལྡན་དུ་གཏོང་བའི་སྡེ་བ15ཡི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལས་གཞིར་རོགས་སྐྱོར་མ་དངུལ་སྒོར་ཁྲི8439.52བཏང་། 《སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་འགོད》དང་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་སྡེབ་སྒྲིག་བཟོ་འགོད་སོགས་སྲིད་ཇུས་བྱེད་ཐབས་སྒྲིག་བཟོ་གཏན་འབེབས་བྱས་པ་དང་། 2023ལོར་ཧའེ་ཡན་རྫོང་གི་སྲིད་འཛིན་སྡེ་བ29ཡི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་སྒོ་སྒོར་ཁྲི1460ཡོད་པ་དེས་ཐོན་ལས་རང་བཞིན་གྱི་ཡོང་སྒོའི65%ཟིན་ཏེ། གྲོང་གསེབ་ཐོན་ལས་ཀྱི་ཁེ་ཕན་མངོན་གསལ་སྒོས་ཇེ་མཐོར་སོང་།

ཡོང་སྒོའི་ཐབས་ལམ་རྒྱ་བསྐྱེད་དེ། “ཡོང་སྒོ་གཉིས”ཤུགས་གང་ཡོད་ཀྱིས་འགན་སྲུང་བྱས། 《འཛད་སྤྱོད་རོགས་སྐྱོར་བྱ་བའི་ལག་བསྟར་ཇུས་གཞི》སྒྲིག་བཟོ་གཏན་འབེབས་བྱས་པ་དང་། ཏང་ཡོན་ལས་བྱེད་པ་དེའི་ནང་ཞུགས་པ་དང་རོགས་སྐྱོར་འགན་འཁྲི་ནན་དཀྲི་བྱེད་པར་སྐུལ་ལྕག་དང་། ཀྲུང་གོའི་ཧ་ཡང་སྡེ་ཚོགས་དང་ཧྲན་ཏུང་ལིན་དབྱི་སོགས་རོགས་འཛུགས་ས་གནས་ཀྱི་འཛད་སྤྱོད་རོགས་སྐྱོར་བྱ་བར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་། ཕྱིར་འཚོང་གྲོས་མཐུན་ཡི་གེ22ལ་མིང་རྟགས་བཀོད་པ་དང་། འཛད་སྤྱོད་མ་དངུལ་སྒོར་དུང་ཕྱུར1.7ཡོངས་འགྲུབ་བྱས། དབུལ་ཐར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི2.27ལ་སླེབས་པར་མ་ཟད། ཁྱོན་ཡོངས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་དེ། རོང་འབྲོག་པ་དང་དབུལ་ཐར་ཁྱིམ་ཚང་གི་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་སྒོས་ཇེ་མང་དུ་གཏོང་བར་སྐུལ་ཁྲིད་བྱས། །


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།