མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ“བརྡ་ཆད་གསར་པའི”འགྲན་སྡུར་སྐབས་གསུམ་པ་སྤེལ་བ།

1.jpg

ཉེ་སྔོན། མཚོ་སྔོན་ཞིང་ཆེན་རྒྱ་བོད་ལོ་ཙཱ་བ་སྐྱེད་སྲིང་དང་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་དང་བོད་རིག་པའི་སློབ་གླིང་གི༡༧ལོའི་རྒྱ་བོད་ལོ་ཙཱ་འཛིན་གྲྭས་འགན་སྒྲུབ། བོད་རིག་པའི་སློབ་གླིང་གི་རྒྱ་བོད་ལོ་ཙཱའི་ཁྲིད་དཔྱོད་ཁང་དང་རྒྱ་བོད་ལོ་ཙཱ་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི“བརྡ་ཆད་གསར་པའི་འགྲན་སྡུར”སྐབས་གསུམ་པའི་རྟིང་རྩོད་འགྲན་སྡུར་དེ་བོད་རིག་པའི་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཚོམས་ཆེན་དང་པོ་རུ་སྤེལ།

2.jpg

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ཚུགས་ནས་ལོ་འཁོར༧༠ལོན་པའི་འཁྲུངས་སྐར་བསུ་བ་དང་མིང་བརྡ་གསར་བ་ཉིན་བཞིན་འཕེལ་བ་དང་། དུས་རབས་གསར་བའི་གོམ་འགྲོས་ཀྱི་སྣེ་མོར་རྡོག་པས་མནན་ནས། བྱ་དངོས་གསར་པར་མིང་གསར་འདོགས་པ་དང་གསར་བྱུང་མིང་བརྡ་སྣ་ཚོགས་དངོས་ཡོད་འཚོ་བའི་ལག་ལེན་དུ་བཀོལ་སྤྱོད་གཏང་ཆེད། མཚོ་སྔོན་ཞིང་ཆེན་རྒྱ་བོད་ལོ་ཙཱ་བ་སྐྱེད་སྲིང་དང་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་དང་བོད་རིག་པའི་སློབ་གླིང་གི༡༧ལོའི་རྒྱ་བོད་ལོ་ཙཱ་འཛིན་གྲྭས་འགན་སྒྲུབ། བོད་རིག་པའི་སློབ་གླིང་གི་རྒྱ་བོད་ལོ་ཙཱའི་ཁྲིད་དཔྱོད་ཁང་དང་རྒྱ་བོད་ལོ་ཙཱ་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི་སློབ་གླིང་ཡོངས་ལ་ཁ་ཕྱོགས་པའི“བརྡ་ཆད་གསར་པའི་འགྲན་སྡུར”སྐབས་གསུམ་པའི་རྟིང་རྩོད་འགྲན་སྡུར་དེ་ཟླ5པའི་ཚེས12ཉིན་གྱི་དགོང་མོའི་ཆུ་ཚོད7:00གྱི་སྟེང་བོད་རིག་པའི་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཚོམས་ཆེན་དང་པོ་རུ་སྤེལ། 

3.jpg

ཐེངས་འདིའི་འགྲན་སྡུར་དུ་མཚོ་སྔོན་ཞིང་ཆེན་རྒྱ་བོད་ལོ་ཙྰ་བ་སྐྱེད་སྲིང་དང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་རིག་འཛིན་ལགས་དང་། དགེ་རྒན་ཆེན་མོ་དཀར་མཚོ། དགེ་རྒན་ཆེན་མོ་པདྨ་ཚེ་རིང་། དགེ་རྒན་ཆེན་མོ་འཇམ་དབྱངས་སྒྲོལ་མ་བཅས་གདན་ཞུས་ཏེ། འགྲན་ཞུགས་པ་དག་གི་སྤོབས་པ་དང་བརྡ་ཆད་ངོས་འཛིན་གྱི་བྱང་ཆ། བརྡ་ཆད་གསར་པ་བཀོལ་ཏེ་ཚིག་སྒྲིག་སྟངས། ཚིག་གྲུབ་བོད་ཡིག་ཏུ་སྒྱུར་སྟངས། བརྡ་ཆད་གསར་པའི་སྐོར་གྱི་དོགས་དཔྱོད་བཅས་འགྲན་སྐོར་བཞི་བརྒྱུད་ནས་རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་སློབ་གླིང་སོ་སོའི་འགྲན་ཞུགས་པ་བཅུ་བོ་ལ་དྲང་བདེན་ངང་སྐར་མ་བྱིན།

4.jpg

ཐེངས་འདིའི་འགྲན་སྡུར་ནང་། སློབ་གྲོགས་བཀྲ་ཤིས་བདེ་སྐྱིད་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་།སློབ་གྲོགས་ཨོ་མཆོག་སྐྱིད་དང་སློབ་གྲོགས་རྡོ་རྗེ་མཁའ་འགྲོ་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། སློབ་གྲོགས་འཕགས་མོ་བདེ་སྐྱིད་དང་སློབ་གྲོགས་བུ་ཆུང། གཡང་རིས་འཚོ་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ།སློབ་གྲོགས་སྟག་མོ་མཚོ་དང་སློབ་གྲོགས་སངས་སྐྱིད། སློབ་གྲོགས་གཡུ་སྒྲོན། སློབ་གྲོགས་བདེ་ཆེན་མི་འགྱུར་བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།