མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

རེ་སྒུག་གི་ཟླ་བ་དཀར་པོ།

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-13 09:33

       ས་སྲོས་ཀྱི་ཆ་འདིར།ང་རང་དྲན་གདུང་ཞིག་གིས་སྤོ་དཀའ་བའི་གོམ་པའི་འདེགས་འཇོག་ཁུ་སིམ་པའི་ཕྱི་རོལ་དུ་བསྒྱུར།ཁེར་རྐྱང་ངང་ངས་སེམས་སྐྱོ་བའི་ཆིག་ལབ་རྒྱག་ཞོར་རེ་བས་ཁེངས་པའི་སེམས་སྒྱུ་ཕྲ་མོ་ཞིག་ཁ་གཏད་ཀྱི་ཤར་རའི་ངོས་ལ་བསྐྱུར།

    ཟླ་བ་དཀར་པོ།  ཁྱེད་གནས་འདིར་ཕེབས་དང་།ཁོ་མོས་ཁྱེད་ལ་བྱིས་དུས་ཀྱི་སྒྲུང་གཏམ་མངར་མོ་དང་མ་འོངས་པའི་འདོད་འདུན་འཁྲུག་པོས་ཁྱེད་ལ་བརྗོད་མི་ཤེས་པའི་མྱོང་བ་ཞིག་སྟེར་རྒྱུ་ཡིན།  

    ཟླ་བ་དཀར་པོ། ཁྱེད་གནས་འདིར་ཕེབས་དང་མཐའ་ཡས་པའི་ནམ་མཁའ་ཁྱེད་ལ་དབང་ལ་རྒྱ་ཆེ་བའི་ས་གཞི་ཡང་ཁྱེད་ལ་དབང་། མདོར་ན། འཇིག་རྟེན་འདིའི་ཡོད་ཚད་ཁྱེད་ལ་དབང་བས་ཁྱེད་འདི་ཕྱོགས་ལ་སྤྲོ་བས་ཕེབས་དང་།ཁྱེད་ཀྱིས་ཤེས་སམ་ཁྱེད་མེད་པའི་འཇིག་རྟེན་འདི་ཇི་ལྟ་བུའི་ནག་མོག་ཅིག    ཁྱེད་མེད་པའི་མཚན་མོ་འདི་དེ་འདྲའི་ཡ་ང་བ་ཞིག ཁེར་རྐྱང་གི་ཁོ་མོ་དེ་བས་ཀྱང་གདུང་སྣང་ཞིག     

    ཟླ་བ་དཀར་པོ། སྐྱོ་གདུང་གི་གླུ་ཆུང་ཕྲོ་མོ་ཁྱེད་ཀྱི་ཕྱོགས་ལ་གྱེར་ཡོད་ལ། དྲན་གདུང་གི་མིག་ཆུའི་མཆོད་པ་ཁྱེད་ཀྱི་ཕྱོགས་ལ་ཕུལ་ཡོད་པས། རེ་སྒུག་གི་ཟླ་བ་དཀར་པོ། ཁྱེད་གནས་འདིར་ཕེབས་དང་།  

    

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག