མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- མཛེས་སེ།

ཕྱིར་བལྟས་སློག་གིན།

རྩོམ་པ་པོ། མཛེས་སེ།    2013-05-20 10:10

    ཁྱོད་ཀྱི་ཁྲ་ཆུང་མིག་ཟུང་།

    ཐག་རིང་རྒྱང་ནས་ཐོན་ཡོང་།

    ནུབ་རླུང་ཤར་ལ་བཞུར་བས།

    ཐག་རིང་རྒྱང་ལ་ལོག་སོང་།

 

    ཕྱི་མིག་ཐེངས་གཅིག་འཕངས་པས།

    སེམས་ལ་ན་བུན་འཐིབས་སོང་།

    ཕྱི་མིག་ཐེངས་གཉིས་འཕངས་པས།

    སེམས་སུ་ཆར་བ་བབས་སོང་།

    ཕྱི་མིག་ཐེངས་གསུམ་འཕངས་པས།  

   སེམས་པ་འདམ་གྱིས་བཟུང་སོང་།  

   ༢༠༠༧ལོའི་ཟླ༤པའི་ཚེས༦ཉིན་ཆབ་ཆ་རུ།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག