མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

ངོ་གདོང་དེ།

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-09 15:11

ཆར་བ་ཞིག་ཤག་ཤག་ཏུ་འབབ་པའི་དོ་ནུབ

འཚོ་བ་དང་བརྩེ་དུང་གང་ཡང་མེད་པའི་དོ་ནུབ

ངས་སྙིང་ཆུང་དེ་བྲག་ལ་རྡེབ་ཀྱིན

བ་སྤུ་དེ་མེ་རུ་བསྲེགས་ཏེ

ལཱ་སྒྲོན་གྱི་འོག་ན

ལྷན་སྐྱེས་ཀྱི་ངོ་གདོང་ཞིག་བཙལ

སྙིང་ཁའི་འཕར་ལྡིང་ལ

ལག་ཆུང་གིས་དལ་བུར་རེག་དུས

ད་གཟོད

རང་ཉིད་འཚོ་བཞིན་པ་རྟོགས་ཀྱང་

ཨ་རིའི་གྲོང་ཁྱེར་ཞིག་ན

མིག་ཟུང་ཁྲི་འབུམ་ན་འཚོ་བའི

ཁོ་བོའི་ངོ་གདོང་

ངས་ཇི་ལྟར་བཙལ་ཡང་རྙེད་མ་ཐུབ

༢༠༠༩ ༨ ༢༤དགོང་མོ་ཉལ་ཁང་དུ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག