ཀྲུང་གོ་བོད་ཀྱི་དྲ་བ།

ཧའེ་ཡན་རྫོང་གིས་ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་རྣམ་པ་གསར་པ་བཏོད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་གིས་གཞི་རིམ་ལེགས་འཛིན་བྱེད་པའི་སྟོན་ཕྱོགས་གསལ་པོ་བཏོན་ནས། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་སྲོག་ཤིང་དང་ཏང་ཡོན་དཔེ་སྟོན་སྣེ་འདྲེན་དུ་བྱེད་པ། རང་སྐྱོང་མཉམ་རོལ་ཐབས་ལམ་དུ་བརྩི་བ་བཅས་རྒྱུན་འཁྱོངས་བྱས་ཐོག ཏང་གི་རྩ་འཛུགས་ལེགས་ཆ་དེ་གཞི་རིམ་བཅོས་སྐྱོང་བྱེད་པའི་ལེགས་ཆར་བསྒྱུར་ཏེ། གཞི་རིམ་ཏང་གི་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་རྣམ་པ་གསར་པ་བཏོད།

གཞུང་དུ་ཏང་གི་མགོ་ཁྲིད་བཅོས་སྐྱོང་བྱེད་པའི་སྒྲོམ་གཞི་བསྐྲུན་པ། ཏང་གི་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པར་དམིགས་པ་དང་། “ཏང་གི་འཛུགས་སྐྲུན་སྐར་བསགས་ལམ་ལུགས”དང“འབྲེལ་གཏུག་ལྔ་དང་བཅོས་སྐྱོང་དྲུག”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས། “ཞང་གྲོང་ཏང་ཨུ+སྡེ་བའི་ཏང་ཀྲི་པུའུ+མངའ་ཁུལ་གྱི་དྲ་མིག་ཏང་ཚན་ཆུང+རོང་འབྲོག་པའི་ཏང་ཡོན་དཔེ་སྟོན་ཁྱིམ་ཚང”གི་ཞིང་སྡེ་བཅོས་སྐྱོང་མ་དཔེ་འཐུས་ཚང་དུ་བཏང་། མངའ་ཁུལ་གྱི་མངགས་གཏོང་ཁང་གི་མགོ་གཙོ་ཡིས་ཞང་གྲོང་ཏང་ཨུའི་ཨུ་ཡོན་གྱི་འགན་ཁུར་པ་དང་ཏང་ཡོན་མི་དམངས་ཉེན་རྟོག་པས་སྡེ་བའི(སྡེ་ཁུལ)ཧྲུའུ་ཅི་གཞོན་པའི་ལས་འགན་གཅིག་ལྕོགས་སུ་ཁུར་པ་གསར་སྐྲུན་དང་ཁྱབ་གདལ་དུ་བཏང་སྟེ། མངགས་གཏོང་ཁང་གི་མགོ་གཙོ7དང་ཏང་ཡོན་མི་དམངས་ཉེན་རྟོག་པ36ཞང་གྲོང་དང་སྡེ་བ(སྡེ་ཁུལ)སོ་སོའི་བཅོས་སྐྱོང་བྱ་བའི་ཁྲོད་ཞུགས་ནས་མཛུབ་སྟོན་བྱས།

འཕྲེད་དུ་སྣ་མང་མཉམ་ལས་ཀྱི་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་པ། སྲོག་གཅིག་སྣ་མང་དང་མཉམ་ལས་མཉམ་སྐྱོང་རྒྱུན་འཁྱོངས་བྱས་ཏེ། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་ཁུར་པ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། མང་ཚོགས་དེའི་ཁྲོད་ཞུགས་པའི་སྤྱི་ཚོགས་མཉམ་སྐྱོང་གི་དྲ་བ་གྲུབ་པར་བྱས། ཟུར་གསུམ་གྲོང་རྡལ་རོན་ཁྲེང་གཞིས་ལས་ཀུང་སིས་ཧུར་ཐག་གིས་སྡེ་ཁུལ་ལ་མཐུད་སྦྲེལ་བྱས་ཏེ། སྡོད་དམངས་ཀྱི་ཆུ་དང་གློག་བཀོལ་བ་སོགས་འཚོ་བའི་གནད་དོན200ལྷག་ཐག་བཅད། ནུབ་མཚོ་གྲོང་རྡལ་གྱིས“ཁ་བརྡ་ཉིན་མོ”ཞེས་པའི་བྱ་འགུལ་སྤེལ་བ་དང་། སྡོད་དམངས་མི་ཐེངས100ལྷག་སྣེ་ལེན་བྱས་ཏེ། རིགས་སོ་སོའི་གནད་དོན76ཐག་བཅད།

ཏང་ཡོན་དཔེ་སྟོན་གྱི་བཅོས་སྐྱོང་ཐེག་བྱད་བསྐྲུན་པ། ཏང་ཡོན་གཞིས་ཁུལ་བཅོས་སྐྱོང་བྱེད་པའི་ནང་ཞུགས་པའི་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཏང་ཡོན་རང་འགུལ་ངང་གཞི་རིམ་བཅོས་སྐྱོང་ཁྲོད་ཞུགས་པར་སྐུལ་འདེད་བྱས། རྫོང་ཡོངས་ཀྱི་ཏང་ཡོན2700ལྷག་དང་ཏང་ཀྲི་པུའུ110ཡིས་བསྡུར་བ་རང་དཔྱོད་ཀྱི་སྒོ་ནས“ཕན་འབྲས་མངོན་པ”དང་ཕན་ཚུན་དཔྱད་འཇོག་གིས“གྲུབ་འབྲས་སྟོན་པ”བརྒྱུད། གདོང་མཆོང་སྣང་བརྙན་འདུ་ཤེས་ཆགས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། ལས་གཏོད་ལས་སྐྲུན་གྱི་སྤྲོ་སེམས་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱས། སྡེ་བའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་དཔུང་སྡེ་རྒྱུན་མཐུད་སྒོས་ལེགས་འདེམས་ལེགས་སྒྲིག་བྱས་པ་དང་། རྩ་འཛུགས་ཀྱི་ལེགས་ཆ་དེ་གསར་བརྗེའི་སྒུལ་ནུས་སུ་བསྒྱུར་ཅིང་། གྲོང་གསེབ་དར་སྤེལ་གྱི་མཛུབ་སྟོན་པ14བདམས་མངགས་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བར་འཇོན་མིའི་རྨང་གཞི་བརྟན་པོ་བཏིངས། །


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།