མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

མཚོ་སྔོན་པོ་ཟིན་བྲིས་ལ་རེ་ཞུ།

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-10 10:10

     མཚོ་སྔོན་པོ་ཟིན་བྲིས་ལ་ཞུ་རྒྱུར་ང་ཚོས་རྩོམ་ཡིག་འབྲི་བ་ནི་

     རྩོམ་ཡིག་ལྕགས་སྒམ་ནང་དུ་སྒོ་བསྡམས་ནས་གཞག་རྒྱུའི་དམིགས་

     ཡུལ་དེ་མིན་པར་རྩོམ་ཡིག་དག་ཀློག་པ་པོའི་སྤྱན་ལམ་དུ་

     ཕུལ་ཏེ་དགོངས་འཆར་བརྗེ་རེས་དང་རྩ་ཆེའི་བཀའ་སློབ་རེ་

     འཐོབ་འདོད་ཡིན་པས་ཁྱེད་རྣམ་པས་ངའི་རྩོམ་ཡིག་

     གློད་དཀྲོལ་གཏོང་རོགས་གནང་ཞེས་ཞུ་རྒྱུ་དང་ཡང་ཟིན་བྲིས་པ་

     ལ་ལར་ཁྱེད་ཚོས་ཞིབ་བཤེར་ཟིན་པ་སླར་བཟོ་བཅོས་ཀྱིས་ཞིབ་བཤེར་

     ཁྲོད་ཤོར་ན་ཞིབ་བཤེར་བྱེད་རྩིས་མེད་ཅེས་གསུངས་འདུག

     འོ་ན་ཁྱེད་རྣམ་པས་མི་རིགས་སྐད་ཡིག་གི་དོན་དུ་མནོ་

    བསམ་ཅང་མ་བཞེས་པར་དེ་འདྲ་བྱས་ན་ཨེ་འགྲིག་སྙམ།  

    རྒྱུ་མཚན་ནི་ཟིན་བྲིས་སྤེལ་མཁན་སུ་ཡིན་ཡང་རྩོམ་ཡིག་སྤེལ་དུས་

    ཡིག་ནོར་ལ་སོགས་འབྱུང་སྲིད་པ་དག་མ་བཅོས་པར་རང་བཞག་

    བྱས་ན་དེ་ནི་མི་རིགས་སྐད་ཡིག་ལ་འགན་མ་ཁུར་བ་རེད།

    འོན་ཀྱང་བཅོས་ཟིན་རྗེས་སླར་བལྟ་རུ་མི་འཇུག་ན་

    ཟིན་བྲིས་སྤེལ་བའི་དགོས་པའང་མེད་སྙམ།

    དེ་དོན་མཚོ་སྔོན་ཟིན་བྲིས་དོ་དམ་མཁན་དག་ནས་ཐུགས་རྗེའི་

    དཀའ་དྲིན་མི་ཆུང་བའི་དགོངས་འཇགས་འཚལ།

     ༢༠༡༠ཟླ་༡༡ཚེས་༢༠ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག