མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

ཁ་དོག་ལེགས་པའི་མེ་ཏོག

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-13 09:28

སེམས་ཁམས་ཀྱི་སྟོན་ལྗོངས་གཞི་ནས་ཁ་རོག་གེར་ཤར་ཡོང་དུས

ངའི་ཡིད་འོང་གི་མེ་ཏོག་རྐང་གཅིག

དབྱར་དུས་ཀྱི་སད་སེར་དང་

ཆར་རླུང་གི་གདུག་རྩུབ་ལས

དེ་ལྟར་གཡོལ་སོང་མོད

མེ་ཏོག་རྐང་གཅིག

ཁ་དོག་ཤིན་ཏུ་ལེགས་པའི་མེ་ཏོག་རྐང་གཅིག

གཞི་ནས་ཚེ་སྲོག་གི་མཛེས་པ་དག་

ཕྱིར་སྤྲོད་བྱ་དགོས་བྱུང་སོང་བས

ཁ་སང་ནས་ད་ནང་བར་འདབ་་མ་རེ་རེ་བཞིན

ན་ཟུག་དང་འཁུན་སྒྲ་མེད་པར་ས་རུ་ལྷུང་འོང་

 

དཔྱིད་དུས་ཀྱི་དྲི་ཞིམ་དང་

དབྱར་དུས་ཀྱི་ཁ་དོག

དེ་རིང་ནས་ལོངས་སུ་སྤྱོད་དབང་མེད་པས

ད་ནི་སྟོན་དུས་འདིའི་སེམས་སྐྱོ་དག་རུམ་ནས

དགུན་དུས་ཀྱི་རྨི་ལམ་ཅི་ཞིག་ལ་སྒུག་དགོས་ཨང་

མ་གཞི་དགུན་དུས་ལ་ཁ་དོག་མེད་རུང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག