ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བདུན་པའི་མགོ་ལོག་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས།

    སྤེལ་དུས། : 2019-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ་འཁོར70ལོན་པ། མགོ་ལོག་ཁུལ་བཙུགས་ནས་ལོ་འཁོར65ལོན་པའི་བཀྲ་ཤིས་དུས་བཟང་དང་བསྟུན་ནས། ཟླ8པའི་ཚེས4ཉིན་གྱི་སྔ་དྲོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་མཛད་པའི་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་གེ་སར་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་འགོ་བརྩམས།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་དང་།ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ། གཙང་གསུམ་ཁུངས་རྒྱུད་སྐྱེ་ཁམས་སྲུང་སྐྱོབས་ཐེབས་རྩ་ཚོགས་པའི་ཚོགས་གཙོ་སྟག་འབུམ་ཐར་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིན་གྱི་ཀྲུའུ་རིན་ལིས་ཁྲོན་ལིན་དང་ལས་བྱེད་པ་དང་མང་ཚོགས12000ལྷག་དུས་ཆེན་གྱི་མཛད་སྒོར་ཞུགས། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་གྱིས་མཛད་སྒོའི་མགོ་རྩོམ་པའི་ཁྱབ་བསྒྲགས་མཛད་པ་དང་། མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་དབྱིས་ཀྲང་གིས་ཤིས་ཚིག་འབུལ་ཞིང་། ཁུལ་དཔོན་པད་རྒྱལ་བཀྲ་ཤིས་ཀྱིས་མཛད་སྒོར་མགོ་འཛིན་བྱས།

1.jpg

 

སྐབས་བདུན་པའི་མགོ་ལོག་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཡུལ་དངོས།

2.jpg

 

ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་གྱིས་མཛད་སྒོ་མགོ་རྩོམ་པའི་ཁྱབ་བསྒྲགས་མཛད་བཞིན་པ།

3.jpg

 

མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་དབྱིས་ཀྲང་གིས་ཤིས་ཚིག་འབུལ་བཞིན་པ།

4.jpg

 

ཁུལ་དཔོན་པད་རྒྱལ་བཀྲ་ཤིས་ཀྱིས་མཛད་སྒོར་མགོ་འཛིན་མཛད་བཞིན་པ།

5.jpg

 

སྐབས་བདུན་པའི་མགོ་ལོག་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཡུལ་དངོས།

6.jpg

 

སྐབས་བདུན་པའི་མགོ་ལོག་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཡུལ་དངོས།

7.jpg

 

སྐབས་བདུན་པའི་མགོ་ལོག་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཡུལ་དངོས།

 རྒྱུས་ལོན་པ་ལྟར་ན། རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་དེ2002ལོརཐོག་མར་སྤེལ་ཞིང་ད་ལྟའི་བར་ཐེངས་དྲུག་ལ་བསྒྲུབས་པས།མགོ་ལོག་ཁུལ་གྱི་ཤུགས་རྐྱེན་ཆེས་ཆེ་བའི་རིག་གནས་ཡུལ་སྐོར་མཚོན་རྟགས་སུ་གྱུར་ཡོད།      གེ་སར་རིག་གནས་ནི་གེ་སར་རྒྱལ་པོའི་སྒྲུང་གིས་མཚོན་ཞིང་། གླིང་སྒྲུང་ནི་བོད་རིགས་མི་དམངས་ཀྱི་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་བྱུང་བརྗོད་སྙན་ངག་རིང་མོ་ཡིན་ཞིང་། གངས་རིའི་ལྗོངས་སུ་གནའ་སྔ་མོ་ནས་དར་རྒྱ་ཧ་ཅང་ཆེ་ཞིང་མང་ཚོགས་ཀྱིས་དགའ་བསུ་ཧ་ཅང་ཆེན་པོ་ཐོབ་པའི་ཕུལ་བྱུང་དོན་བརྗོད་སྙན་རྩོམ་རིང་མོའང་ཡིན།གེ་སར་སྒྲུང་གི་བརྗོད་བྱར་གནའ་རབས་བོད་ཀྱི་ཆབ་སྲིད་དང་དམག་དོན། རིག་གནས། ཆོས་ལུགས། དམངས་སྲོལ་བཅས་ཕྱོགས་སོ་སོའི་ནང་དོན་འདུས་ཡོད་པས། བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་རིག་གནས་ཀུན་འདུས་ཆེན་མོ་ཞིག་ཀྱང་ཡིན། གླིང་སྒྲུང་དུགླིང་གེ་སར་རྒྱལ་པོས་གཙོ་མཛད་པའི་དཔའ་རྟུལ་སུམ་ཅུས་བཙན་པོའི་གཉའ་ནས་མནན་ཞིང་གཉོན་ཆུང་མཐའ་ནས་སྐྱོང་ཞིང་། ཕྱོགས་བཞིའི་དགྲ་བཞི་བཏུལ་ཞིང་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་གྲངས་མེད་ཆམ་ལ་ཕབ་པའི་དཔའ་བོའི་ལོ་རྒྱུས་གསོན་ཉམས་ལྡན་པའི་སྒོ་ནས་ཞིབ་བྲིས་མཛད་ཡོད། མིག་སྔའི་བར། དཔའ་བོའི་ལོ་རྒྱུས་སྙན་ངག་ཆེན་མོ《གླིང་གེ་སར་རྒྱལ་པོའི་སྒྲུང》དང་འབྲེལ་ཡོད་བསྡོམས་པས་ཡིག་འབྲུ་ཁྲི8000ལྷག་ཟིན་ཞིང་བམ་པོ300ལྷག་ལྔན་པའི་གླིང་སྒྲུང་་པར་བསྐྲུན་དང་འགྲེམ་སྤེལ་བྱས་ཟིན། ཤེས་གསལ་ལྟར་ན། 《གླིང་གེ་སར་རྒྱལ་པོའི་སྒྲུང》ནི་གནའ་རབས་རྒྱ་གར་གྱི་དཔལ་བོའི་ལོ་རྒྱུས་སྙན་ངག་ཆེན་མོ་སྟེ《མ་ཧ་བྷ་ར་ཏ་》དང《རྰ་མ་ཡ་ན》དང་། གནའ་བོའི་ཀེ་རི་སེའི་ཧོ་མའི་ལོ་རྒྱུས་སྙན་ངག་ཆེན་མོ《དབྱི་ལི་ཨ་ཏི》དང《ཨོ་ཏི་སེ》བཅས་ཀྱིས་གྲུབ་པའི་འཛམ་གླིང་སྙན་གྲགས་ཆེས་ཆེ་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རི་མོ་གསུམ་ནང་གི་གཅིག་ཡིན།  །

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།