མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- མཛེས་སེ།

ཚེ་འདིར་ཕན་ཚུན།

རྩོམ་པ་པོ། མཛེས་སེ།    2013-05-20 10:09

    ཁྱེད་ཀྱི་མཚན་ཙམ་ཐོས་པས།

    ཉི་ཞུར་འགྲོ་མཚམས་བཞག་སོང་།

    ཁྱེད་ཀྱི་ཞལ་རས་མ་མཐོང་།

    སྒེའུ་ཁུང་སྐྱ་བོར་གྱུར་པ།

    

    དང་པོ་འདྲིས་པར་མི་བྱེད།

    མིག་དག་སྔར་ནས་འདྲེས་ཀྱང་།

    གཉིས་པ་སྨྲ་བར་མི་བྱེད།

    ངོ་གདོང་སྔར་ནས་འཛུམ་ཡང་།

    གསུམ་པ་འགྲོགས་པར་མི་བྱེད།

    སེམས་གཉིས་སྔར་ནས་འཐམ་རུང་།

    ༢༠༠༤ལོའི་ཟླ༡༡པར་ཆབ་ཆ་རུ།

    

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག