ཀྲུང་གོ་བོད་ཀྱི་དྲ་བ།

དར་ལག་རྫོང་གིས་བྱེད་ཐབས་སྣ་མང་བཏོན་ནས་གྲོང་གསེབ་དར་སྤེལ་ཕྱོགས་ལ་ནུས་པ་བཏོན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་བའི་ལོ་ཤས་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་སྡེ་བ་རིམ་པའི“མགོ་ཁྲིད་དང་པོའི”ནུས་པ་ཆེ་རུ་བཏང་ནས། མགོ་ཁྲིད་ཀྱིས་མང་ཚོགས་ལ་སྣེ་ཁྲིད་པར་བརྟེན་ནས“བྱ་བ་སྒྲུབ་འདོད་པ་དང་། བྱ་བ་སྒྲུབ་ཤེས་པ། བྱ་བ་སྒྲུབ་ཐུབ་པ”བཅས་ཀྱི་ཕུལ་བྱུང་འཇོན་མི་མང་པོ་སྡེ་བའི་ལས་བྱེད་པའི་ལས་གནས་ཐོག་བདམས་པ་དང་། བྱ་བའི་ནང་རྐྱེན་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། ཚད་ལྡན་དོ་དམ་ལ་ཤུགས་སྣོན་པ། བྱེད་ནུས་ལས་སྟེགས་གཏོད་པ། སྡེ་བའི་ལས་བྱེད་པའི་སྤུས་ཚད་དང་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་འདེགས་པར་སྐུལ་ཁྲིད་བྱེད་པ་བཅས་ཀྱིས། སྡེ་བའི་ལས་བྱེད་པས་རང་འགུལ་སྒོས་ལས་སྐྲུན་ལས་གཏོད་བྱེད་པར་སྐུལ་མ་བཏང་ནས་ལག་ལེན་ཁྲོད་གྲོང་གསེབ་དར་སྤེལ་གྱི་མི་སྣ་གཙོ་བོར་འགྱུར་བར་སྐུལ་ལྕག་བཏང་།

དར་ལག་རྫོང་གིས“ཏང་གི་འཛུགས་སྐྲུན་མཛུབ་སྟོན་པའི”ལམ་ལུགས་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། ནང་རྐྱེན་སྟོབས་ཆེར་བཏང་བ་དང་གསོ་སྦྱོང་ལ་ཤུགས་བསྣན་པར་མ་ཟད། ལས་རྐང་དང་པོའི་སྦྱོང་བརྡར་གསོ་སྦྱོང་བྱས་པས། གྲོང་གསེབ་བཅོས་སྐྱོང་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་ཞིབ་ཕྲའི་བྱ་བའི་ཁྲོད་སྡེ་བའི་ལས་བྱེད་པ་རིམ་བཞིན་འཚར་ལོངས་བྱུང་ནས་ཆབ་སྲིད་ཀྱི་སྤུས་ཚད་དང་ལས་སྒོའི་ནུས་པ། ལག་ལེན་གྱི་འཇོན་ཐང་བཅས་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་བྱ་བར་བརྟེན་ནས་མི་འདེམས་པ་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་འདེམས་སྤྱོད་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོ་བཙུགས་པ་དང་། དཔུང་སྡེའི་གྲུབ་ཚུལ་དང་ནུས་པ་ཆེར་བསྐྱེད། བྱེད་ནུས་འདོན་སྤེལ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ། “མྱུ་གུ་བཟང་པོ”དང“སྐྱེ་སྟོབས་ཆེ་བའི་མྱུ་གུ”ལེགས་འདེམས་བྱས་པ་རེད། ཕན་འབྲས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་སྡེ་བའི་ལས་བྱེད་པར་གདེང་འཇོག་དང་བཤད་རོགས་ཁྲིད་གསུམ་གྱི་ཕན་འབྲས་ལ་དཔྱད་དཔོག་བྱས་ཐོག དཔྱད་ཞིབ་མཇུག་འབྲས་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྡེ་བའི་ལས་བྱེད་པར་རེ་བ་ཡོད་པ་དང་བྱ་བ་སྒྲུབ་རིན་ཡོད་པ་ཞིག་ཏུ་གསོ་སྦྱོང་བྱས་ཡོད། །


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།