བོད་སྒམ་མཐོང་བ་དོན་ལྡན།

微信图片_20210319145829_副本1.jpg

བོད་སྒམ། 

ཀུན་གྱིས་ཤེས་གསལ་ལྟར་བོད་ཡུལ་དུ་ས་གནས་གཞན་དང་འདྲ་བར་ཁྱིམ་ཆས་ཅ་ལག་བཟོ་བར་མཁོ་བའི་ཤིང་སྲ་མོའི་ནགས་ཚལ་སྟུག་པོ་མེད་མོད། ཡིན་ནའང་བོད་ལ་བཀོད་པ་ངོ་མཚར་བའི་ཁྱིམ་ཆས་བཟོ་བའི་སྲོལ་རྒྱུན་གྱི་ལག་རྩལ་ཕུན་སུན་ཚོགས་པོ་ཡོད་པ་རེད།  དེ་བཞིན《བཀའ་ཐང་སྡེ་ལྔ།》དང《རྒྱལ་རབས་གསལ་བའི་མེ་ལོང་།》《གླིང་གེ་སར་རྒྱལ་པོའི་སྒྲུང》སོགས་ལོ་རྒྱུས་དེབ་ཐེར་ནང་འཁོད་པར་གཞིགས་ན། སྤྱི་ལོའི་དུས་རབས་བདུན་པར་བོད་བཙན་པོའི་རྒྱལ་རབས་སུ་ལྷ་ལྡན་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ་བཞེངས་སྐབས་ཤིང་བཟོ་བསྡུ་ལེན་བྱས་ནས་དགོན་སྡེའི་ཁྱིམ་ཆས་བཟོ་བའི་སྐོར་བཀོད་ཡོད།

སྔོན་ཆད་ཚོན་རིས་བཀོད་པའི་སྒམ་ཆུང་འདི་ལྟ་བུ་དང་། མཆོད་བཤམ་སྟེགས་བུ། ཅོག་ཙེ་དང་ཆ་སྒམ་སོགས་དགོན་སྡེ་དང་མི་སྒེར་གྱི་སྡོད་ཤག་གང་རུང་དུ་མཐོང་རྒྱུ་ཡོད་ལ། དེ་དག་ནི་བོད་རིགས་ཀྱི་སྲོལ་རྒྱུན་འཚོ་བའི་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ཕྱིར། ཕྱིའི་ཚོན་མདངས་རྣམ་པར་བཀྲ་བ་དང་། བཀྲ་ཤིས་རྟེན་འབྲེལ་གྱི་རི་མོ་དང་རི་དྭགས་སྣ་ཚོགས་ཀྱི་མཚོན་རྟགས་བཀོད་ཡོད།

微信图片_20210319145840_副本1.jpg

ཚ་རོང་ཟླ་བཟང་དགྲ་འདུལ་གྱི་ཁྱིམ། 1936-1937

དེ་དག་ལ་ནང་དོན་དང་མཛེས་སྣང་ཕུན་སུམ་ཚོགས་པ་ཡོད་ཅིང་། དུས་རབས16པ་ནས19པའི་བར་གྱི་བོད་རིགས་ལག་ཤེས་བཟོ་རྩལ་ཁྲོད་ཀྱི་ཤིང་བརྐོས་ལག་རྩལ་དང་། ཀོ་ཆས། ལྕགས་རིགས་བཅས་ཀྱིས་སྐབས་དེའི་བཟོ་ཡི་ལག་རྩལ་ཡང་རྩེར་སོན་པ་མཚོན་གྱི་ཡོད་མོད། ཡིན་ནའང་མཚོན་རིས་བཀོད་པའི་བོད་ལུགས་ཁྱིམ་ཆས་དེ་དག་ཆེ་ཆུང་དང་སྐྱེལ་འདྲེན་བྱེད་དཀའ་བའི་དབང་གིས་གནའ་དུས་སུ་རི་བོ་ཧི་མ་ལ་ཡ་བརྒལ་བར་སྟབས་མ་བདེ་པར་ལུས་སོང་བས་དེའི་སྐོར་ནུབ་ཕྱོགས་པས་ཤེས་རྟོགས་བྱུང་བ་ཉུང་ཉུང་རེད།

微信图片_20210319145845_副本.jpg

ཁལ་མའི་རྒྱབ་ཀྱི་བོད་ལུགས་ཀོ་སྒམ། བོད་ཤར། Arnold Heim 1930

བོད་ལུགས་ཁྱིམ་ཆས་ནི་སྤྱི་ལོ1990ལོར་རྒྱལ་སྤྱིའི་ཁྲོམ་རའི་སྟེང་ཐེངས་དང་པོར་ཐོན་པ་དང་། དེ་དག་ཕལ་མོ་ཆེ་ནི་དགོན་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ནས་བྱུང་བ་མ་ཟད། ད་རུང་མང་ཆེ་བ་བོད་མིའི་ལག་ནས་འཚོལ་བསྡུ་བྱས་པ་རེད།
      སྔོན་གྱི་དུས་སུ་བོད་ཡུལ་དུ་ཡོང་བའི་ཡུལ་སྐོར་པས་བོད་སྒམ་མཐོང་མ་མྱོང་པ་ལ་ཧང་སངས་དགོས་དོན་མེད། དེ་དག་དགོན་སྡེའི་ནང་ཆེད་དུ་བླངས་ཏེ་འགྲེམ་སྟོན་བྱས་ན་མ་གཏོགས་མཐོང་དཀོན་པོ་རེད། བོད་སྒམ་འདི་དག་ཕྱིས་སུ་ད་གཟོད་མི་རྣམས་ཀྱིས་མཐོང་བ་དང་ཐ་ན་ཉར་ཚགས་བྱས་ཤིང་། འཕོ་འགྱུར་འདི་དག་ནི་བོད་སྒམ་གྱི་སྤྱོད་སྒོ་དང་ཁ་བྲལ་ཐབས་མེད་པ་ཞིག་རེད།

微信图片_20210319145852_副本.jpg

དུས་རབས16པ། ཤིང་དང་གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི134x64x44ཡོད།

བོད་སྒམ་གྱི་སྤྱོད་སྒོ།

སྤྱི་ལོ1244ལོར། ཧོར་གོང་མ་གོ་དན་དང་ཁོའི་དབུ་བླ་ས་སྐྱ་པཎྡྀ་ཏའི་བར་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཤིང་། དམིགས་བསལ་གྱི་འབྲེལ་བ་དེས་དབང་གིས་ས་སྐྱ་པཎྡྀ་ཏ་ཡིས་ཁོང་ལ་སྲུང་སྐྱོབ་བྱེད་མཁན་དང་རྗེས་འཇུག་དད་ལྡན་རྣམས་ལ་བསམ་བློའི་སྟེང་ནས་སློབ་སྟོན་གནང་བ་དང་། གོ་དན་གྱིས་ཀྱང་ས་པཎ་ལ་བརྩི་བཀུར་དང་སྲུང་སྐྱོབ་ཚད་མེད་བྱས་ནས། ཧོར་དང་རྒྱའི་དབང་བསྒྱུར་མཁན་སུ་ཡིན་ཡང་ཚང་མས་སྔོན་ཆད་བོད་དང་འབྲེལ་བ་འདི་རྒྱུན་བསྲིངས་བྱས་ཡོད།
     འཇིག་རྟེན་ལུགས་ཀྱི་འགེབས་སྲུང་འདི་འདྲ་ཡོད་པའི་རྐྱེན་གྱིས། རིན་ཆེན་ནོར་བུ་འབོར་ཆེན་རྒྱ་ཡུལ་དང་ཧོར་ཡུལ་ནས་བོད་ཀྱི་དགོན་པ་མང་པོ་ཞིག་ཏུ་སླེབས་ཡོད། བོད་སྒམ་གྱི་སྤྱོད་སྒོ་གཅིག་ནི་རིན་པོ་ཆེ་འདི་དག་གསོག་ཉར་བྱེད་སྤྱད་དུ་སྤྱད་ཡོད། ལེགས་སྐྱེས་རྩ་ཆེན་ནི་དཔེར་ན་རྒྱ་ཡུལ་ནས་ཐོན་པའི་དར་གོས་ཡིན་པ་དང་། དེ་དག་གིས་རྩིས་ཡོལ་དང་དྲ་ཡོལ་བཅས་བཟོ་བ་དང་། དེ་མིན་འཆམ་འཁྲབ་པའི་གྱོན་ཆས་བཟོ་བའམ་ཡང་ན་སྟབས་བདེའི་ངང་ཉར་ཚགས་བྱས་ཏེ་དགོས་མཁོའི་དུས་སུ་གཞི་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད།

       མི་རབས་ནས་མི་རབས་བརྒྱུད་པའི་སྤུས་ལེགས་ཅན་གྱི་བོད་སྒམ།

微信图片_20210319151605_副本.jpg


དུས་རབས15པ། ཤིང་དང་རས། གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི 29.21x25.4x14.9ཡོད།

微信图片_20210319151609_副本.jpg


དུས་རབས15ནས16པ། ཤིང་དང་གཏེར་ཚོན་ལས་གྲུབ་པའི་སྒམ། ལི་རྨི81.92x60.33x25.81ཡོད།

微信图片_20210319151613_副本.jpg


དུས་རབས15པ། ཤིང་དང་གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི149.86x73.66x48.9ཡོད།

微信图片_20210319151616_副本.jpg


དུས་རབས15པ། ཤིང་དང་རས། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི84x46x37ཡོད།

微信图片_20210319151620_副本.jpg


དུས་རབས16པ། ཤིང་དང་གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། བོད་ལྗོངས་ནུབ་རྒྱུད།


微信图片_20210319151623_副本.jpg

དུས་རབས16ནས17པ། ཤིང་དང་ཀོ་ལྤགས། གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ།

微信图片_20210319151627_副本.jpg

དུས་རབས17པ། ཤིང་དང་གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི101x53x41ཡོད།

微信图片_20210319151630_副本.jpg


དུས་རབས17ནས18པ། ཤིང་དང་གཏེར་ཚོན། དཀར་རག ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ།

微信图片_20210319151634_副本.jpg


དུས་རབས18ནས19པ། ཤིང་དང་གཏེར་ཚོན་གྱིས་གྲུབ་པའི་སྒམ།

微信图片_20210319151637_副本.jpg


དུས་རབས17ནས18པ། ཤིང་དང་གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི96x45x33ཡོད།

微信图片_20210319151641_副本.jpg


དུས་རབས17ནས18པ། ཤིང་དང་གཏེར་ཚོན། དཀར་རག ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ།

微信图片_20210319151644_副本.jpg

དུས་རབས17པ། ཤིང་དང་གཏེར་ཚོན། ཚ་གསེར། ལྕགས་རིགས་བཅས་ཀྱིས་གྲུབ་པའི་པད་འདབ་འཐག་རིས་ཅན་གྱི་ཤིང་སྒམ།

微信图片_20210319151647_副本.jpg

དུས་རབས17ནས18པ། ཤིང་དང་གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི118.75x59.69x38.1ཡོད།

微信图片_20210319151650_副本.jpg

དུས་རབས17ནས18པ། རས་དང་ཤིང་། ཚ་གསེར། དཀར་རག ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ།   

微信图片_20210319151654_副本.jpg

ཤིང་དང་ཚོན་རིས། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི102x70x36ཡོད།

微信图片_20210319151659_副本.jpg

དུས་རབས19ནས20པ། ཤིང་དང་གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྟག་རིས་ཚོན་མདངས་ཅན། ལི་རྨི137x91x50ཡོད།

微信图片_20210319151704_副本.jpg

དུས་རབས19ནས20པ། ཤིང་དང་གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི148x89x44ཡོད།

微信图片_20210319151718_副本.jpg

དུས་རབས20པ། རས་དང་ཤིང་། ཚ་གསེར། དཀར་རག ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི76x43x35ཡོད།

ཉར་ཚགས་བྱས་ཡོད་པའི་བོད་སྒམ།

གཞན་ཡང་དམིགས་བསལ་གྱིས་ལོ་གཅིག་ནང་ཐེངས་གཅིག་རེར་སྤེལ་བའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་སྐབས་དངོས་པོ་མང་པོ་སྤྱོད་དགོས་ལ། དེ་མིན་ལོ་དེའི་ནང་ལྷག་པའི་དུས་ཚོད་ནང་དངོས་ཟོག་རྣམས་སྒམ་འདི་དག་ནང་ཉར་ཚགས་བྱེད་པ་རེད། སྒམ་ནི་སྤྱིར་བཏང་དགོན་སྡེའི་ཉར་ཚགས་ཁང་དུ་ཉར་ཚགས་བྱེད་པའམ་ཡང་ན་དགོན་པའི་སྡོད་ཤག་ཏུ་བཞག་ནས་ནོར་དོན་དོ་དམ་པས་ཉར་ཚགས་བྱེད་ཀྱི་ཡོད།

ནོར་དོན་དོ་དམ་པའི་ལས་གནས་ནི་ལོ་གཅིག་ནས་གསུམ་བར་ཡིན་པ་དང་། ཁོང་གིས་སྒམ་ཆུང་ཚང་མའི་ནང་བཞག་པའི་དངོས་པོའི་གསལ་ཐོ་ཁོང་གི་རྒྱུད་འཛིན་པར་སྤྲོད་ཀྱི་ཡོད་པ་མ་ཟད། དགོན་སྡེའི་མིང་འཁོད་པའི་ཐམ་ཀ་ཡང་རྒྱག་དགོས། མི་རྣམས་ཀྱིས་སྒམ་ཁའི་སྒོ་ཐེལ་ལ་སྐྱོན་ཤོར་ཡོད་མེད་མཐོང་ཚེ། ད་གཟོད་སྒོ་ཐེལ་ལ་གཞིགས་ནས་སྒམ་དེའི་ཡོང་ཁུངས་གཏན་འཁེལ་བྱེད་ཐུབ་ཀྱི་ཡོད།

微信图片_20210319162718_副本.jpg

དུས་རབས17པ། ཀོ་ལྤགས་དང་གཏེར་ཚོན། རྡུང་བཟོའི་བཟོ་རྩལ་གྱི་བོད་སྒམ།

བོད་སྒམ་གྱི་རྒྱུ་ཆ་དང་དེའི་མཛེས་རྒྱན།

བོད་ཀྱི་ཁྱིམ་ཆས་ནི་སྤྱིར་བཏང་སྟར་ཀའི་ཤིང་དང་གསོམ་ཤིང་། ཉིང་ཁྲིའི་གསོམ་ཤིང་། ཧི་མ་ལ་ཡའི་ཐང་དམར་སོགས་མཉེན་གཤིས་ལྡན་པའི་ཤིང་གིས་བཟོས་བ་མང་བའི་ཁར། བོད་སྒམ་ལ་ལར་བརྐོས་རིས་སྟབས་བདེ་ཙམ་ཡོད་པ་དང་།  དེ་མིན་ཧ་ཅང་དཀོན་པའི་མཐོ་སྒང་གི་མཁྲེགས་གཤིས་ལྡན་པའི་ཤིང་གིས་བཟོས་པའང་ཡོད་མོད། འོན་ཀྱང་ཧ་ཅང་ཉུང་ཉུང་རེད།

མཚོ་བོད་མཐོ་སྒང་གི་བརླན་གཤེར་ཆེ་བའི་ཁྱད་ཆོས་དང་འབུའི་གནོད་འཚེ་ཆེ་བས། ཤིང་ཆར་གནོད་འཚེ་ཚབས་ཆེན་ཕོག་རྐྱེན་ཁྱིམ་ཆས་ཁག་གཅིག་ཡུན་རིང་ཉར་ཚགས་བྱེད་མི་ཐུབ་མོད། འོན་ཀྱང་མར་མེའི་ཐལ་རྡུལ་གྱིས་སྲུང་སྐྱོང་བྱེད་པའི་ནུས་པ་ཡག་པོ་ཐོན་ཡོད་པ་རེད།

མཛེས་རྒྱན་སྤྲས་པའི་ལག་རྩལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་སྣ་མང་ཕུན་སུམ་ཚོགས། དེའི་ནང་ཚོན་རིས་དང་མུ་ཏིག ནོར་བུའི་ཕྲ་རྒྱན་པ་སྟེ། གཡུ་དང་བྱུ་རུ། བྱི་ལ་མིག་རྡོ་སོགས་ཚུད་ཡོད།
      རྒྱུ་ཆ་སྣ་ཚོགས་པའི་བོད་སྒམ།

微信图片_20210319162723_副本.jpg

དུས་རབས15ནས16པ། ཤིང་དང་ཀོ་ལྤགས། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི23.5x13.34x10.16ཡོད།

微信图片_20210319162727_副本.jpg

དུས་རབས17པ། ཀོ་ལྤགས་དང་ཤིང་ཆ། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི56.52x40.64x25.4ཡོད།


微信图片_20210319162731_副本.jpg

དུས་རབས17པ། ཀོ་ལྤགས་དང་གཏེར་ཚོན། ཚ་གསེར། ལི་རྨི15.2x8.89x12.7ཡོད།

微信图片_20210319162734_副本.jpg

དུས་རབས16པ་ནས17པ། ཤིང་དང་ཀོ་ལྤགས། ཚོནརིས། ལྕགས་རིགས་ཀྱིས་གྲུབ་པའི་སྒམ། ལི་རྨི82x60x26ཡོད།


微信图片_20210319162738_副本.jpg

དུས་རབས17ནས19པ། ཀོ་ལྤགས་དང་ཤིང་ཆ། སྟག་ལྤགས། ལྕགས་རིགས། ལི་རྨི102.87x60.96x38.1ཡོད།


微信图片_20210319162744_副本.jpg

དུས་རབས17ནས18པ། ཤིང་དང་རས། གཏེར་ཚོན། ཚ་གསེར། ལྕགས་རིགས། ལི་རྨི36.87x17.78x19.7ཡོད།

微信图片_20210319162748_副本.jpg

དུས་རབས19ནས20པ། སྦ་སྐུད་ལས་གྲུབ་པའི་སྒམ།

བོད་སྒམ་སྟེང་གི་ཚོན་རིས།

དུས་རབས17པ་ནི་བོད་ཀྱི་ཁྱིམ་ཆས་ལ་ཚོན་རིས་སྤྲས་པའི་ཡང་རྩེ་ཡིན་པ་དང་། སྐབས་དེ་དུས་སྒམ་བཟོ་བར་བོད་ཀྱི་ས་གནས་ཁག་དང་ནེ་པ་ལ། རྒྱ་རིགས་བཅས་ཀྱི་བཟོ་པ་གླས་ཡོད། བོད་སྒམ་གྱི་བཟོ་དབྱིབས་ནི་བརྗིད་ཆེ་བ་དང་གནའ་རབས་ཀྱི་ཁྱད་ཆོས་ལྡན་པའི་ཚོན་རིས་སྟེང་ལྕགས་རིགས་ཀྱིས་ཕྲ་བཏབ་པས་དེར་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་མཛེས་བ་བསྣན་ཡོད།

བོད་སྒམ་སྟེང་གི་ཚོན་རིས་ཐད་ཀར་པང་ལེབ་སྟེང་འབྲི་བ་མ་ཟད། གཞན་པང་ལེབ་སོ་མ་ར་ཙས་གཡོགས་ནས་དེའི་སྟེང་ཚོན་རིས་འབྲི་བ་སོགས་བྱེད་པའམ། སོ་མ་ར་ཙའི་རས་ཀྱི་སྟེང་སྣུམ་བྱུགས་ནས་ཚོན་རིས་མི་ལྷུང་བ་སྔོན་འགོག་བྱེད་ཀྱི་ཡོད།

微信图片_20210319162751_副本.jpg

ཤིང་དང་གཏེར་ཚོན། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ།

         བོད་སྒམ་གྱི་ཕྱི་ངོས་སུ་རི་ཆུ་དང་གཅན་གཟན། འབྲུག བཀྲ་ཤིས་རྟགས་བརྒྱད། མི་སྣ་བཅས་ཀྱི་རྣམ་པ་དང་ཐ་ན་མཆོད་རྟེན་གྱི་ཚོན་རིས་ཡོད་ལ། མཐའ་འཁོར་དུ་རི་མོ་དང་དར་གོས་སོགས་ཀྱི་རི་མོ་བྲིས་ཏེ་ས་ཁོངས་མི་འདྲ་བའི་རིག་གནས་ཀྱི་གྲུབ་ཆ་བསྡུ་ལེན་བྱས་ཡོད། ཚོན་རིས་ནི་གཏེར་རྫས་དང་རྩི་ཤིང་ཞིབ་འཇུག་བྱས་ནས་གསར་བཟོ་བྱས་པའི་རང་བྱུང་གི་ཚོན་རྫས་ལས་གྲུབ་པ་ཡིན། ལོ་ངོ་བརྒྱ་ཕྲག་ལྷག་འགོར་ནས་ལྷའི་བྱིན་རླབས་ཀྱི་མཚན་ཁ་མེད་ནའང་ཚོན་རིས་སྔར་བཞིན་བཀྲག་མདངས་བཀྲ།

 བོད་སྒམ་སྟེང་གི་ཚོན་རིས་སྲོག་ཆགས།

微信图片_20210319162755_副本.jpg

微信图片_20210319162758_副本.png

微信图片_20210319162802_副本.jpg

微信图片_20210319162805_副本.jpg

微信图片_20210319162808_副本.jpg

微信图片_20210319162811_副本.jpg

   བོད་སྒམ་སྟེང་གི་ཚོན་རིས་ཀྱི་རྣམ་པ།

微信图片_20210319162815_副本.jpg

微信图片_20210319162818_副本.jpg

微信图片_20210319162822_副本.jpg

微信图片_20210319162826_副本.jpg

དུས་རབས19པ། གཏེར་ཚོན། རྡུང་བཟོའི་ལག་རྩལ་གྱི་ཚོན་རིས་བོད་སྒམ།

བོད་སྒམ་སྟེང་གི་མཛེས་རྒྱན་ལས་དེ་ནི་ཆོས་ལུགས་རང་བཞིན་གྱི་ཅ་དངོས་གལ་ཆེན་ཞིག་ཉར་ཚགས་བྱས་ཡོད་པ་མཚོན་པ་མ་ཟད། སྒམ་ཡང་དགོན་པར་ཕུལ་བའི་རིག་དངོས་སུ་བརྩི་ལ། དེ་ནི་མི་རྣམས་ཀྱིས་དགོན་པར་ཕུལ་བའི་ཐང་གའམ་ཡང་ན་བརྐོས་བརྙན་དང་འདྲ་མཚུངས་ཡིན། ཧོར་དང་ཆིང་རྒྱལ་རབས་ཀྱི་སྲུང་སྐྱོབ་མཁན་ཚོས་ཀྱང་དུས་གཅིག་ཏུ་རྒྱུན་མ་ཆད་པར་ལེགས་སྐྱེས་བསྐྱལ་ཡོང་བ་དང་། རྒྱ་ཡུལ་གྱི་འཐག་རས་ཀྱིས་ཀྱང་བོད་སྒམ་ཇུས་འགོད་བྱེད་པར་འཆར་སྣང་སྐྲུན་པའི་ཡོང་ཁུངས་གཙོ་བོར་གྱུར་ཡོད་པ་རེད།

微信图片_20210319162830_副本.jpg

དུས་རབས15ནས16པ། ཤིང་དང་གཏེར་ཚོན།  ལྕགས་རིགས་ལས་གྲུབ་པའི་མཆོད་རྟེན་བཀོད་པའི་སྒམ། ལི་རྨི123x39x67ཡོད།

  བོད་སྒམ་གྱི་བཟོ་དབྱིབས།

སྒམ་གྱི་སྒྲིག་གཞིའི་ཁྱད་ཆོས་ལ་སྤྱིར་བཏང་དུ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་གྲུ་བཞི་ནར་དབྱིབས་ཡིན་ལ། པང་ལེབ་མཐུག་པོ་དང་ཅུང་ཀོང་ཀོང་ཡིན་པའི་པང་ལེབ་ལས་གྲུབ་པའི་ཞེང་ཚད་ཆེ་ལ་དོ་མཉམ་པའི་སྒྲོམ་གཞི་ཡིན། ཇུས་འགོད་གྱི་གྲུབ་ཆ་གཙོ་བོ་ནི་སྒྲོམ་གཞིའི་པང་ལེབ་ཅུང་དམའ་བའི་ཤིང་ལེབ་དུ་བསྲིངས་ཡོད་པ་ཕུད། ཕན་ནུས་ལྡན་པའི་སྒོ་ནས་སྒམ་གྱི་རྐང་བ་བཞི་གྲུབ་ཡོད་པ་རེད།

གཞན་ཞིག་ནི་སྐས་དབྱིབས་ཡིན་ལ། ཞབས་ཞེང་ཆེ་ལ་རིམ་བཞིན་སྟེང་ཕྱོགས་སུ་ཇེ་ཕྲར་སོང་ཡོད་པ་ཞིག་ཡིན་ཞིང་། ཁ་ལེབ་རླུང་གཡབ་དབྱིབས་དང་འདྲ། ཞིབ་འཇུག་པ་ལ་ལས་དབྱིབས་འདིའི་རིགས་ཀྱི་མ་དཔེ་ནི་ཀྲུང་གོའི་གནའ་བོའི་ཀོ་བའི་སྒམ་ཆུང་ཁྲོད་ནས་མཐོང་ཐུབ་ལ། ཕལ་ཆེར་ཡོན་རྒྱལ་རབས་ནས་དར་བར་འདོད།

   དབྱིབས་མི་འདྲ་བའི་བོད་སྒམ།

微信图片_20210319162836_副本.jpg

微信图片_20210319162838_副本.jpg

དུས་རབས16ནས17པ། ཤིང་དང་གཏེར་ཚོན།  ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི100x62.87x44.45ཡོད།

微信图片_20210319162842_副本.jpg

དུས་རབས17ནས18པ། ཤིང་དང་ཀོ་ལྤགས། ལྕགས་རིགས་ལས་གྲུབ་པའི་སྒམ། ལི་རྨི38x35.56ཡོད།


微信图片_20210319162845_副本.jpg

དུས་རབས17པ། ཤིང་དང་རས། གཏེར་ཚོན། ཚ་གསེར། ལྕགས་རིགས་བཅས་ཀྱིས་གྲུབ་པའི་སྒམ། ལི་རྨི22.23x7.6x12.7ཡོད།


བོད་སྒམ་ཕལ་ཆེར་དུས་རབས་བཅུ་དྲུག་པར་དར་བ་དང་། བོད་ཀྱི་ཁྱིམ་ཆས་ཁྲོད་ནས་ཅུང་སྔ་བའི་ཁྱིམ་ཆས་ཡིན། རྗེས་ནས་བོད་སྒམ་གྱིས་ཚབ་བྱས་ཡོད་པ་དང་། དུས་རབས་བཅུ་བདུན་པའི་དུས་མཇུག་ནས་དུས་རབས་བཅུ་དགུ་པའི་བར“ཡང་རྩེར་སོན་པའི་དུས་སྐབས”ཞེས་བརྗོད་ལ། དེ་ནི་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཧོར་གྱི་རྒྱབ་སྐྱོར་འོག་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་སྐབས་དེ་དུས་དབང་སྒྱུར་བའི་གོ་ས་གནང་བས་དགེ་ལུགས་པའི་ས་ཁུལ་ཁག་གི་ཤོག་ཁག་བར་གྱི་འགལ་ཟླ་སེལ་ནས་སྤྱི་ཚོགས་བརྟན་འཇགས་བྱུང་བ་རག་ལས་ཡོད།

སྐབས་དེའི་དར་རྒྱས་ཆེ་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འོག་བོད་ཀྱི་ས་གནས་ཁག་དང་ནེ་པ་ལ། རྒྱའི་ས་ཁུལ་བཅས་ནས་ཡོང་བའི་ལག་བཟོ་བས། ཡིད་དབང་འགུག་པའི་རིག་གནས་སྣ་མང་བརྗེ་རེས་བྱས་ཡོད་པ་བོད་སྒམ་བཟོ་རྩལ་ཐོག་ནས་ཤེས་ཐུབ་སྟེ། མི་རིགས་མི་འདྲ་བའི་རིག་གནས་ནི་ཁྱིམ་ཆས་བཟོ་རྩལ་གྱི་རིག་པའི་འབྱུང་ཁུངས་སུ་གྱུར་ཡོད་ཅིང་། དེ་ཡང་སྒམ་གྱི་སྟེང་ནས་རྒྱའི་ས་ཁུལ་གྱི་གྲུབ་ཆ་མང་པོ་མཐོང་ཐུབ་པ་དཔེར་ན་རྒྱ་ལུགས་ཀྱི་ལྡིང་ཁང་དང་ཁྲུང་ཁྲུང་ཚེ་རིང་སོགས་ཡོད་པ་ལྟ་བུ་རེད།

微信图片_20210319162849_副本.jpg

དུས་རབས17པ། ཤིང་དང་གཏེར་ཚོན། ལྕགས་རིགས་གྲུབ་པའི་སྒམ། ལི་རྨི86.36x53.34x41.91ཡོད།

      

བོད་ཀྱི་ཁྱིམ་ཆས་དང་འབྲེལ་བའི་དཔེ་དེབ།

《Tibetan furniture in secular and religious life》

 David Kamansky

DATE DE PARUTION : 2004

微信图片_20210319162852_副本.jpg

དེབ་འདིའི་ནང2004ལོའི་ཟླ11པར་ཁ་ལི་ཧྥིར་ནའེ་ཨ་གླིང་གི་ཕ་ས་ཏི་ན་ཡོད་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ཨེ་ཤེ་ཡའི་རྟེན་རྫས་བཤམས་མཛོད་ཁང་གི་བོད་ཀྱི་ཁྱིམ་ཆས་སྐོར་གྱི་འགྲེམས་སྟོན་བྱས་པ་བཀོད་ཡོད་པ་དང་། འགྲེམས་སྟོན་དངོས་པོ148ཡོད་པའི་ནང་བོད་ཀྱི་ཁྱིམ་ཆས་ཀྱི་ཇུས་འགོད་དང་མཛེས་རྒྱན་རྣམ་པ་སྣ་ཚོགས་ཤིང་་། འགྲེམས་སྟོན་དངོས་པོ་དེ་དག་ཨ་རིའི་ནུབ་རྒྱུད་ཀྱི་ཚོགས་སྤྱི་དང་མི་སྒེར་མང་པོས་ཉར་ཚགས་བྱས་པ་ཞིག་རེད། འགྲེམས་སྟོན་བརྒྱུད་མི་རྣམས་ཀྱིས་ཡུན་རིང་མཐོང་ཆུང་བྱས་པའི་སྒྱུ་རྩལ་གྱི་རྣམ་པར་ཧུར་ཐག་གིས་དོ་ཁུར་དང་སྲུང་སྐྱོབ། ཞིབ་འཇུག་བཅས་བྱས་པ་རེད། འགྲེམས་སྟོན་ནི་འགྲེམས་སྟོན་བྱེད་མཁན་དང་ཞིབ་འཇུག་པ། རྩོམ་པ་པོའི་ཚོགས་པ་བཅས་ཀྱིས་ཐུན་མོང་ཐོག་བསྒྲུབས་པའི་གྲུབ་འབྲས་ཤིག་རེད། ཁྱིམ་ཆས་རེ་རེའི་རིགས་དང་དབྱིབས། ལོ་རབས། ཆེ་ཆུང་། མཛེས་རྒྱན་དང་གྲུབ་ཆ་སོགས་ཞིབ་ཚགས་ཀྱི་གསལ་བཤད་བྱས་ཡོད་ལ། བོད་ཀྱི་ཁྱིམ་ཆས་ཀྱི་རིགས་དང་གྲུབ་ཚུལ་དང་མཛེས་རྒྱན་སྤྲས་ཐད་ལ་ཕྱོགས་ཡོངས་ནས་ཆེད་ལས་རང་བཞིན་གྱི་བགྲོ་གླེང་བྱས་པ་རེད།


《Tibetan Furniture》

BUCKLEY CHRIS

DATE DE PARUTION : 2005

微信图片_20210319162856_副本.jpg

འདི་ནི་བོད་ཀྱི་ཁྱིམ་ཆས་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་དེབ་ཅིག་ཡིན་པ་དང་། དེབ་འདིའི་ནང་བོད་ཀྱི་ཁྱིམ་ཆས་ཀྱི་རྣམ་པ་དང་སྤྱོད་ཡུལ། རིགས་གཙོ་བོའི་གྲུབ་ཆ་དང་མཛེས་རྒྱན། དེ་བཞིན་ཇུས་འགོད་མང་པའི་ལོ་རྒྱུས་བཅས་འགྲེལ་བཤད་བྱས་ཡོད། དཔེར་ན་བོད་ཀྱི་ཁྱིམ་ཆས་ཀྱི་རིགས་དང་མཛེས་རྒྱན་གྱི་ཁྱབ་ཁོངས་གསལ་བཤད་བྱས་པའི་ནང་ཚོན་རིས་དང་བརྐོས་རིས་སོགས་ཚུད་ཡོད། དུས་རབས16པ་ནས་བཟུང་རྒྱའི་ས་ཁུལ་གྱི་སྒྱུ་རྩལ་གྱི་ཤུགས་རྐྱེན་བོད་ཀྱི་ཚོན་རིས་མཛེས་རྒྱན་ཁྲོད་ཁྱབ་ཡོད། བོད་བཟོའི་ཁྱིམ་ཆས་སྟེང་གི་ཇུས་འགོད་ལས་ཨེ་ཤེ་ཡའི་ས་གནས་ཁག་གི་མི་དམངས་ཀྱི་འབྲེལ་འདྲིས་ཁུངས་འདེད་ཐུབ་པ་མ་ཟད། ཕུན་སུམ་ཚོགས་པའི་རིག་གནས་དང་ཚོང་དོན་བརྗེ་རེས་ཀྱི་ལོ་རྒྱུས་ཀྱང་ཟིན་ཐོ་བཀོད་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།