ཁ་ཟས་མ་སྤྱད་ཆོག་ན།
བྱ་ཡིས་ལྡིང་སྐོར་མི་རྒྱག།
འབུ་སྲིན་གྱེན་ལ་མི་མཆོངས།
གཅན་གཟན་གཏུམ་པོ་རྣམས་ཀྱིས།
འདོད་དོན་གང་ཡང་བསྒྲུབ་ཆོག།
ཁ་ཟས་མ་སྤྱད་ཆོག་ན།
ངས་ཀྱང་བཀྲེས་པའི་དུས་སུ།
གཞན་ལ་སྐྱབས་འཇུག་མི་ཞུ།།
གྲོད་ཁོག་འགྲང་བ་ཙམ་གྱིས།
ཀུན་ལ་གཤེ་གཤེ་མི་གཏོང་།
ལྟོགས་མིན་རྒྱགས་མིན་སྐབས་ལ།
རང་མགོ་རང་གིས་མི་གཡོག།
༢༠༠༨ལོའི་ཟླ༡༢པའི་ཚེས༢༦ཉིན་ཟི་ལིང་དུ།