མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

པོ་ཏྰ་ལ་ རྒྱང་མཇལ་གྱི་ཕྱི་མིག་དམར་པོ།

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-10 10:20

མིག་ཟུང་གིས་ཟིན་པར་མ་ཐུབ་པའི།

ངའི་རྒྱང་རིང་གི་པོ་ཏྰ་ལ།

ཐུབ་པ་ཡི་གདན་རབས་ཇི་ཙམ་བརྒྱུད་མྱོང་ཞིང་།

སྟོན་པ་ཡི་འཁྲུངས་རབ་དེ་ཙམ་བཀླགས་མྱོང་ནའང་།

ཁྱོད་ཉིད་ མེས་པོ་ཚོའི་ཤ་ཁྲག་གི་ངོ་བོར་མ་འགྲུབ་ལ།

ཁྱོད་ཉིད་ མི་རབས་འདིའི་མིག་ཆུ་ཡི་གདན་དཔང་དུ་མ་མཁོ།

ཆུང་དུས་ནས་ ངས་ཁྱོད་ཉིད་སྣུམ་ཚོན་གྱི་རི་མོ་ཞིག་ཏུ་བསམ་ཞིང་།

ད་ལྟའང་ ངས་ཁྱོད་ཉིད་མཛེས་མཚར་གྱི་བཟོ་བཀོད་ཁོ་ནར་སྙམ།

ཤེལ་མིག་གི་གོང་ཁའི་འོག་ནས།

ངས་ཁྱོད་ཉིད་དག་གཙང་གིས་ཐེངས་རེ་ཀློག་དུས།

ད་གཟོད་ ལོ་རྒྱུས་ཤིག་ཉི་ནུབ་དང་ས་སྲོད་བར་ན།

དེ་ལྟར་རྒས་སོང་བའི་གསང་བ་རྟོགས་སོང་།

དེ་ལྟར་གུད་སོང་བའི་རྗེས་ཤུལ་མཐོང་སོང་།

ཡང་ན་ ངས་རང་ཉིད་དང་འབྲེལ་བ་གཏན་ནས་མེད་པའི་

སེམས་ཁྲལ་མང་པོ་ཞིག་ཁུར་ནས།

ཁྱོད་དང་ཉེ་ནས་ཉེ་སར་བཅར་ཞིང་།

སླར་ཡང་།

ཉེ་ས་ནས་རྒྱང་དུ་ཕྱོགས་བཞིན་ཡོད།

༢༠༡༠.༡༢.༥ཉིན་ལྷ་ས་ནས

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག