མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- མཛེས་སེ།

བདག་ནི་སྤྲུལ་སྐུ་ཞིག་ཡིན་ཚེ།

རྩོམ་པ་པོ། མཛེས་སེ།    2013-05-24 09:05

    བདག་ནི་སྤྲུལ་སྐུ་ཞིག་ཡིན་ཚེ།།

    མལ་དུ་གཟིམ་ཁར་འདི་ལྟར་སེམས།

    ཁྱེད་ཀྱི་དྲིན་དེ་ཇི་ལྟར་གཞལ།

    བདག་གི་སྐྱེ་ཕྲེང་ཐོག་མ་མཆོག།

    ཉིད་ཀྱིས་འགྲོ་དོན་ཆོས་བཞིན་བསྐྱངས།

    མཚན་སྙན་མི་དགོས་ང་ཚོར་བསྐྱུར།

    གང་གི་འོད་ཟེར་ལ་བརྟེན་ནས།།

    ངེད་རྣམས་མཐོན་པོའི་ཆོས་ཁྲིར་འགྱིང་།

    ཡོན་ཏན་དབུལ་ཡང་ཅི་འདོད་བསྒྲུབས།

    སྐྱེ་རབས་གཅིག་ལས་གཅིག་སྡུག་ཀྱང་།

    མི་འདོད་ཚིག་གཅིག་བརྗོད་མཁན་མེད།

    

    བདག་ནི་སྤྲུལ་སྐུ་ཞིག་ཡིན་ཚེ།།

    ནངས་པར་ལྡང་དུས་འདི་ལྟར་སེམས།

    ཁྱེད་ལ་འཁང་ར་ཇི་ལྟར་བྱ།

    བདག་གི་སྐྱེ་ཕྲེང་ཐོག་མ་ཀྱེ།

    དང་པོ་མི་རྗེ་ཚོ་དཔོན་རྣམས།

    གུས་ཕྱག་འཚལ་ཞིང་མངའ་རིས་ཕུལ།

    ཞབས་ཏོག་བསྒྲུབས་ནས་སྲིད་དབང་སྤྲད།

    གལ་ཏེ་ཞལ་གྱིས་བཞེས་ཡོད་ན།

    ངའང་ཕལ་བའི་སྤྲུལ་སྐུ་མིན།

    ས་སྐྱོང་ཆོས་རྗེ་དབང་ཐང་དར།

    ནོར་དང་བུད་མེད་ཅི་ཡང་འཛོམས།

    ༢༠༠༨ལོའི་ཟླ༣པའི་ཚེས༤ཉིནཔེ་ཅིང་དུ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག