ཀྲུང་གོ་བོད་ཀྱི་དྲ་བ།

“རྒྱལ་སྤྱིའི་ཇ་ཡི་ཉིན་མོ”ཐོག་མའི་རྗེས་སུ་པདྨ་རྫོང་གིས“མདོག་གསུམ་པདྨའི”སྐབས་གཉིས་པའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་ཆེན་གཉེར།

ཡོང་ཁུངས། : 三色班玛一藏文专版     སྤེལ་དུས། : 2020-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

  ཟླ་དྲུག་པའི་པདྨའི་ས་གཞི་ཡོངས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རྩི་ཤིང་གི་དཔལ་ཡོན་རྣམ་པར་རྒྱས་ཤིང་། མཛེས་སྡུག་ལྡན་པའི་སྨར་ཁོག་ཆུ་བོའི་རྦ་རླབས་ལང་ལོང་དུ་གཡོ་བ་དང་ཇ་ལོའི་དྲི་ཞིམ་གང་སར་འཐུལ་ཡོད། ཟླ6པའི་ཚེས6ཉིན། “རྒྱལ་སྤྱིའི་ཇ་ཡི་ཉིན་མོ”ཐོག་མ་དེ་འདས་མ་ཐག་ཀྲུང་གུང་པདྨ་རྫོང་ཨུ་དང་། པདྨ་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་སྨར་ཁོག་ནགས་ལས་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གུང་པདྨ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་། པདྨ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་བརྙན་ཅུས།པདྨ་རྫོང་ནགས་ལས་དང་རྩྭ་ཐང་ཅུས། པདྨ་རྫོང་གངས་ལྗོངས་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སིས་འགན་སྒྲུབ་བྱས་པའི“མདོག་གསུམ་པདྨའི”སྐབས་གཉིས་པའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་ཆེན་དེ་ཞིང་ཆེན་སྨར་ཁོག་ནགས་ལས་ཅུས་ཀྱི་ར་བའི་ནང་སྤྲོ་སེམས་འཁོལ་བའི་ངང་སྤེལ་བ་རེད། རྫོང་གི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། ཞང་དང་གྲོང་རྡལ་ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་། ཞང་དང་གྲོང་རྡལ་གྱི་འགོ་འཛིན། རྫོང་རིམ་པའི་སྡེ་ཁག་སོ་སོ་དང་ལས་ཁུངས་ཁག་གི་འགན་འཁུར་བ་དང་། སྨར་ཁོག་ཆུ་བོ་ནགས་ལས་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་དྷི་མདའ་ཞང་གི་རྒྱ་ཆེའི་འབྲོག་པ་མང་ཚོགས་བཅས་བྱ་འགུལ་ལ་ཞུགས་ཡོད། བྱ་འགུལ་ལ་ཁྱིམ་མཚེས་སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སུན་ཕུའུ་ཅུན་དང་། འཛམ་ཐང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སུན་ཧུང་པིན་རྣམ་གཉིས་ཆེད་དུ་གདན་ཞུ་བྱས་ནས་ཞུགས་ཡོད། རྫོང་ཨུའི་རྒྱུན་ཨུ་དང་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཧན་ཧྲང་ཅུན་གྱིས་བྱ་འགུལ་ལ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་སྨར་ཁོག་ནགས་ལས་ཅུས་ཏང་ཨུའི་ཧྲུའུ་ཅི་ཧན་ཚའེ་པང་གིས་མདོག་གསུམ་པདྨའི་སྐབས་གཉིས་པའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་ཆེན་གྱི་བྱེད་སྒོའི་མགོ་རྩོམ་པར་ཁྱབ་བསྒྲགས་བྱས་པ་རེད།

2.jpg

        ཐེངས་འདིའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་ཆེན་གྱིས“ཇ་ལོའི་དྲི་ཞིམ་ཞིང་དབུལ་ཐར་ལ་རམ་འདེགས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཇ་ལ་བརྟེན་ནས་གྲོགས་སྒྲིག་པ་དང་། ཇ་ལ་བརྟེན་ནས་ཡུལ་སྐོར་བྱེད་པ། ཇ་ལོའི་ཡུལ་སྐོར་ཟུང་འབྲེལ་བྱེད་སྟངས་ལ་བརྟེན་ནས“རྒྱལ་སྤྱིའི་ཇ་ཡི་ཉིན་མོ”ཐོག་མ་རྟེན་འབྲེལ་ཞུས་བ་དང་། བོད་ཇའི་ལོ་རྒྱུས་རིག་གནས་བརྒྱུད་སྤེལ་བྱས་ནས་བོད་ཇའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་ཉམས་སུ་རོལ་མྱོང་བྱས་ཏེ། པདྨའི་གངས་ལྗོངས་བོད་ཇའི་སྙན་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་སྔར་བས་ཆེ་རུ་བཏང་ནས་གངས་ལྗོངས་བོད་ཇའི་ཐོན་ལས་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་ངང་འདེད་བཏང་བ་དང་། “མདོག་གསུམ་པདྨའི”གངས་ལྗོངས་བོད་ཇའི་སྤུས་རྟགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གངས་ལྗོངས་བོད་ཇའི་ཐོན་ལས་དར་རྒྱས་བཏང་ནས་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་རེད།

3.jpg

      འགོ་ཚུགས་མཛད་སྒོའི་སྟེང་།  ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་ནས་གསུངས་རྒྱུར། ཉེ་བའི་ལོ་ཤས་རིང་པདྨ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་སྟོན་དུ་བྱས་ནས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཐུགས་ཁུར་དང་རོགས་རམ་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དང་མི་རིགས་ཁག་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་དམིགས་འབེན་དུ་བྱས་ཏེ་པདྨ་རྫོང་གི་ཐུན་མོང་མ་ཡིན་པའི་ལྗང་མདོག་སྐྱེ་ཁམས་དང་།མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། ཁྱད་ལྡན་ཐོན་ཁུངས་སོགས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ནས་གངས་ལྗོངས་བོད་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་ལ།རིམ་རྩིས་བྱས་ན་དབུལ་སྐྱོར་མ་དངུལ་སྒོར་ཁྲི1800བཏང་ནས་གངས་ལྗོངས་བོད་ཇའི་ཇ་སྡོང་འདེབས་འཛུགས་དང་། ཐོན་སྐྱེད་ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་པདྨ་རྫོང་གི་གངས་ལྗོངས་བོད་ཇའི་ཐོན་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་བཙུགས་ཏེ། “ཀུང་སི་དང་། འབྲོག་ཁྱིམ། རྟེན་གཞི་བཅས་ཟུང་དུ་འབྲེལ་བ”དང“ཀུང་སི་དང་། མཉམ་ལས་ཁང་།འབྲོག་ཁྱིམ་བཅས་ཟུང་དུ་འབྲེལ་བའི”དབུལ་སྐྱོར་ཐོན་ལས་སྦྲེལ་ཐག་གི་རྣམ་པ་ཞིག་རིམ་བཞིན་ཆགས་ནས་མིག་སྔར་མུའུ་ཁྲི1.85ཡི་གངས་ལྗོངས་བོད་ཇ་འདེབས་འཛུགས་རྟེན་གཞི་ཞིག་ལེགས་འགྲུབ་བྱུང་ཡོད་ཅིང་། གངས་ལྗོངས་བོད་ཇ་ལ་ཀྲུང་གོའི(ཧྲང་ཧའེ)རྒྱལ་སྤྱིའི་ཇ་ལོའི་དངོས་མང་སྟོན་ཚོགས་ལས་གསེར་གྱི་བྱ་དགའ་དང་སྐབས་ལྔ་པའི་ཀྲུང་གོའི(ཨེ་ཤ་ཡའི་བྱང་ཤར་མ)ནགས་ཚལ་དངོས་མང་སྟོན་ཚོགས་ལས་གསེར་གྱི་བྱ་དགའ”སོགས་བྱ་དགའ་མང་པོ་སྔ་རྗེས་སུ་ཐོབ་པ་རེད། 2016ལོ་ནས2019ལོ་བར་དུ་གངས་ལྗོངས་བོད་ཇ་ཀུང་སིས་ཇ་ལོ་གསར་བ་ཉོ་སྒྲུབ་བྱས་པར་རིམ་རྩིས་བྱས་ན་ཏུན19.1ཟིན་པ་དང་ཏུན7.3ཐོན་སྐྱེད་ཐོན་རྫས་བྱས་ཤིང་། ད་ལོའི་བར་དུ་གངས་ལྗོངས་བོད་ཇའི་ཇ་ལོ་གསར་བ་ཏུན3.5ཉོ་སྒྲུབ་བྱས་ཡོད་པ་རེད། 2016ལོ་ནས2019ལོ་བར་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང1414ཡི་གངས་ལྗོངས་བོད་ཇ་འདེབས་འཛུགས་ལས་ཡོང་འབབ་རིམ་རྩིས་བྱས་ན་སྒོར་ཁྲི665ཟིན་པ་དང་།མི་རེའི་ཆ་སྙོམས་ཡོང་འབབ་སྒོར4700ཟིན་ཡོད། 2018ལོ་ནས2019ལོ་བར་དུ་གངས་ལྗོངས་བོད་ཇ་ཐོན་ལས་ལ་ཁེ་སྤོགས་བགོ་བཤའ་སྒོར་ཁྲི200ཡོད་པ་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང503ལ་ཆ་སྙོམས་ཡོང་འབབ་སྒོར4000ཐོབ་ཡོད། གངས་ལྗོངས་བོད་ཇའི་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་མ་ཟད། ལྗང་མདོག་པདྨའི་སྐྱེ་ཁམས་ཀྱི་རྣམ་པ་ཡང་ཇེ་ལེགས་སུ་བཏང་ཡོད།ད་ལོའི་ཟླ5བའི་ཚེས21ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི“རྒྱལ་སྤྱིའི་ཇ་ཡི་ཉིན་མོ”ཐོག་མ་དེ་ཡིན་ཞིང་། རྗེས་ཕྱོགས་པདྨ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རི་ཀླུང་སྔོ་ལྗང་ནི་གསེར་རི་དངུལ་རི་ཡིན་པའི”མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང“རྒྱལ་སྤྱིའི་ཇ་ཡི་ཉིན་མོ”ཐོག་མའི་སྟེང་རྟེན་འབྲེལ་ཞུས་བའི་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“ཤར་རྒྱུད་ཀྱི་གླ་སྟར་དང་། ནུབ་རྒྱུད་ཀྱི་འཕང་འབྲས། ལྷོ་རྒྱུད་ཀྱི་བོད་ཇ། རྨ་ཆུ་དང་ཙོང་ཆུའི་སིལ་འབྲས”བཅས་ཀྱི་ནགས་ཁྲོད་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་གཞིར་བཟུང་སྟེ། ཚོང་རྟགས་གྲགས་ཅན་དང་། སྤུས་ཚད། ཚད་གཞི་བཅས་ཀྱི་འགག་རྩའི་རྒྱུ་རྐྱེན་གཙོ་བོ་དམ་འཛིན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་གྱི་གངས་ལྗོངས་བོད་ཇ་ཐོན་ལས་རྒྱ་ཇེ་ཆེར་བཏང་ནས་པདྨའི་གངས་ལྗོངས་བོད་ཇ་དང་སྨན་ཇའི་ཐོན་ལས་དེ་བདེ་ཐང་ཐོན་ལས་དང་། དམངས་ཕྱུག་ཐོན་ལས། རྐང་འཛིན་ཐོན་ལས་བཅས་སུ་འཕེལ་རྒྱས་བཏང་སྟེ། ང་ཚོའི“དམངས་ཚིས་ཇ”དང“དབུལ་སྐྱོར་གྱི་ཇ”ངོ་མ་ཞིག་ཏུ་འགྱུར་བར་བྱས་ནས། པདྨའི་གངས་ལྗོངས་བོད་ཇ་དེ“མཚོ་སྔོན་གྱི་ཇ་ཐོག་མར”འགྱུར་རྒྱུའི་བརྩོན་ལེན་བྱེད་དགོས།

4.jpg

      དེ་རྗེས"མདོག་གསུམ་པདྨའི"སྒྱུ་རྩལ་ཚོགས་པས་དུས་རབས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོའི་སྒོ་ནས་དེང་རབས་སྒྱུ་རྩལ་གྱི་གཞི་རྒྱུ་དང་སྲོལ་རྒྱུན་རིག་གནས་ཀྱི་ཚོན་མདོག་ཟུང་འབྲེལ་དམ་ཟབ་བྱས་ཏེ་གླུ་གར་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་གངས་ལྗོངས་བོད་ཇ་འཐུ་བ་དང་ཐོན་སྐྱེད་ལས་སྣོན་གྱི་ལག་རྩལ་བརྒྱུད་སྤེལ་བྱས་ཏེ། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ངོ་མཚར་བའི་རིག་གནས་ཀྱི་བསྟན་མོ་གྱ་ནོམ་པ་ཞིག་ཕུལ་བ་རེད།

5.jpg

        འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས་གངས་ལྗོངས་བོད་ཇ་འཐུ་དང་རྔོད་བའི་རྩལ་ནུས་འགྲན་བསྡུར་སྤེལ་པ་རེད། གངས་ལྗོངས་ཇ་འཐུ་བའི་རྩལ་ནུས་འགྲན་བསྡུར་ཁྲོད་འབྲོག་པ10རྩ་འཛུགས་བྱས་ནས་འགྲན་བསྡུར་ནང་ཞུགས་པར་བདམས་པ་དང་། གཏན་འབེབས་ཀྱི་སྐར་མ20ཡི་དུས་ཚོད་ནང་གངས་ལྗོངས་བོད་ཇའི་རྟེན་གཞིར་བོད་ཇ་འཐུ་བར་བསྐྱོད་ཅིང་། མཐར་དཔྱད་འདེམས་ཨུ་ལྷན་གྱིས་བདམས་ཐོན་པས་བཏུས་པའི་ཇ་ཡི་ཁ་དོག་དང་། སྤུས་ཚད། ལྗིད་ཚད་སོགས་ལ་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞིར་བྱས་ནས་ཕྱོགས་བསྡུས་ཚད་འབེབས་ཀྱི་ཞིབ་དཔྱད་གཏན་འཁེལ་བྱས་ཏེ་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་བདམས་ཤིང་། གངས་ལྗོངས་བོད་ཇ་རྔོད་བའི་རྩལ་ནུས་འགྲན་བསྡུར་ཁྲོད་འབྲོག་པ10རྩ་འཛུགས་བྱས་ཏེ་ཡུལ་དངོས་ནས་གངས་ལྗོངས་བོད་ཇ་རྔོད་བ་དང་མཐར་དཔྱད་འདེམས་ཨུ་ལྷན་གྱིས་བདམས་ཐོན་པས་བརྔོས་པའི་གངས་ལྗོངས་བོད་ཇའི་ཁ་དོག་དང་། བྲོ་བ་བཅས་ལ་སྐར་གྲངས་དཔྱད་བསྡུར་ཚད་གཞིར་བྱས་ནས་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་དཔྱད་འདེམས་བྱས། རྩལ་ནུས་འགྲན་བསྡུར་དེ་སྤྲོ་སེམས་ཀྱི་ཁེངས་པ་དང་འཆམ་མཐུན་གྱི་རྣམ་པའི་ཁྲོད་སྤེལ་ཞིང་། ཚང་མས་གཅིག་རྗེས་གཉིས་མཐུད་དང་དཔའ་ངར་ཆེར་བསྐྱེད་ཀྱིས་ངལ་རྩོལ་པའི་ཉམས་འགྱུར་དང་འབྲོག་པ་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་གང་ལེགས་ཀྱིས་མངོན་པར་བྱས་ནས་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་སློབ་སྦྱོང་ལ་བརྟེན་ནས་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ཐོན་པར་བྱས་པས་མང་ཚོགས་ཀྱི་གསར་གཏོད་གསོན་ཤུགས་དང་ངལ་རྩོལ་གྱི་སྤྲོ་སེམས་ལ་སྐུལ་ལྕག་ནུས་ལྡན་ཐེབས་ཡོད།

7.jpg

  གངས་ལྗོངས་བོད་ཇའི་བྲིན་ཚོང་ཐབས་ལམ་ཧུར་ཐག་གིས་རྒྱ་ཇེ་ཆེར་གཏོང་བ་དང་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་ཆེད། ཡུལ་དངོས་སུ་ད་དུང་བོད་ཇ་འགྲེམས་ཚོང་བྱེད་སྒོ་སྤེལ་བ་རེད། དེ་དང་ཆབས་ཅིག་དེ་གར་ཡོད་པའི་མགོ་ཁྲིད་དང་སྐུ་མགྲོན་རྣམས་རྩ་འཛུགས་བྱས་ནས་སྨར་ཁོག་ཆུ་བོའི་ནགས་ལས་ཅུས་སྐྱེ་ཁམས་འགྲེམས་སྟོན་ཁང་དང་པན་ཆེན་སྡེ་བའི་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་རེད།   

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།