མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- མཛེས་སེ།

སྐྱེ་འཆི།

རྩོམ་པ་པོ། མཛེས་སེ།    2013-05-27 09:34

    འཇིག་རྟེན་དཀར་ངོགས་བསྐྱུར་ཏེ།

    སོ་སོའི་གནས་སུ་སྙེག་སྐབས།

    ང་ཚོ་ལམ་དུ་ཆས་པ།

    ཤུལ་འདུག་དག་གིས་ཐོས་སྲིད།

    

    བརྒྱུད་པའི་འཕྲང་ལམ་གཅིག་ཀྱང་།

    ལས་ཀྱི་བསྐོས་ཐང་མི་འདྲ།

    ང་ཚོ་ཕྱིར་ལོག་འོང་དུས།

    ད་དུང་སུ་ཡིས་ངོ་ཆོད།

    

    གམ་ནས་སོང་བའི་མི་དེ།

    ཚེ་སྔོན་རང་གི་ཕ་མ།

    ད་ལྟ་སྡང་བའི་དགྲ་འདི།

    སྐྱེ་བ་ཕྱི་མའི་སྤུན་མཆེད།

    ༢༠༠༨ལོའི་ཟླ༡༠པའི་ཚེས༡༠ཉིན་ཟི་ལིང་དུ།

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག