ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར102ལོན་པར་རྟེན་འབྲེལ་ཞུ་བ་དང་། ཏང་གི་འོད་སྟོང་ལྡན་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ། ཏང་དང་རྒྱལ་ཁབ་ལ་དགའ་བ་བསྐྱེད་པ་དང་། ཏང་གི་སྨྱན་བྱད་ཀྱི་ཐོག་མའི་འདུན་པ་བརྟན་སྲུང་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་ཁ་གསར་བ་འབད་པས་བགྲོད་ཆེད་དུ། ཟླ6པའི་ཚེས29ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས“སྙིང་སྟོབས་ཆེན་པོས་ལས་འགན་དང་དུ་ལེན། དཀའ་བ་ཁྱད་དུ་བསད་དེ་འཕེལ་རྒྱས་བརྩོན”ཞེས་པ་བརྗོད་གཞི་བྱས་པའི“བདུན་གཅིག”བསུ་བའི་རིག་རྩལ་འཁྲབ་སྟོན་སྤེལ། ཡུལ་དངོས་སུ་འཁྲབ་སྟོན་པ་རྣམས་ཀྱིས་དམར་པོའི་གསུང་རབ་གླུ་རུ་བླངས་ཤིང་གསར་འགྱུར་གཏམ་རྒྱུད་གར་དུ་འཁྲབ། དུས་རབས་ཀྱི་འགྱུར་ཁུག་བྲོ་ཡིས་སྒུལ། སེམས་དང་བརྩེ་བས་ཀྲུང་གོའི་གུང་ཁྲན་ཏང་དང་དུས་རབས་གསར་བར་བསྟོད་གླུ་བླངས།
ཉིན་དེར་ད་དུང་ཡུལ་དངོས་སུ་ཡོད་པའི་ཏང་ཡོན་ཡོངས་ཀྱིས་ཏང་ལ་ཞུགས་པའི་དམ་ཚིག་བསྐྱར་སྦྱོང་བྱེད་པ་དང་།“ཏང་ནང་གཟི་བརྗིད་ངང་ལོ་ལྔ་བཅུར་བསྡད་པ”ཞེས་པའི་རྗེས་དྲན་རྟགས་མ་སྤྲོད་པ།2022ལོའི་ཏང་ཀྲིི་པུའུ་སྔོན་ཐོན་ཅན་དང་། ཏང་གི་ལས་དོན་སྒྲུབ་མཁན་ཕུལ་བྱུང་ཅན། གུང་ཁྲན་ཏང་ཡོན་ཕུལ་བྱུང་ཅན་བཅས་ལ་གཟེངས་བསྟོད་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ། །