སེམས་པ་དེ་རྨས་སོང་བའི་ཉིན་དེ་ནས
བརྩེ་བ་དེ་གས་སོང་བའི་ཉིན་དེ་ནས
ཉིན་དེ་ནས
ངས་ས་ཆེན་གྱི་སྨྲེང་གླུ་མཐོ་རུ་གྱེར་ཞིང་
ངས་མི་ཡུལ་གྱི་སྐྱོ་ངལ་དབྱངས་སུ་འཐེན
རྩྭ་ཐང་དང་ཁད་ཀྱིས་རྒྱང་བའི་བར་ཐག་འདི
བར་ཐག་འདི
ངས་མེ་ཏོག་གི་མཛེས་པ་སྒོམ་པའི
ན་ཟུག་གི་མནར་བཅོས་ཅིས་མ་ཡིན
ཚེ་སྲོག
ངས་ཡང་བསྐྱར་ཁྱོད་ཉིད་ལག་པས་བསྙོར་ན
ངས་ཡང་བསྐྱར་ཁྱོད་ཉིད་སེམས་པས་བསྐྱངས་ན
དེ་རིང་གི་ང་
མེ་ཏོག་བཞུད་ཤུལ་ན
དུས་ཚོད་ཀྱིས་བསྐྱུར་ཨེ་སྲིད
དེ་རིང་གི་ང་
ཁ་བ་བབས་ཤུལ་ན
ནམ་ཟླ་ཡིས་བསྐྱུར་ཨེ་སྲིད
ཚེ་སྲོག་ཡྭ
སེམས་པ་འདི་ཁྱོད་དང་ཉེ་བར་བཅར་ཞིང་
བརྩེ་བ་འདི་ཁྱོད་དང་ལྷན་དུ་འགྲོགས་ན
དེ་རིང་གི་ང་
ཡང་ན་ཁྱོད་ཀྱི་ཕྱི་མིག་དེ་ཡིན་སྲིད་དམ