ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སར་བུད་མེད་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཐེངས་དང་པོ་གཉེར།

ཡོང་ཁུངས། : ​阳光西藏     སྤེལ་དུས། : 2020-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     སྤྱི་ཟླ་༧ཚེས་༢༣ཉིན། སྤྱི་ལོ་༢༠༢༠ལོའི་ལྷ་སའི་གཡག་བུམ་པའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་དང་པོ་འགོ་ཚུགས་པ་དང་། དེ་ནི་ལྷ་སར་དམངས་ཁྲོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་ཐེངས་དང་པོ་དེ་ཡིན། འགྲན་བསྡུར་ནང་ཞུགས་མཁན་ཚང་མ་སློབ་མའམ་ལས་རིགས་ཁག་ནས་ཡོང་བའི་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་ཤ་སྟག་རེད། འགོ་ཚུགས་འགྲན་བསྡུར་ཐོག་སྐབས་ཤིག་སེར་བ་བབས་ཀྱང་ས་གནས་དེ་གའི་མང་ཚོགས་མང་པོ་སྔར་བཞིན་སྤོ་ལོ་བལྟ་བར་བསླེབས་ཡོད།

1.jpg

   ཐེངས་འདིར་ཁྱོན་སྤོ་ལོའི་རུ་ཁག་༤འགྲན་བསྡུར་ནང་ཞུགས་ཡོད་པ་དང་། སྤོ་ལོ་རྒྱག་མཁན་ཁྲོད་མཐོ་རྒྱུགས་མཇུག་འགྲིལ་མ་ཐག་པའི་སློབ་མ་ཡོད་ལ། ལོ་མང་ལས་ཀར་ཞུགས་རིང་སྔར་བཞིན་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་གྱི་ཁེ་ལས་ལས་བཟོ་པའང་ཡོད། འགྲན་བསྡུར་རྩལ་ཁྲིད་པ་དང་ཤན་འབྱེད་པ་ནི་ལྷ་ས་རང་གི་ལུས་རྩལ་དགེ་རྒན་དང་། དེ་མིན་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་ཡིན།

2.jpg

    ཐེངས་འདིའི་འགྲན་བསྡུར་ནི་བོད་ལྗོངས་ཆི་ཧེང་དངོས་ལས་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་ཁུའུ་རུའེ་ལུས་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་འགན་འཁུར་གཉེར་སྐྱོང་བྱས་ཤིང་། བོད་ལྗོངས་ཁུའུ་ཏུང་དངོས་ལས་ཚད་ཡོད་ཀུང་སིས་ཡོངས་སུ་ཡིད་མཐུན་རོགས་རམ་བྱས་པ་རེད། ནན་ཁའེ་སློབ་ཆེན་དུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་ཆེན་སློབ་མ་ཕུར་བུ་སྒྲོལ་མ་ནི་འགྲན་བསྡུར་སྐུལ་འདེད་གཏོང་མཁན་གྲས་ཀྱི་གཅིག་ཡིན་ལ། ཐེངས་འདིའི་འགྲན་བསྡུར་ནང་ཞུགས་པའི་ཅིག་ཤོས་བུད་མེད་སྤོ་ལོ་རུ་ཁག་གི་རུ་དཔོན་ཡང་ཡིན། ཁོ་མོས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལྷ་སའི་དམངས་ཁྲོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོར་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ཅིག་ཤོས་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ཚུད་པའི་སྤོ་ལོ་རུ་ཁག་ཁ་ཤས་སྔ་རྗེས་སུ་རང་འགུལ་ངང་བཙུགས་པ་དང་། རུ་ཁག་སོ་སོས་སྦྱོང་བརྡར་སྒྲིག་འཛུགས་གང་ཐུབ་བྱེད་བཞིན་འདུག

3.jpg

ཕུར་བུ་སྒྲོལ་མས་ཐེངས་འདིའི་འགྲན་བསྡུར་གཉེར་པར་སྐུལ་འདེད་གཏོང་བ་ནི། ལྷ་སའི་རྐང་རྩེད་སྤོ་ལོར་དགའ་བའི་བུད་མེད་སྤོ་ལོ་རྒྱག་མཁན་ཚོར་སྤེལ་རེས་སྟེགས་བུ་ཞིག་གཏོད་ཆེད་ཡིན་ཞེས་བརྗོད་པ་དང་། ཁོ་མོས་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་པ་དེར་ལོ་དང་ཕོ་མོའི་དབྱེ་བ་མེད་ལ། ཐེངས་འདིའི་འགྲན་བསྡུར་ནི་ལྷ་སར་གཉེར་ཐེངས་དང་པོ་ཡིན་པས། རྐང་རྩེད་སྤོ་ལོར་དགའ་ཞེན་ཆེ་བའི་བུད་མེད་སྔར་ལས་མང་པོས་རྒྱུན་འཁྱོངས་དང་། དཔའ་ངར་ཆེན་པོས་ཕུགས་འདུན་གཉེར་བར་སྐུལ་སློང་ཐེབས་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

     བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ་༢༠༡༩ལོའི་ལོ་མཇུག་བར། བོད་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་སྤྱི་ཚོགས་རྐང་རྩེད་སྤོ་ལོ་ཐང་༡༧༠བསྐྲུན་ཡོད་པ་དང་། མཛུབ་ཁྲིད་དམིགས་ཚད་ལེགས་གྲུབ་བྱུང་ཚད་བརྒྱ་ཆའི་ཉིས་བརྒྱ་ལས་བརྒལ་ཡོད་པ་རེད། མིག་སྔར། བོད་དུ་རིམ་པ་ཁག་གི་སློབ་གྲྭ་རིམ་པའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འབྲེལ་འགྲན་བསྡུར་བཙུགས་ཟིན་པ་དང་། སློབ་གྲྭ་འབྲིང་ཆུང་མི་ཉུང་བ་ཞིག་ཏུ་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་ཡོད། སྤྱི་ལོ་༢༠༡༨ལོར་བོད་རང་སྐྱོང་ལྗོངས་ཀྱི་ཚབ་བྱས་ནས་འགྲན་བསྡུར་ནང་ཞུགས་པའི་ལྷ་སའི་གཞོན་ནུ་ལོ་ཆུང་ལུས་རྩལ་པར། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་འབྱུང་འགྱུར་སྐར་མའི་དགུན་དུས་ཉི་འོད་ལུས་རྩལ་ཚོགས་ཆེན་ཐོག་དམའ་རིམ་སློབ་འབྲིང་ཚོགས་ཆུང་གི་ཨང་དང་པོ་དང་། མཐོ་རིམ་སློབ་འབྲིང་ཚོགས་ཆུང་གི་ཨང་དང་པོ་ཐོབ་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།