མདུན་ཤོག- རིག་གནས་འཚོ་བ།- རྩོམ་རིག་ཆེད་སྒྲིག- ཁྲི་སེམས་དཔའ།

དེ་རིང་གི་གྲོང་སྡེ།

རྩོམ་པ་པོ། ཁྲི་སེམས་དཔའ།    2013-04-27 09:47

རྨི4000ཡན་གྱི་མཐོ་སྒང ས་རྡུལ་འཚུབ་པའི་གྲོང་རྡལ་ཆུང་ཆུང

གྲོང་རྡལ་ཆུང་ཆུང་གི་མཐའ་རུ་ཆགས་པའི་འབྲོག་སྡེ

རྩྭ་ཐང་ནས་འཐུས་ཤིང་མཁར་གྲོང་དུ་བསྒྲིགས་པའི་རྩེད་ར་འདྲ་བྱུང

ས་ཁང་གྲུ་བཞིའི་གས་སྲུབས་ནས་འཇུར་ཡོང་བའི་འབུ་སྡོམ་གྱིས།

བཟོ་འགོད་ལག་བསྟར་མཁན་གྱི་ཧམ་སེམས་བསྟན་ཡོང ཧམ་སེམས་ཀྱི་སྣེ་རུ་འབྱར་བའི

དབང་གྲགས་དང་ཚུལ་འཆོས་ཀྱང་རྟོགས་བཟོ་བྱ་ཐུབ་ཨང

སོ་ཕག་ཁོག་སྟོང་གི་སྟེང་ལ་བྱུགས་པའི་ཀ་རག ཀ་རག་དཀར་པོའི་ངོས་ཀྱི་འཁྲབ་སྟོན།

ཡང་ཡང་འདག་རྫས་ཀྱི་ལྦུ་བ་བཞིན་སྡེ་དཔོན་གྱི་རྨི་ལམ་དུ་འཕྱུར་འོངས

ཨོང་བ་སྒྱེ་མོ་གང ཡང་ན་འོ་རྫུན་འགྱིག་དམ་གང ཡང་ན་ཤིང་མར་རྒྱ་མ་གང

དེ་དག་ཀྱང་མེད་དུས ད་དུང་མུག་སྐྱོབ་ལོས་ཡོད མ་མཐའི་འཚོ་བའི་གྲོན་དངུལ་ལོས་ཡོད

འབྲོག་པ་མེས་མ འབྲོག་མོ་གཡང་སྐྱིད འབྲོག་ཕྲུག་རྡོ་རྡོ

འོན་པ་ལོ་བྷེ ལོང་པ་སྐྱིད་དགའ འཐེང་བོ་ཚེ་དགའ

མིག་ལ་སྐྱོ་བའི་བརྙན་རིས་འཁྱུག་འཁྱུག སེམས་ལ་སྡུག་པའི་ན་བུན་འཁྱིལ་འཁྱིལ

སྨྲ་བ་ཆད་པའི་མང་ཚོགས སྲིད་གཞུང་གི་ཡིག་ཆའི་ཁྲོད་དུ་ནམ་ཡང་འཛུམ་དམུལ་དམུལ

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག