ཀྲུང་གོ་བོད་ཀྱི་དྲ་བ།

པདྨ་རྫོང་གི་དམར་དམག་རྒྱང་སྐྱོད་དྲན་གསོ་རྡོ་རིང་ལེགས་འགྲུབ་བྱུང་།

  རྩོམ་པ་པོ། :   མཁར་བྱམས་ཡག་གིས་བསྒྱུར།   སྤེལ་དུས། : 2019-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ8པའི་ཚེས12ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་དམར་དམག་ཐང་ཆེན་དུ་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་སྟེ་ལོ་འཁོར་གྱ་གསུམ་འགོར་བ་དང་། དམག་བཙུགས་ནས་ལོ་འཁོར་གོ་གཉིས་ལོན་པའི་དུས་བཟང་དང་བསྟུན་ནས།པདྨ་རྫོང་གི་དམར་དམག་རྒྱང་སྐྱོད་དྲན་གསོ་རྡོ་རིང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་སྤེལ། དམག་སྤྱི་ཀྲུའུ་ཏེ་ཡི་ཚ་བོ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་བཀོད་འདོམས་སློབ་གླིང་གི་དེ་སྔའི་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་ལས་གྲྭའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་མགོ་གཙོ་གཞོན་པ། པདྨ་རྫོང་དམར་དམག་སློབ་ཆུང་གི“བརྩེ་སེམས་ཕོ་ཉའམ”ཧྲའོ་ཅང་ཀྲུའུ་ཧོ་ཕིང་དང་། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཧྲའོ་ཅང་ཀུའོ་ཅན་ཅུན། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་པུའུ་ཀྲང་གཞོན་པ་ཀུང་པཱོ། མགོ་ལོག་ཁུལ་ཨུའི་རྒྱུན་ཨུ། པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མགོ་ལོག་ཁུལ་ཨུའི་རྒྱུན་ཨུ། མགོ་ལོག་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ལིའུ་ཁྲེང་ལི།ཁུལ་དྲག་ཆས་ཡན་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཝང་ཀུའོ་ཞུས། མཁའ་དམག་ཞིབ་འཇུག་གླིང་ག་གེ་མོའི་ཀྲུན་རིན་ཀྲའོ་ཆུང་། ཞིང་ཆེན་དམག་ཁུལ་ཆབ་སྲིད་ཅུས་མདའ་དཔོན་རྒན་པའི་ལས་མི་ཏིང་ཀུ་ཧུའུ་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་དཔར་སྐྲུན་འགྲེམ་སྤེལ་ཁྲུའུ་ཁྲུའུ་ཀྲང་ལིན་ཞའོ་ཞོན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུའོ་ཀྲུང་ཡུས། ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལཱང་ཁྲུན་ཅཱང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ་ཚའོ་ཧྥ་ཧྲན། ཁུལ་མེ་གསོད་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཝང་ཞའོ་ཅན་དང་དེ་བཞིན་འབྲེལ་ཡོད་མགོ་ཁྲིད་དང་སྐུ་མགྲོན་བཅས་མཛད་སྒོར་ཞུགས་ཤིང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས་མཛད་སྒོའི་འགོ་འཛིན་གནང་།

2.jpg

དྲན་གསོ་རྡོ་རིང་དེ་པདྨ་རྫོང་གི་སྲིད་འཛིན་ས་ཁོངས་ཀྱི་ས་ཁྲ་རྒྱབ་ལྗོངས་བྱས་ཡོད་ལ། དམག་སྤྱི་ཀྲུའུ་ཏེ་དང་། ལིའུ་པོ་ཁྲེང་། ཧོ་ལུང་བཅས་ཀྱི་འཇིམ་སྐུ་གཙོ་བོར་བཞེངས་ཡོད་པ་མ་ཟད། བོད་རིགས་ས་ཁུལ་མི་དམངས་ཀྱིས་རྒྱང་སྐྱོད་དང་དམར་དམག་གི་འཐབ་འཛིང་པར་སྐྱེལ་མ་བྱེད་པའི་སྣང་བརྙན་ཡང་འཇིམ་སྐུར་བཞེངས་ཡོད། དྲན་གསོ་རྡོ་རིང་ནི་བྱེ་རྡོ་དམར་པོའི་རྒྱུ་ཆས་བཟོས་ཤིང་། རིང་ཚད་ལ་སྨི12དང་། ཞེང་ལ་སྨི4 མཐོ་ཚད་ལ་སྨི8བཅས་ཡོད་པ་དང་སྤྱིའི་ལྗིད་ཚད་ཏུན80ཡོད། 

3.jpg

པདྨ་རྫོང་གིས་དམར་དམག་ཐང་ཆེན་དུ་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་སྟེ་ལོ་འཁོར་གྱ་གསུམ་འགོར་བ་དང་། དམག་བཙུགས་ནས་ལོ་འཁོར་གོ་གཉིས་ལོན་པའི་དུས་བཟང་དང་བསྟུན་ནས། པདྨ་རྫོང་གིས་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་སྤེལ་བའི་དམིགས་ཡུལ་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་རྗེས་དྲན་ཞུ་བ་དང་།  རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་ཆེན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྔོན་ཆད་པདྨར་བརྒྱུད་མྱོང་བའི་ཀྲུང་གོའི་བཟོ་ཞིང་དམར་དམག་ལ་དྲན་གསོ་ཞུ་ཆེད་ཡིན་ལ། རྒྱང་སྐྱོད་སྙིང་སྟོབས་ལ་འཕེལ་རྒྱས་ཀྱི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་ནས་པདྨའི་རིགས་སོ་སོས་མི་དམངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་གསར་བརྗེའི་སྔོན་བྱོན་པའི་ཞབས་རྗེས་དེད་དེ་མུ་མཐུད་མདུན་སྐྱོད་བྱས་ནས་རྒྱང་སྐྱོད་སྙིང་སྟོབས་ཀྱི་སྣེ་ཁྲིད་འོག་ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཧུར་བརྩོན་གྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས། ཏང་འཛུགས་སྐྱོང་དང་པདྨའི་ཉམས་མྱོང་ཟུང་འབྲེལ་གྱིས་རྒྱ་སྐྱེད་དུ་གཏང་སྟེ། སྟོབས་ཤུགས་གཅིག་སྒྲིལ་དང་དཔའ་ངར་ཆེ་སྐྱེད་ཀྱིས་གསར་བརྗེའི་སྔོན་བྱོན་པས་གསར་གཏོད་བྱས་པའི་བྱ་གཞག་རླབས་ཆེན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ་དུས་རབས་གསར་པར“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས། 

4.jpg

ཐེངས་འདིའི་མཛད་སྒོར་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་མགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་ཡོད་ལ།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་གོ་མཚོན་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་། ཧྲའོ་ཅང་། སྐད་གྲགས་ཆེ་བའི་ཡིག་གཟུགས་མཁས་པ་བློ་མཐུན་ལིའུ་མོང(དམག་སྤྱི་ལིའུ་པོ་ཁྲེང་གི་བུ)གིས་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་ལེགས་འགྲུབ་ཡོང་བའི་མཛད་སྒོ་ལ“མཉམ་དུ་རྒྱང་སྐྱོད་མཐུན་སྒྲིལ་རོལ་དབྱངས་སྒྲོལ་ཏེ། རྒྱ་བོད་གཉིས་ཀྱིས་འཕེལ་རྒྱས་ཀྱི་གྲུ་གཟིངས་གཏོང་།”ཞེས་པའི་ཤིས་ཚིག་གནང་།

5.jpg

མཛད་སྒོ་མཇུག་སྒྲིལ་རྗེས་ལས་རིགས་ཁག་གི་འཐུས་མི་རྣམས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་།  མཚོ་སྔོན་ཞིང་ཆེན་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་ལྟེ་གནས་པདྨ་རྫོང་གི“དམར་དམག་ལུང་པར”སྐྱོད་དེ་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་གྱ་གསུམ་འགོར་བ་དང་དམག་བཙུགས་ནས་ལོ་འཁོར་གོ་གཉིས་ལོན་པར་རྟེན་འབྲེལ་ཞུ་བའི་དམར་དམག་གི་རྒྱང་སྐྱོད་ལམ་བུ་བསྐྱར་སྐྱོད་བྱེད་པའི་བྱ་འགུལ་སྤེལ་པ་དང་། ལས་རིགས་སོ་སོའི་འཐུས་མི་རྣམས་ཀྱིས་ཡུལ་དངོས་ནས་གསར་བརྗེ་དྲན་གསོ་ཁང་ལ་ལྟ་སྐོར་དང་། གསར་བརྗེའི་རྗེས་ཤུལ་ལ་འཚོལ་སྙེག་བྱེད་པ་དང་། དམར་དམག་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། ཧྲའོ་ཅང་ཀྲུའུ་ཧོ་ཕིང་གིས་གསལ་བཤད་ལ་ཉན་པ་དང་རྗེས་དྲན་ཁང་ནང་གི་ལོ་རྒྱུས་ཀྱི་དངོས་རྫས་དང་དཔྱད་ཡིག་རྩ་ཆེན་བཅས་ལ་གཟིགས་རྗེས་པདྨ་རྫོང་གི་གསར་བརྗེ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ། གསར་བརྗེའི་རྟེན་གཞིའི་འཛུགས་སྐྲུན་ཐད་ལ་བསམ་འཆར་བཏོན་པ་རེད།  དེའི་རྗེས།  ལས་རིགས་སོ་སོའི་འཐུས་མི་དང་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ལིའུ་ཐའོ་དང་བཅས་པ་དམར་དམག་གི་བང་སོའི་མདུན་དུ་ཕེབས་ནས་གུས་བཀུར་ཆེན་པོས་སྔོན་གཤེགས་དཔའ་བོ་མཆོད་འབུལ་དང་ཁ་གཏགས་དཀར་པོ་ཕུལ་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་།  ཞིང་ཆེན་དམག་ཁུལ། ཞིང་ཆེན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག  མགོ་ལོག་ཁུལ་ཨུའི་དྲིལ་བསྒྲགས་པུའུ་བཅས་ཀྱི་འཐུས་མི་དང་པདྨ་རྫོང་གི་དམར་དམག་གི་གཉེན་ཉེའི་འཐུས་མི། པདྨ་རྫོང་གི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་དང་། བཅའ་སྡོད་དྲག་ཆས་ཉེན་རྟོག་དཔོན་དམག  རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སོགས་ཁྱོན་སྡོམ་མི1000ལྷག་ཐེངས་འདིའི་མཛད་སྒོར་ཞུགས།      

6.jpg

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།