བོད་ཡིག་དཔེ་རྙིང་རྩ་ཆེན་འབོར་ཆེན་གྱི“སྤྲིན་ཚོམས་ལྟ་ཀློག”བྱེད་ཐུབ་རྒྱུ་རེད།

བོད་ལྗོངས་ཀྱི་དཔེ་རྙིང་གྲངས་འཛིན་ཅན་གྱི་གཞི་གྲངས་དཀར་ཆག་བཟོ་འགོད་ལེགས་གྲུབ་ཟིན་པ།

0002.jpg

     གསར་འགོད་པས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་གྲངས་གཞིའི་སྤྱི་འབོར་5.94TBཟིན་པའི་པོ་ཏི་167དང་བམ་པོ་24441ཡི“དཔེ་རྙིང་གྲངས་འཛིན་ཅན་གྱི་གཞི་གྲངས་དཀར་ཆག་བཟོ་འགོད”ལས་དོན་ལེགས་གྲུབ་ཟིན་པ་རེད། ལས་དོན་དེ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེས་ཁང་དེའི“ཁང་གིས་ཉར་ཚགས་བྱས་པའི་རྩ་ཆེའི་བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་གྲངས་འཛིན་ཅན་གྱི་རྣམ་གྲངས་ཁག་དང་པོ”བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བས་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་སྔར་བས་སྐུལ་འདེད་མགྱོགས་པོ་བཏང་ཡོད།

     ཤེས་རྟོགས་བྱུང་བར་གཞིཌ་ན། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི“ཁང་གིས་ཉར་ཚགས་བྱས་པའི་རྩ་ཆེའི་བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་གྲངས་འཛིན་ཅན་གྱི་རྣམ་གྲངས་ཁག་དང་པོ”ནི་བོད་ཀྱིས་བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་དངོས་སུ་གྲངས་འཛིན་ཅན་ལ་མངོན་འགྱུར་བྱུང་བའི་རྣམ་གྲངས་དང་པོ་དེ་རེད། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་ཁྲོད་ནས་བོད་ཀྱི་མཁས་དབང་རིམ་བྱུང་གི་རྣམ་ཐར་པོ་ཏི་167ཁག་དང་པོའི་གྲངས་འཛིན་ཅན་གྱི་གཅེས་བཏུས་བྱ་ཡུལ་ལ་བཞག་ཡོད།

     རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས“བོད་ཡིག་དཔེ་རྙིང་གི་གྲངས་འཛིན་ཅན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་མིག་སྔའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི‘ཉར་ཚགས་ལ་སྣང་ཆེན་དང་བེད་སྤྱོད་ལ་སྣང་ཆུང་བྱེད་པའི’རྣམ་པར་འགྱུར་ལྡོག་གཏོང་ཆེད། འཆར་གཞི་ལྟར་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་བོད་ཡིག་གི་རྩ་ཆེའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་གྲངས་འཛིན་ཅན་གྱི་གྲངས་གཞིའི་མཛོད་ཉེ་དུས་བཟོས་ཚར་བ་བྱ་རྒྱུ་དང་འབྲེལ་ཀློག་པ་པོའི་སྤྱན་ལམ་དུའང་འབུལ་རྒྱུ་ཡིན”ཞེས་བརྗོད།

མ་ཡིག་གི་ཁ་བྱང་།རྩ་ཆེའི་བོད་ཡིག་དཔེ་རྙིང་འབོར་ཆེན“སྤྲིན་ཚོམས་ལྟ་ཀློག”ཐུབ་རྒྱུ་ཡིན་པ།  


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།