མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ལྕགས་བྱམས་རྒྱལ།

ལམ་ལ་ཆས་ཚུལ

རྩོམ་པ་པོ། ལྕགས་བྱམས་རྒྱལ།ཟི་ལིང་།    2014-02-17 11:12

གངས་རི་རྒས་ཤིང་རི་བོ་ཉིལ་བའི་དུས་སྐབས་ཅིག་ལ
མཚོ་མོ་བསྐྱོམས་ཤིང་ས་གཞི་ཉམས་པའི་བར་སྐབས་ཤིག་ལ
ཐབས་ལ་མཁས་ཤིང་རིག་པ་འཛོམས་པའི་མི་ཁྱིམ་ཕལ་བ་ཞིག་གིས
ཡར་ཀླུང་ཁོག་ནས་ཐོག་མར་ཐབ་རྡོ་བསླང་ཤིང་འཚེར་ཇ་བསྐོལ

ལྷ་བསང་བཏང་ཞིང་སྨོན་ལམ་བརྒྱབ
ཁོ་ཚོས་མུན་པ་མ་འཐིབས་པའི་སྔ་རོལ་དུ
གདོན་མའི་ལྷན་འཛོམས་ཀྱི་རྟེན་འབྲེལ་ཐོག་མ་བསྒྲིགས
ཡར་ཀླུང་ནས་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་པའི་མི་ཁྱིམ་ཕལ་བ་དེ
ལྷ་ས་ནས་ལམ་ལ་ཆས་ཤིང་རྒྱང་ལ་བསྙེགས་པའི་མི་ཁྱིམ་ཕལ་བ་དེ
མངའ་རིས་ནས་མུ་འཐུད་དུ་ལམ་ལ་ཆས་མ་ཐུབ
འོད་སྲུང་དང་ཡུམ་བརྟན་ཞེས་པའི་བགྲེས་སོང་གཉིས་ཀྱིས
ལོ་རྒྱུས་ཀྱི་ཆུ་རྒྱུན་རྙོག་པ་ནས་བཟུང
འཁྱག་རླུང་གི་ཧྲག་བར་ན་འོད་སྣང་ལ་རེ་བའི་སེམས་ཅན་མང་པོ་ཞིག
ག་ལེར་གཉིད་དུ་བཅུག

སོང་མི་ཚར་བའི་ལོ་རྒྱུས་ཀྱི་རྐང་ལམ་ཀྱག་ཀྱོག
གླེང་མི་ཚར་བའི་འདས་སོང་བའི་གཏམ་རྒྱུད་མང་པོ
གླེགས་བམ་ཁྲི་སྟོང་གི་སྒལ་གཞུང་ན
གཉིད་དུ་ཡུར་བའི་མི་རབས་ཞིག་གམ
ཁུ་སིམ་མེར་གནས་བའི་རི་སྡེ་ཐར་ཐོར་འདིས
ལྷིང་འཇགས་དཀྲོགས་ཆེད
བཙན་པོའི་གསེར་ཏོག་མ་ལྷུང་བའི་གནའ་བོའི་ཕོ་བྲང་ཅིག་ལ་སེམས་པ་ཀླན་ཞིང
སྙིང་གི་འཕར་ལྡིང་མ་འཇགས་པའི་གདོན་མའི་ཅོང་རྙིང་ཅིག་ལ་མགོ་བོ་བརྙེས་ནས
མི་སེམས་ག་ཚོད་ཅིག་སྡུག་ལ་གཏད་སོང

༢༠༡༣ . ༡༢ . ༡ ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག