མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- བིས་མདོ་ཆོས་སྐྱོང་།

ངས་སུ་ཞིག་དྲན་སྲིད།

རྩོམ་པ་པོ། བིས་མདོ་བ་ཆོས་སྐྱོང་།    2014-02-18 10:22

དེ་རིང་ནས་བཟུང
ངས་སུ་ཞིག་དྲན་སྲིད
དེ་ནི་གདེམ་ཀ་ཞིག་ཡིན་སྲིད
དྲན་པ་ནི་ཁ་ཁོག་གང་ཞིག
ཁ་གྲག་མི་ཐུབ་པ་དག
ཁ་མལ་གཅིག་ནས་འཇོག་རོགས་ཞུ

ངས་སུ་ཞིག་དྲན་སྲིད
ཕ་མ་དང་འདྲ་བའི་མྱི་སུ་ཞིག
ངའི་བྲག་ཐེམ་ལ་འབབ་སྲིད
ལོ་མ་ལྗང་ཁུ་ཞིག་དང་འདྲ་བའི་སེམས་པ་དག
དཔྱིད་གསུམ་གྱི་པང་ནས་བཞད་འོས
དེ་ནི་མཛེས་སྡུག་གི་ངོ་གདོང་གཞན་ཞིག
ཆུ་ལ་ཆུ་བཞག་གི་ཚུལ་དུའོ

དེ་རིང་ནས་བཟུང
ངས་སུ་ཞིག་དྲན་སྲིད
དེ་ནི་གདེམ་ཀ་ཞིག་ཡིན་སྲིད
ངས་སེམས་དཔང་བོར་བཞག་ནས་དྲན་སྲིད
དྲན་པ་དེ་ཁྱོད་ཡིན་ཡང་སྲིད
གློ་བ་ཉེ་བའི་ཀློག་པ་པོ་ལགས

༢༠༡༤ ༡ ༤

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག