མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

རང་གིས་རང་སྐྱོབས་དགོས།

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-09 15:10

    དེང་སྐབས་ངའི་སྤུན་ཟླ་ཚོས་ཚ་ཚ་འུར་འུར་གྱིས་མི་རིགས་འདི་སྐྱོབ་པར་བྲེལ་གྱིན་འདུག དེ་ནི་ངོ་མ་དགའ་བ་སྐྱེ་འོས་པ་ཞིག་རང་རེད། འོན་ཀྱང་སྨྱུ་གུ་ཐོགས་ཚད་ཀྱིས་རྩོམ་ཡིག་གི་ལམ་ནས་སྐུལ་སློང་གི་ཚུལ་དུ་ང་ཚོའི་མི་རིགས་འདིའི་བྱ་བྱེད་སྐྱུག་བྲོ་བ་འགའ་གསལ་སྟོན་གྱིས་འདི་འདྲ་མ་བྱེདའདི་འདྲ་བྱོས་ལ་སོགས་ཟེར་གྱིན་འདུག་འདི་ཡང་མ་གཞི་གཏམ་བཟང་ཞིག་ཡིན་རྒྱུ་རེད།

    ཁོ་མོའི་ངོས་ནས་བརྗོད་ན་དེ་འདྲའི་བྱ་ཐབས་ཀྱིས་ང་ཚོའི་མི་རིགས་འདི་སྐྱོབ་པ་ཧ་ཅང་དཀའ་སྙམ། རྒྱུ་མཚན་ནི། གཅིག།རྩོམ་པ་པོའམ་མི་རིགས་ཀྱི་ལ་རྒྱ་ཡོད་པ་མང་པོ་ཞིག་གིས་མི་རིགས་འདིའི་སྐྱོན་ནམ་མ་ལེགས་ཆ་རྣམས་མཐོང་ཐུབ་ཅིང་བརྗོད་ཐུབ་པ་ལས་ཡང་སྙིང་སྐྱོན་ཆ་དེ་དག་གི་རྒྱུ་ལ་མནོ་བསམ་མི་གཏོང་བར་སྣང༌། གཉིས། དེང་དུས་སྨྱུ་གུ་ཐོགས་པ་ཙམ་གྱིས་ཁྱོད་བོད་ལཱ་མི་གྱོན་གི་ ཁྱོད་བོད་སྐད་མི་སྨྲ་གི་ ཁྱོད་བོད་ཟས་མི་ཟ་གི་ཟེར་ནས་ངམ་ངམ་ཤོར་ཤོར་བྱེད་ཀྱིན་འདུག དོན་དངོས་ཐོག་དེ་འདྲ་ཟེར་མཁན་ཁོ་རང་ཚོས་བོད་ལཱ་གྱོན་ཞིང་བོད་སྐད་སྨྲ་བ་བོད་ཟས་ཟ་བ་ཨེ་རེད་ཟེར་ན། ལན་དུ་ དེ་ནི་ཧ་ཅང་དཀོན་ཟེར་རྒྱུ་ལས་མི་འདུག་པས་དེ་རིགས་ནི་འུར་བརྗོད་ཁོ་ནའི་རྗེས་སུ་དྲངས་བ་ལས་ད་ལྟའི་བོད་མའི་ལས་དབང་ལ་རྣོ་བསམ་མི་གཏོང་བར་སྣང༌། གསུམ། ང་ཚོའི་མི་རིགས་འདི་མ་གཞི་ནས་གུད་པ་ནས་གུད་དུ་འགྲོ་བ་དང་གཞན་དབང་ནས་གཞན་དབང་དུ་ཚུད་པ་མཐོང་བཞིན་དུ་ད་རུང་ནང་ཁུལ་མ་འཆམ་པར་འདུག་གིན་འདུག དཔེར་ན་ ཕོ་མཆོག་མོ་དམན་གྱི་སྣང་ཚུལ་རིགས་ད་དུང་ཟམ་མི་ཆད་པ་ འཇིག་རྟེན་པས་རབ་བྱུང་བ་ལ་དམའ་འབེབས་པ་རབ་བྱུང་བས་འཇིག་རྟེན་པར་དམའ་འབེབས་པ་ གྲུབ་མཐའ་ཕྱོགས་རིས་བྱེད་པ་ལ་སོགས་མང་དག་ཅིག་ལ་མ་འཆམ་པར་འདུག་པ་ལས་གཅིག་མཐུན་གྱི་དམིགས་ཡུལ་ལ་གཅིག་མཐུན་གྱི་ལྟ་བ་མེད་པ་གཅིག་མཐུན་གྱི་དམིགས་ཡུལ་ལ་གཅིག་མཐུན་གྱི་བརྩོན་ལེན་མེད་པ།

    མདོར་ན། ཁོ་ཁོ་དང་ང་ང་ཞེས་སྡོད་ཀྱིན་འདུག་དེ་ནི་མི་རིགས་འདི་གུད་པའི་རྒྱུ་རུ་མཐོང་བ་ལས་སྐྱོབ་པའི་ཐབས་ཤིག་རྩ་བ་ནས་རེད་མི་འདུག་སྙམ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག