མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- རྟོགས་སད་ལྷ་མོ།

ཚེ་སྲོག ཁུ་སིམ་མེར།

རྩོམ་པ་པོ། རྟོགས་སད་ལྷ་མོ།    2013-05-09 15:10

འཁྲུལ་སྣང་གི་འཇིག་རྟེན་འདི་ན

ཚེ་སྲོག་དུ་མ

བདེ་སྐྱིད་ཀྱི་བྲན་དུ་ཁོལ་ཞིང་

འདོད་ཡོན་ལ་ལྷག་པར་ཆགས་པས

འཇའ་ཚོན་དང་འདྲ་བའི་འཚོ་བ་དེ་ལ

ད་དུང་ཡང་

ལོངས་སྤྱོད་ཀྱི་སེམས་སྣེ་རིང་དུ་དཔྱོང་བཞིན་མཆིས།

སྐར་ཆ་རེ་རེར

ཚེ་སྲོག་གི་རིན་ཐང་རྡུལ་དུ་བརླག་ཀྱང་

ཤུགས་རིང་དང་འདང་རྒྱག་བྱེད་མཁན་སུ

ནམ་ཞིག་ལ

འཐོར་རླུང་དང་གནམ་ལྕགས་དྲགས་པོ་ཞིག་གིས

གཤིན་རྗེའི་མདུན་སར་བསྐྱལ་དུས

སྟོང་ལྷང་ལྷང་གི་ཁྱོད་ལ

ཡི་གེ་ཨ་ཞིག་ཀྱང་འཁྱེར་རྒྱུ་མེད་པ

ཧ་ཅང་སྐྱོ

ད་ལྟའི་ཆར་ཚེ་སྲོག་དུ་མ་ཁུ་སིམ་མེར

འཇིག་རྟེན་འདིར་ཡོང་ལ

ཁུ་སིམ་མེར་འདི་ནས་བྲལ

རེད་ཡཱ

ད་ལྟའི་སྤྱི་ཚོགས་འདིར

རང་གྲོལ་ལྟ་བུའི་དཔའ་ངར་མེད་ལ

དགེ་ཆོས་འདྲ་བའི་གཟི་མདངས་ཡང་མེད

ཁུ་སིམ་མེར

འཇིག་རྟེན་ཁུ་སིམ་མེར

ཚེ་སྲོག་དུ་མ་ཡང་ཁུ་སིམ་མེར

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག