མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

སེམས་པ་འདི་ཡང་ཡང་གཙགས་ཀྱིན་འདུག

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-13 09:34

           

ཉི་འོད་ནི་སྤྲིན་པའི་ཕ་རོལ་ན་ལུས་པས

ལོ་ཟླ་ནག་པོ་འདི་དག་ནི

ང་ཚོ་ཐལ་བར་བརླག་བྱེད་ཀྱི་ལྕགས་ཀྱི་མེ་གཞོང་ཞིག

 

མཐོ་ལྡིང་གི་བྱ་རྒོད་ཁྱུ་ཚོགས་ཀྱིས

ཚེ་སྲོག་གྲངས་མེད་ཀྱི་ངུ་སྒྲ་ཁུར་ནས་

ཤ་རུས་ཀྱི་བར་གསེང་ན་རྐང་མར་དག་བཞིབས་རྗེས

སྐྱི་གཡའ་བའི་དུར་ཁྲོད་ན

སུ་ཞིག་གི་གདུག་རྩུབ་མཐོང་ཡོང་

 

ཉི་འོད་མེད་ས་ན་ཟླ་བ་ད་དུང་ཤར་མེད་ཅིང་

ནམ་ཟླ་ནི་དེ་བས་གྲང་ངར་ཆེ

དུས་ཚིགས་འདི་ལ་འཁེན་པའི་རྣམ་ཤེས་མང་བོས

དཔའ་བོ་ཡི་ཀི་སྒྲ་སྒྲོག་གིན

སུ་ཚང་གི་བདེན་དཔང་དུ

ཤ་ཟད་རུས་ལ་བཀར་གྱིན་ཡོད་ཨང་

 

ཁ་བ་ནི་ད་དུང་འབབ་ཀྱིན་འདུག

ཁྱོད་ཀྱི་ཤུལ་དུ་ལུས་པ་ནི

ཁ་བ་ལས་དཀར་བའི་ལྷག་བསམ་ཞིག

ངས་གཟབ་གཟབ་ཀྱིས་རུམ་ལ་བཅུག་ནས་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག