མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

བསམ་བསམ་ན་ཡོད་ཚད་མིག་ཆུ་རེད །

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-10 10:10

དེ་རིང་ནམ་མཁའ་ཅི་འདྲའི་གཙང་ཞིང་།

ཉི་འོད་ཅི་འདྲའི་འཇམ།

ཚོར་བ་དང་ནན་གྱིས་འབྲེལ་བའི་སྙན་ངག་དག

དེ་རིང་གི་དེ་རིང་།

ང་གཅིག་པུའི་དགའ་རོགས་ཡིན་ནམ།

ང་གཅིག་པུའི་སྐྱོ་རོགས་ཡིན།

 

བརྩེ་བ་ཡི་རྒྱབ་ཕྱོགས་ན་ཡོད་པའི་ཁྱོད།

གཏམ་བརྒྱུད་ཀྱི་སྣེ་མོ་ཞིག་ལ་ཤེད་ཀྱིས་ཐམས་ཏེ།

གང་དུ་བོར་སོང་།

 

དུས་དུས་སུ་ཁྱོད་ཉིད་དུ་བ་དང་ཆང་རག་ལ་ཆགས་ཨེ་ཡོད།

སྐབས་སྐབས་སུ་ཁྱོད་ཉིད་བུད་མེད་དང་སྙན་ངག་ལ་རོལ་ཨེ་ཡོད།  

 

ཚོར་བ་ཡི་སྣེ་མོ་རུ་བཏགས་པའི་ཁྱོད།

རེ་འགར་ངས་ཞེ་ནས་འཁོན་ན་བསམ།

ལན་འགར་ངས་རྨང་ནས་བརྗེད་ན་སྙམ།

བསམ་བསམ་ན་ཡོད་ཚད་མིག་ཆུ་རེད།

༢༠༡༠. ༡༡. ༢༠ཉིན་ལྷ་ས་ནས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག