ཀྲུང་གོ་བོད་ཀྱི་དྲ་བ།

ཇ་ལོའི་དྲི་ཞིམ་ལྡང་ཞིང་དབུལ་ཐར་ལ་རམ་འདེགས་བྱེད་ཅེས་པའི“མདོག་གསུམ་པདྨའི”སྐབས་གཉིས་པའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་ཆེན་གྱི་བྱ་འགུལ་སྤེལ།

ཡོང་ཁུངས། : 三色班玛一藏文专版     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     པདྨ་རྫོང་གི་གངས་ལྗོངས་བོད་ཇའི་ཐོན་ལས་སྟོབས་ཆེར་གཏོང་བ་དང་གངས་ལྗོངས་བོད་ཇའི་སྤུས་རྟགས་ཀྱི་སྙན་གྲགས་ཆོད་ཚད་ཇེ་མཐོར་གཏོང་ཆེད།“ཇ་ལོའི་དྲི་ཞིམ་ལྡང་ཞིང་དབུལ་ཐར་ལ་རམ་འདེགས་བྱེད་པ”དམིགས་འབེན་དུ་བྱས་ནས་པདྨ་གངས་ལྗོངས་བོད་ཇ་དེ་མཚོ་སྔོན་གྱི་ཇ་ཐོག་མར་དངོས་སུ་བསྐྲུན་རྒྱུ་བྱས།ཟླ6པའི་ཚེས6ཉིན་ཇ་ལྗང་གསར་པ་དང“རྒྱལ་སྤྱིའི་ཇ་ཡི་ཉིན་མོ”ཐོག་མ་དེ་གཉེར་ནས་ཡུན་རིང་མ་སོང་བའི་སྐབས་འདིར་པདྨ་རྫོང་གི་སྐབས་གཉིས་པའི“ཇ་ལོའི་དྲི་ཞིམ་ཞིང་དབུལ་ཐར་ལ་རམ་འདེགས་བྱེད”ཅེས་པའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་ཆེན་དེ་སྨར་ཁོག་ཆུ་བོའི་ནགས་ལས་ཅུས་སུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་།ཐེངས་འདིའི་ཇ་འཐུ་བའི་དུས་ཆེན་ནི་ཀྲུང་གུང་པདྨ་རྫོང་ཨུ་དང་།པདྨ་རྫོང་མི་དམངས་སྲིད་གཞུང་།མཚོ་སྔོན་ཞིང་ཆེན་སྨར་ཁོག་ནགས་ལས་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་།རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་།རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས།རྫོང་ནགས་ལས་དང་རྩྭ་ཐང་ཅུས།རྫོང་དབུལ་སྐྱོར་ཅུས།རྫོང་གངས་ལྗོངས་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་བཅས་ཀྱིས་མཉམ་དུ་སྒྲུབ་པ་ཞིག་ཡིན་ཞིང་།འགོ་ཚུགས་མཛད་སྒོ་དང་།འགྲེམས་ཚོགས།ཇ་འཐུ་འགྲན་བསྡུར་ཆེན་མོ།ཇ་བཟོ་འགྲན་བསྡུར་ཆེན་མོ། བྱ་དགའ་སྟེར་བའི་མཛད་སྒོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

2.jpg

        དྭངས་ཤིང་གཙང་བའི་རི་ཆུས་འཛུམ་མདངས་མངོན་ནས། ལེ་དབར་སྟོང་གི་ཇ་ཞིམ་ལས་མགྲོན་པོ་བསུ། མགོ་ལོག་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མཚོ་སྔོན་ཞིང་ཆེན་སྨར་ཁོག་ནགས་ལས་ཅུས་ཏང་ཨུའི་ཧྲུའུ་ཅི་ཧན་ཚའེ་པང་། མཚོ་སྔོན་ཞིང་ཆེན་སྨར་ཁོག་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཞུའེ་ཁྲང་ཕུའུ་དེ་མིན་རྫོང་གི་རྫོང་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། ཞང་གྲོང་རྡལ་ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་ཞང་གྲོང་རྡལ་གྱི་འགོ་འཛིན། རྫོང་ཨུའི་སྡེ་ཁག་སོ་སོ་དང་། རྫོང་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་ཁག་བཅས་ཀྱི་འགན་འཁུར་བ་གཙོ་བོ་དང་། སྨར་ཁོག་ནགས་ལས་ཅུས་ཀྱི་ལས་བྱེད་ལས་བཟོ་བ་དང་། རྫོང་ཡོངས་ཀྱི་སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་། སྨྱན་སྦྱོར་གསར་འགོད་པ། རོང་འབྲོག་མང་ཚོགས་བཅས་ཁྱོན་མི300ལྷག་ཙམ་ཞུགས་ཡོད། བྱ་འགུལ་ལ་ཁྱིམ་མཚེས་སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སུན་ཕུའུ་ཅུན་དང་།འཛམ་ཐང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སུན་ཧུང་པིན་རྣམ་གཉིས་ཆེད་དུ་གདན་ཞུས་གནང་ཡོད། རྫོང་ཨུའི་རྒྱུན་ཨུ་དང་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཧན་ཧྲང་ཅུན་གྱིས་བྱ་འགུལ་ལ་གཙོ་སྐྱོང་གནང་། 

3.jpg

     འགོ་ཚུགས་མཛད་སྒོའི་སྟེང་།  ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་བ་རེད། ཁོང་གིས་གསུངས་རྒྱུར། ཉེ་བའི་ལོ་ཤས་རིང་པདྨ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་སྟོན་དུ་བྱས་ནས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཐུགས་ཁུར་དང་རོགས་རམ་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དང་མི་རིགས་ཁག་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་དམིགས་འབེན་དུ་བྱས་ཏེ་པདྨ་རྫོང་གི་ཐུན་མོང་མ་ཡིན་པའི་ལྗང་མདོག་སྐྱེ་ཁམས་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། ཁྱད་ལྡན་ཐོན་ཁུངས་སོགས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ནས་གངས་ལྗོངས་བོད་ཇའི་ཐོན་ལས་ཤུགས་ཆེན་པོའི་འཕེལ་རྒྱས་བཏང་ཞིང་། རིམ་རྩིས་བྱས་ན་དབུལ་སྐྱོར་མ་དངུལ་སྒོར་ཁྲི1800བཏང་ནས་གངས་ལྗོངས་བོད་ཇའི་ཇ་སྡོང་འདེབས་འཛུགས་དང་། ཐོན་སྐྱེད་ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་པདྨ་རྫོང་གི་གངས་ལྗོངས་བོད་ཇའི་ཐོན་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་བཙུགས་ཏེ། “ཀུང་སི་དང་། འབྲོག་ཁྱིམ། རྟེན་གཞི་བཅས་ཟུང་དུ་འབྲེལ་བ”དང“ཀུང་སི་དང་། མཉམ་ལས་ཁང་། འབྲོག་ཁྱིམ་བཅས་ཟུང་དུ་འབྲེལ་བའི”དབུལ་སྐྱོར་ཐོན་ལས་སྦྲེལ་ཐག་གི་རྣམ་པ་ཞིག་རིམ་བཞིན་ཆགས་ནས་མིག་སྔར་མུའུ་ཁྲི1.85ཡི་གངས་ལྗོངས་བོད་ཇ་འདེབས་འཛུགས་རྟེན་གཞི་ཞིག་ལེགས་འགྲུབ་བྱུང་ཡོད་ཅིང་། གངས་ལྗོངས་བོད་ཇ་ལ་ཀྲུང་གོའི(ཧྲང་ཧའེ)རྒྱལ་སྤྱིའི་ཇ་ལོའི་དངོས་མང་སྟོན་ཚོགས་ལས་གསེར་གྱི་བྱ་དགའ་དང་སྐབས་ལྔ་པའི་ཀྲུང་གོའི(ཨེ་ཤ་ཡའི་བྱང་ཤར་མ)ནགས་ཚལ་དངོས་མང་སྟོན་ཚོགས་ལས་གསེར་གྱི་བྱ་དགའ”སོགས་བྱ་དགའ་མང་པོ་སྔ་རྗེས་སུ་ཐོབ་པ་རེད། 2016ལོ་ནས2019ལོ་བར་དུ་གངས་ལྗོངས་བོད་ཇ་ཀུང་སིས་ཇ་ལོ་གསར་བ་ཉོ་སྒྲུབ་བྱས་པར་རིམ་རྩིས་བྱས་ན་ཏུན19.1ཟིན་པ་དང་ཏུན7.3ཐོན་སྐྱེད་ཐོན་རྫས་བྱས་ཤིང་། ད་ལོའི་བར་དུ་གངས་ལྗོངས་བོད་ཇའི་ཇ་ལོ་གསར་བ་ཏུན3.5ཉོ་སྒྲུབ་བྱས་ཡོད་པ་རེད། 2016ལོ་ནས2019ལོ་བར་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང1414ཡི་གངས་ལྗོངས་བོད་ཇ་འདེབས་འཛུགས་ལས་ཡོང་འབབ་རིམ་རྩིས་བྱས་ན་སྒོར་ཁྲི665ཟིན་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར4700ཟིན་ཡོད། 2018ལོ་ནས2019ལོ་བར་དུ་གངས་ལྗོངས་བོད་ཇ་ཐོན་ལས་ལ་ཁེ་སྤོགས་བགོ་བཤའ་སྒོར་ཁྲི200ཡོད་པ་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང503ལ་ཆ་སྙོམས་ཡོང་འབབ་སྒོར4000ཐོབ་ཡོད། གངས་ལྗོངས་བོད་ཇའི་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་མ་ཟད།  ལྗང་མདོག་པདྨའི་སྐྱེ་ཁམས་ཀྱི་རྣམ་པ་ཡང་ཇེ་ལེགས་སུ་བཏང་ཡོད།

4.jpg

      ཇ་ལོ་འཐུ་བའི་ལག་རྩལ་འགྲན་བསྡུར་ནི་ཐེངས་འདིའི་དུས་ཆེན་གྱི་ནང་དོན་གཙོ་བོ་ཡིན་ཞིང་།  འགྲན་བསྡུར་བྱ་ཡུལ་དུ་ཤན་འབྱེད་པས་བཀའ་རྒྱ་བཏང་བ་དང་བསྟུན་ནས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་ཇ་འཐུ་མཁན་གྱིས་སྐེད་པར་ཇ་སླེ་བཏགས་ནས་སྔོ་ལྗང་ཇ་ཤིང་གི་བར་དུ་སྐྱོད་པ་དང་ལག་རྩལ་བྱང་ཆུབ་པའི་སྒོ་ནས་མྱུ་གུ་གཅིག་དང་ལོ་མ་གཅིག་བཏུས་བས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཆགས་སུ་བཅུག  སྐར་མ20ཡི་ཡུལ་དངོས་སུ་ཇ་འཐུ་བའི་དུས་ཚོད་མགྱོགས་མྱུར་མཇུག་རྫོགས་ནས་དཔྱད་འདེམས་པས་དཔྱད་བསྡུར་སྒྲིག་སྲོལ་ལ་ནན་མོར་གཞིགས་ཏེ་ཕྱོགས་བསྡུས་ཚད་འབེབས་ཀྱི་ཞིབ་དཔྱད་གཏན་འཁེལ་བྱས་ཏེ་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་དཔྱད་འདེམས་བྱས་པ་རེད།

5.jpg

       ཇ་རྔོད་བའི་འགྲན་བསྡུར་ཡང་ཧ་ཅང་ངོ་མཚར་ཆེ་ཞིང་། ཇ་བཟོ་མཁན་གྱིས་ཁྱད་མཚར་ཆེ་བའི་འགྲན་རྩོད་ལས་སྲོལ་རྒྱུན་གྱི་ལག་བཟོས་ཇ་བཟོ་བའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། བདམས་ཐོན་པ་རྣམས་ཀྱིས་རང་རང་གི་འཇོན་ཐང་ངོམ་པ་དང་། ལག་པ་གཉིས་ཀྱིས་ཇ་བཟོ་སླ་ངའི་ནང་དུ་ཕྱོགས་གཅིག་ནས་བརྔོས་པ་དང་ཕྱོགས་གཅིག་ནས་ཇ་ཚོགས་སྤྲུག་པ་རེད། ཇ་ལོའི་ཆུ་རིམ་བཞིན་ཇེ་ཉུང་དུ་ཕྱིན་པ་དང་བསྟུན་ནས་ཇ་ཡི་དྲི་ཞིམ་ཡང་སྣ་ལམ་དུ་འཐུལ་ཡོང་ལ། ཕུར་ཕུར་དང་སྲོ་སྐམ་སོགས་ཀྱི་གོ་རིམ་བརྒྱུད།  ལག་ཤེས་ཐོན་རྫས་ཀྱི་ཇ་གསར་པ་ཐོན་བྱུང་པ་རེད། དཔྱད་ཞིབ་ཁུལ་དུ་དཔྱད་ཞིབ་ཚན་ཆུང་གིས་བདམས་ཐོན་པས་བཟོས་པའི་ཇ་གསར་པའི་ཇ་མདོག་དང་། དྲི་མ། བྲོ་བ། ལོ་མ་དང་བཅས་དེ་བཞིན་བཟོ་བའི་བརྒྱུད་རིམ་བཅས་ཕྱོགས་ཡོངས་ནས་ཕྱོགས་བསྡུས་དཔྱད་བསྡུར་གཏན་འབེབས་བྱས་ཏེ་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་བདམས་པ་རེད།

6.jpg

      མཇུག་མཐར། བྱ་དགའ་སྟེར་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་ཞིང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མཚོ་སྔོན་ཞིང་ཆེན་སྨར་ཁོག་ནགས་ལས་ཅུས་ཏང་ཨུའི་ཧྲུའུ་ཅི་ཧན་ཚའེ་པང་།འཛམ་ཐང་རྫོང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སུན་ཕུའུ་ཅུན། རྫོང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རྒྱལ་འབུམ་འཁྲུངས་དང་། རྫོང་ཨུའི་རྒྱུན་ཨུ་དང་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས། འཛམ་ཐང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སུན་ཧུང་པིན་བཅས་ཀྱིས་ཇ་ལོ་འཐུ་བའི་རྩལ་ནུས་འགྲན་བསྡུར་དང་ཇ་བརྔོས་བའི་རྩལ་ནུས་འགྲན་བསྡུར་གྱི་མི་སྒེར་ལ་བྱ་དགའ་གནང་བ་རེད།

7.jpg

      པདྨའི་གངས་ལྗོངས་བོད་ཇ་དེ་མིང་མེད་རྒྱུས་མེད་ནས་ད་ལྟའི་རྒྱལ་ཡོངས་ལ་འདི་འདྲའི་སྐད་གྲགས་ཆོད་པ་ནི་པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཉེ་བའི་ལོ་ཤས་རིང་གི་དབུལ་ཐར་འགག་སྒྲོལ་ལམ་བུའི་ཐོག་གི་བྱ་ཐབས་གལ་ཆེན་དེ་མཚོན་ཡོད་པ་མ་ཟད། ལྷག་པར་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྔོ་ལྗང་རི་ཆུ་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་དེ་བས་བརྩི་སྲུང་ཞུས་པ་མཚོན་ཡོད། ཉེ་ལོའི་རིང་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག གངས་ལྗོངས་བོད་ཇའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་གྲོང་གསེབ་དར་རྒྱས་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་རྐང་འཛིན་ཐོན་ལས་ཤིག་ཏུ་གྱུར་པ་དང་གངས་ལྗོངས་བོད་ཇ་དེ་བོད་ཇའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ངོས་ནས། པདྨ་རྫོང་གི་གྲངས་ཉུང་ཁྲོད་ཀྱི་ཁྱད་ལྡན་ཐོན་ལས་ཤིག་ཡིན་ཞིང་། དེ་ནི་གནའ་བོའི་བོད་ཇའི་རིག་གནས་ལ་རྒྱུན་འཛིན་བྱས་པ་ཞིག་ཡིན་པ་མ་ཟད། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་པ་ཞིག་ཀྱང་རེད།

8.jpg

      རྗེས་ཕྱོགས་པདྨ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རི་ཀླུང་སྔོ་ལྗང་ནི་གསེར་རི་དངུལ་རི་ཡིན་པའི”མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང“རྒྱལ་སྤྱིའི་ཇ་ཡི་ཉིན་མོ”ཐོག་མའི་སྟེང་རྟེན་འབྲེལ་ཞུས་བའི་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“ཤར་རྒྱུད་ཀྱི་གླ་སྟར་དང་། ནུབ་རྒྱུད་ཀྱི་འཕང་འབྲས། ལྷོ་རྒྱུད་ཀྱི་བོད་ཇ། རྨ་ཆུ་དང་ཙོང་ཆུའི་སིལ་འབྲས”བཅས་ཀྱི་ནགས་ཁྲོད་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་གཞིར་བཟུང་སྟེ། ཚོང་རྟགས་གྲགས་ཅན་དང་། སྤུས་ཚད། ཚད་གཞི་བཅས་ཀྱི་འགག་རྩའི་རྒྱུ་རྐྱེན་གཙོ་བོ་དམ་འཛིན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་གྱི་གངས་ལྗོངས་བོད་ཇ་ཐོན་ལས་རྒྱ་ཇེ་ཆེར་བཏང་ནས་པདྨའི་གངས་ལྗོངས་བོད་ཇ་དང(སྨན་ཇའི)ཐོན་ལས་དེ་བདེ་ཐང་ཐོན་ལས་དང་། དམངས་ཕྱུག་ཐོན་ལས། རྐང་འཛིན་ཐོན་ལས་བཅས་སུ་འཕེལ་རྒྱས་བཏང་སྟེ། ང་ཚོའི“དམངས་ཚིས་ཇ”དང“དབུལ་སྐྱོར་གྱི་ཇ”ངོ་མ་ཞིག་ཏུ་འགྱུར་བར་བྱས་ནས། པདྨའི་གངས་ལྗོངས་བོད་ཇ་དེ“མཚོ་སྔོན་གྱི་ཇ་ཐོག་མར”འགྱུར་རྒྱུའི་བརྩོན་ལེན་བྱེད་དགོས།

9.jpg


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།