ཀྲུང་གོ་བོད་ཀྱི་དྲ་བ།

པདྨའི་གངས་ལྗོངས་བོད་ཇ་ལ་ཡང་བསྐྱར་གསེར་གྱི་བྱ་དགའ་ཐོབ་པ།

ཡོང་ཁུངས། : ​三色班玛一藏文专版     སྤེལ་དུས། : 2020-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.png

པདྨའི་གངས་ལྗོངས་བོད་ཇ་ལ་སྐབས་གསུམ་པའི་ཀྲུང་གོའི་ནགས་ཚལ་ཟས་རིགས་ཉོ་ཚོང་དངོས་མང་སྟོན་ཚོགས་སྟེང་གསེར་གྱི་བྱ་དགའ་ཐོབ།

   ཟླ8པའི་ཚེས11ཉིན། མཚོ་སྔོན་པདྨ་རྫོང་གི་གངས་ལྗོངས་བོད་ཇ་ཧྲང་ཧའེ་ནས་གཉེར་བའི་སྐབས་གསུམ་པའི་ཀྲུང་གོའི་ནགས་ཚལ་ཟས་རིགས་ཉོ་ཚོང་བཤམ་སྟོན་ཚོགས་འདུ་ལ་གདན་ཞུས་ལྟར་ཞུགས་པ་མ་ཟད། སྐབས་གསུམ་པའི་ཀྲུང་གོའི་ནགས་ཚལ་ཟས་རིགས་ཉོ་ཚོང་དངོས་མང་སྟོན་ཚོགས་སྟེང་གསེར་གྱི་བྱ་དགའ་ཐོབ་པ་རེད།

         རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་ནགས་ཚལ་ཟས་རིགས་ཉོ་ཚོང་དངོས་མང་སྟོན་ཚོགས་ནི2012ལོར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཐོན་ལས་རིགས་ཀྱི་གཙོ་གནད་འགྲེམས་ཚོགས་ནང་དངོས་སུ་བཅུག་པ་མ་ཟད། 2012ལོ་དང2015ལོར་ལེའོ་ཉིང་དང་ཅི་ལིན་དུ་སྐབས་དང་པོ་དང་གཉིས་པ་སོ་སོར་བདེ་ལེགས་ངང་གཉེར་ཏེ། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད། སྐབས་གསུམ་པའི“ཀྲུང་གོའི་ནགས་ཚལ་ཟས་རིགས་ཉོ་ཚོང་དངོས་མང་སྟོན་ཚོགས”ཀྱིས་རྒྱལ་ཁབ་རིམ་པའི་ནགས་ཚལ་ཟས་རིགས་ལས་རིགས་ཀྱི་ཚོགས་འདུ་གཟབ་རྒྱས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པ་དང་། འགྲེམས་སྟོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2ལྷག་ཙམ་ཟིན་པ་དང་འགྲེམས་སྟོན་ཚོང་བ1000ལྷག་ཙམ་ཡོད་པ་དེ་ནི་མིག་སྔར་ཀྲུང་གོའི་ནགས་ཚལ་ཟས་རིགས་ཐོན་ལས་ནང་ཞུགས་མཁན་ཁེ་ལས་མང་ཤོས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་ཆེད་དོན་འགྲེམས་ཚོགས་ཤིག་རེད།

2.png

       ཐེངས་འདིའི་འགྲེམས་ཚོགས་ནང་ཡུན་ནན་དང་། ཨན་ཧུའེ། ཧྲའན་ཤིས་སོགས་ཇ་ཐོན་ས་ཁུལ་གཙོ་བོ་ནས་ཡོང་བའི་ཇ་དང་ཇ་ཡི་ཐོན་རྫས་འགྲན་བསྡུར་ནང་ཞུགས་ཡོད་ལ། དཔྱད་བསྡུར་ཆེད་ཚོགས་པའང་རྒྱལ་ནང་གི་ཇ་རིག་ཆེད་མཁས་པ་གྲགས་ཅན་ལས་གྲུབ་པ་ཞིག་ཡིན་པ་དང་ཇ་སྐྱེ་འཚར་གྱི་ཁོར་ཡུག་དང་། བཟོ་རྩལ། ཕྱི་དབྱིབས། བྲོ་བ་སོགས་སྲོལ་རྒྱུན་ལྟར་ཞིབ་བཤེར་དཔྱད་བསྡུར་ནན་མོ་བྱས་པ་རེད། པདྨ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཝང་ཀྲོའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་པདྨའི་གངས་ལྗོངས་བོད་ཇ་ནི་མཚོ་སྔོན་གྱི་ཇའི་ལས་རིགས་ཀྱི་འཐུས་ཚབ་ཞིག་ཡིན་པའི་ངོས་ནས་གདན་ཞུས་ལྟར་དངོས་མང་སྟོན་ཚོགས་ལ་ཞུགས་ནས་རྒྱལ་ཡོངས་ཀྱི་ལས་རིགས་གཅིག་པའི་དབར་གླེང་མོལ་དང་བརྗེ་རེས་བྱས་པས་པདྨ་གངས་ལྗོངས་བོད་ཇའི་སྐད་གྲགས་ཆོད་ཚད་དང་མཚན་སྙན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

3.jpg

   ཤེས་རྟོགས་བྱུང་བར་གཞིགས་ན། པདྨའི་གངས་ལྗོངས་བོད་ཇ་ནི་མཚོ་འཕགས་སྨི3200—3600མཚམས་ཀྱི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྨར་ཁོག་གདོད་མའི་ནགས་ཚལ་གྱི་སེ་རྒོད་རིགས་ཀྱི་ཀུ་ཤུའི་རྩི་ཤིང་གི་མེ་ཏོག་མངར་འབྲས་དང་འགྱུར་སླ་བའི་མངར་འབྲས་ཀྱི་གསར་སྐྱེས་ལོ་མ་རྒྱུ་ཆ་བྱས་ཏེ། སྲོལ་རྒྱུན་དང་དེང་རབས་ཟུང་ལྡན་ཀྱི་ཇ་བཟོ་ལག་རྩལ་ལྟར་ཞིབ་ཚགས་ལས་སྣོན་བྱས་ནས་གྲུབ་པ་ཞིག་ཡིན། ཀྲུང་གོའི་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་དབྱེ་ཞིབ་ཚད་ལེན་ཚོད་ལྟ་ལྟེ་གནས་དང་། ཞིང་ལས་པུའུ་ཟས་རིགས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཚད་ལེན་ཚོད་ལྟ་ལྟེ་གནས། མཚོ་སྔོན་མི་རིགས་སློབ་ཆེན་སྨན་རྫས་སློབ་གླིང་གི་ཞིབ་དཔྱད་ཚད་ལེན་ཞིབ་འཇུག་བཅས་བྱས་ཀྱིས་ཚད་ལེན་ཞིབ་འཇུག་བྱས་པ་བརྒྱུད། པདྨའི་གངས་ལྗོངས་བོད་ཇའི་ནང་དུ་ཆིང་གཉིས་ཁྲར་ཐོང་རིགས་ཀྱི་གྲུབ་ཆ(རྩད་པགས་རྒྱུ་དང་རྩད་པགས་ཀཱན)དང་ཧོན་ཐུང་རིགས་ཀྱི་གྲུབ་ཆ(ཅིན་སུ་ཐོར་ཀཱན) ཁྲ་ཏོ་ཧྥུན། སྣ་འདུས་མངར་ཆ། སྤྲི་དཀར་གྱི་རིགས། འཚོ་བཅུདCདང་འཚོ་བཅུདB2  β-ལ་སེར་རྫས། ཤཱས་ཧི་བཅས་དང་མིའི་ལུས་ཕུང་བདེ་ཐང་ལ་ཕན་པའི་འཚོ་བཅུད་ཨན་གཞི་སྐྱུར་གྱི་རིགས་བཅོ་བརྒྱད་ལྷག་གི་གྲུབ་ཆ་ཡོད།    

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།