མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- བིས་མདོ་ཆོས་སྐྱོང་།

མན་དྷི་ལ།

རྩོམ་པ་པོ། བིས་མདོ་བ་ཆོས་སྐྱོང་།    2014-02-19 09:54

གང་ལ་བཞུད་སོང་།
གང་ལ་ཕེབས་སོང་།
མན་དྷི་ལ།མི་ཡུལ་གྱི་ལྷ་བུ།
འདྲ་མཉམ་གྱི་གཤོག་པ་ཐོགས་ནས།
རང་དབང་གི་ནམ་འཕང་བཅད་ཡོད།
མནར་གཅོད་དེ་གང་གི་ཆེད།
བཟོད་བསྲན་ནི་སུ་ཡི་ཕྱིར།
དྲན་ཡོད།དྲན་ཡོད།
ཁ་བ་རི་བོའི་འདབས་ནས།
དྲན་པ་སྤྲིན་ལ་བསྐུར་ཡོད།

གང་ལ་བཞུད་སོང་།
གང་ལ་ཕེབས་སོང་།
མན་དྷི་ལ།མི་ཡུལ་གྱི་ཤེའུ་ཆུང་།
བདེན་དོན་གྱི་མཆོངས་ལྡིང་བྱེད་ནས།
རྟོགས་སད་ཀྱི་རི་ལུང་མྱུལ་ཡོད།
མནར་གཅོད་དེ་གང་གི་ཆེད།
བཟོད་བསྲན་ནི་སུ་ཡི་ཕྱིར།
དྲན་ཡོད།དྲན་ཡོད།
སྙིང་ཆུང་དམར་བོའི་མདངས་ནས།
ཡི་རང་བློ་ལ་བསྐྱིལ་ཡོད།

༢༠༡༣ ༡༢ ༦

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག