ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་མཐོ་སྒང་གི་བོད་ཇ་འདེབས་འཛུགས་ཁུལ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། “2014ལོའི་ཡར་སྔོན་དུ། ཡུལ་འདིའི་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ནི་དམངས་སྒོར་སྒོར་1500ཙམ་ཡིན། རོང་ཁུལ་གྱི་གྲོང་ཚོ་སོ་སོས་མི་ཐབས་ལ་བརྟེན་ནས་བོད་ཇ་བཏབ་རྗེས། ཁོང་ཚོའི་ལོ་རེའི་ཡོང་འབབ་སྒོར་ཁྲི་1ནས་ཁྲི་2བར་འཕར་བ་དང་། ཕྱུག་འགྱུར་གྱི་བགྲོད་ལམ་ངོ་མར་བསྐྱོད་འགོ་བརྩམས་པ་རེད་”ཅེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་རྫོང་དཔོན་གཞོན་པ་ལི་ཧྥུའུ་ཉན་གྱིས་གསར་འགོད་པ་ལ་འདི་ལྟར་བཤད།

1.jpg

 མཚོ་འཕགས་ཅུང་དམའ་ལ་ཚ་གྲང་སྙོམས་པའི་པད་མ་རྫོང་དུ། “ཉིན་གཅིག་ལ་ཇ་མེད་པ་ལས། ཉིན་གསུམ་ལ་འབྲུ་མེད་པ་དགའ”ཞེས་པའི་བཤད་སྲོལ་ཡོད་པས། ཡུལ་དེའི་མང་ཚོགས་ཀྱིས་དུས་རྒྱུན་དུ་འཐུང་བཞིན་པའི་བོད་ཇ་ནི་མངར་འབྲས་མེ་ཏོག་གི་ལོ་མ་ལས་སྣོན་བྱས་ནས་གྲུབ་པ་རེད། མངར་འབྲས་མེ་ཏོག་ནི་མཚོ་བོད་མཐོ་སྒང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ནས་3500བར་གྱི་ས་ཁུལ་དུ་ཡོད་པ་དང་། པདྨ་རྫོང་གི་རོང་ཁུལ་ནི་དེའི་ཁོངས་སུ་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། 2014ལོ་ནས་ད་བར། པདྨ་རྫོང་གིས་སྔར་ཡོད་ཀྱི་མུའུ་2000ལྷག་ཙམ་གྱི་རི་སྐྱེས་བོད་ཇ་རྟེན་གཞི་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག མིའི་རྩོལ་བར་བརྟེན་ནས་འདེབས་འཛུགས་རྒྱ་ཁྱོན་རིམ་བཞིན་རྒྱ་ཆེར་གཏོང་རྒྱུའི་ཚོད་ལྟ་བྱས་པ་རེད། མིག་སྔར་རྫོང་ཡོངས་ཀྱི་བོད་ཇ་འདེབས་འཛུགས་རྒྱ་ཁྱོན་མུའུ་23500ལྷག་ཙམ་ཟིན་ཡོད།

2.jpg

གསེར་བཟང་ཚང་ནི་པདྨ་རྫོང་གི་དབུལ་ཕོངས་དུད་ཚང་ཞིག་རེད། 2014ལོའི་ཡར་སྔོན་དུ། ཁྱིམ་ཚང་གང་བོའི་འཚོ་བ་ཁོ་རང་གཅིག་པུས་སྨན་རྩྭ་འཐུ་བར་བརྟེན་དགོས་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡིན།

 “སྐབས་དེ་དུས་སྨན་རྩྭ་འཐུས་ན་ཁྱིམ་ཚང་གི་ལོ་གཅིག་གི་ཡོང་འབབ་ནི་སྒོར་3000ཙམ་མིན་མེད་ཅིང་། དེའི་རྗེས་སུ་གྲོང་ཚོའི་ནང་དུ་ས་རྒོད་སློག་ནས། བོད་ཇ་སོགས་ལོ་ཏོག་འདེབས་འཛུགས་བྱས་པ་དང་། མཉམ་ལས་ཁང་གིས་དོ་དམ་གཉེར་སྐྱོང་གཅིག་གྱུར་བྱས་ནས། ལོ་མཇུག་ཏུ་ང་ཚོ་ལ་ཁེ་སྤོགས་བགོ་བཤའ་བརྒྱབ་པ་རེད། ད་ལྟར་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་2ཟིན་ཞིང་། དབུལ་སྒྲོལ་བྱུང་ཡོད།”ཅེས་གསེར་བཟང་གིས་དེ་ལྟར་བཤད།

 “སྔོན་ཆད་ངས་ལག་རྩལ་ཅི་ཡང་མི་ཤེས། འཚོ་བ་ནི་རྩྭ་སའི་གསབ་དངུལ་ཁོ་ནར་བརྟེན་དགོས། དེ་རྗེས་སྲིད་གཞུང་གིས་རོགས་སྐྱོར་བྱས་པར་བརྟེན། པདྨ་རྫོང་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིར་ཡོང་ནས་ཇ་འཐུ་བ་དང་། ཇ་ལོ་སྐམ་པ། ཇ་རྔོ་བ་སོགས་ཀྱི་ལག་རྩལ་སྦྱངས་པས། ཀུང་སིས་ང་ལ་གླ་ཕོགས་སྤྲད་བྱུང་ལ། ད་དུང་ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད། ང་ནི་ན་ནིང་བདེ་བླག་ངང་དབུལ་སྒྲོལ་ཐུབ་པས། སེམས་གཏིང་ནས་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ”ཅེས་ལོ་52ལ་སླེབས་པའི་ཀརྨས་གསར་འགོད་པར་བཤད།

 2016ལོ་ནས་བཟུང་། པདྨ་རྫོང་གིས“པདྨའི་གངས་ལྗོངས་བོད་ཇའི་”སྐྱེ་ཁམས་ཐོན་ལས་འཚོལ་ཞིབ་དང་འཛུགས་གཉེར་བྱས་ནས། སྐྱེ་ཁམས་འཛུགས་སྐྱོང་སྡོང་འཛུགས་ནགས་བསྐྲུན་དང་སྐྱེ་ཁམས་ཐོན་ལས་ཟུང་འབྲེལ་དམ་ཟབ་བྱས་ཤིང་། བོད་ཇ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱས་པ་བརྒྱུད་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་འབོར་ཆེན་བསྡུ་ལེན་བྱས་ནས། ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་ཞིང་ཡིག་ཚགས་དང་ཁཱ་བཟོས་པའི་དུད་ཚང་1414ལ་བོད་ཇ་འདེབས་འཛུགས་ཡོང་འབབ་བསྡོམས་རྩིས་བྱས་ན་སྒོར་ཁྲི་665ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་4700ཟིན་ཡོད།

3.jpg

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུད་ཀྱི་རྒྱུན་ཨུ་པདྨ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཤ་བོ་རྒྱལ་གྱིས། “བོད་ཇའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པའི་གངས་ལྗོངས་བོད་ཇ་ནི་ང་ཚོའི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཡིན་ཞིང་། བོད་ཇ་འཕེལ་རྒྱས་གཏོང་ན། གནའ་བོའི་ཇའི་རིག་གནས་རྒྱུན་འཛིན་ཐུབ་པ་མ་ཟད། ད་དུང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་ཐུབ་”ཟེར།

 ད་ཆ་པདྨ་རྫོང་གི་བོད་ཇ་ཐོན་ལས་དེ་སྐྱེ་ཁམས་སྲུང་སྐྱོང་དང་། དཔལ་འབྱོར་དར་སྤེལ། ཁོར་ཡུག་མཛེས་བཟོ་བཅས་ཕྱོགས་ཀུན་ལ་འཕྲོད་པའི་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།