མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ལྕགས་བྱམས་རྒྱལ།

ཁ་བ་འབབ་པའི་སྔ་གཞུག

ལྕགས་བྱམས་རྒྱལ།    2014-11-24 13:51

བྱ་བ་ཙག་ཙིག་གི་གནོན་ཤུགས་འོག་ནས།།
ཁ་སང་ལུས་པོ་ལ་ཉོབ་མདངས་སྐྱེས་ཡོང་།
རྩམ་པ་སྣུམ་པོ་ཞིག་དགོང་ཟས་བྱས་ནས།།
འོ་ཇ་མངར་མོ་ཞིག་སྤོ་ཡ་བྱས་ནས།།
རོལ་དབྱངས་འཇམ་པོ་ཞིག་སེམས་ལ་བཏེགས་ནས།།
ཆུ་ཚོད་དགུ་བ་ཡི་སྔོན་ལ་གཉིད་ཟིན།།

ཐོ་རེངས་བྱ་ཕོ་ཡི་ཚབ་དུ་གྱུར་བའི།།
ཁ་པར་ཅུང་བརྡ་ཡི་གཉིད་ལས་བསླངས་དུས།།
རྡོ་ཡི་རྐང་ལམ་དང་འགྲམ་གྱི་རྒྱ་ལྕང་།།
རྒྱང་གི་རི་བོ་དང་གཤམ་གྱི་ཆུ་བོ།།
གམ་གྱི་ཁང་ཁྱིམ་དང་མདུན་གྱི་བསང་ཁྲི།།
ཁ་བས་མཛེས་སྡུག་གི་ཁུད་དུ་གཅུད་འདུག།

སང་ཉིན་མུ་འཐུད་དུ་ཁ་བ་བབས་ན།།
ཁོ་བོ་རང་ཉིད་ལ་འདང་རྒྱག་མེད་ཀྱང་།།
རི་ལུང་ཐང་གསུམ་ན་ནོར་ལུག་འཚོ་བའི།།
ཕྱུགས་སྐྱོང་ཡུལ་མི་ཚོ་སེམས་ལ་དྲན་ནས།།
ཁ་བའི་གོད་ཆགས་ལ་བསམ་གཞིག་བཏང་ན།།
སྙིང་ཁམས་བདེ་བདེ་ཞིག་ཡོང་བར་དཀའ་འོ།།

༢༠༡༤/༡༡/༢༥ཉིན།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག