ཀྲུང་གོ་བོད་ཀྱི་དྲ་བ།

འགྱིག་རྡུལ་ང་ཚོའི་འཚོ་བར་ཟིམ་འཛུལ་བྱས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འགྱིག་རྡུལ་ནི་ཅིག་ཞིག་ཡིན་ནམ། 

ཚངས་ཐིག་ཧའོ་སྨི5ལས་ཆུང་བའི་སྤོས་འགྱིག་རིལ་རྡུལ་ལ་ཡོངས་ཁྱབ་ཏུ་“འགྱིག་རྡུལ”ཟེར།(དེའི་ནང་ཚངས་ཐིག་ནཱ་སྨི100ལས་ཆུང་བའམ་ནད་དུག་ལས་ཀྱང་ཆུང་བའི་རིལ་རྡུལ་ལ“ནཱ་སྨི་སྤོས་འགྱིག”ཟེར།)ཚངས་ཐིག་ཧ་ཅང་ཆུང་བས་གཙང་བོ་དང་རྒྱ་མཚོར་བཞུར་སླ།

འགྱིག་རྡུལ་ཇི་ལྟར་ཐོན་པ་ཡིན་ནམ། 

ཐོག་མར་སྤོས་འགྱིག་ཆེན་པོ་དག་དུས་ཚོད་དང་བསྟུན་ནས་འཐོར་ཏེ་དབྱེ་འབྱེད་བྱས་རྗེས་སྤོས་རྡུལ་དུ་འགྱུར་བ་ཡིན། བཟོ་ལས་ཐོན་རྫས་ཁ་ཤས་ཀྱི་ནང་དུ་སྤོས་རྡུལ་འདུས་ཡོད་དེ། སོ་སྨན་དང་ངོ་འཁྲུད་རྫས་སོགས་ཀྱི་ཁྲོད་དུ་སྤོས་རྡུལ་བརྡར་རྫས་རྒྱུན་དུ་མཐོང་རྒྱུ་མང་། འཚོ་བའི་ཁྲོད་ཀྱི་རྫས་འགྱུར་ཚི་སྣའི་རྫས་དང་འཁོར་ལོ་གཙུབ་བརྡར་ཡང་དེའི་འབྱུང་ཁུངས་ཀྱི་གྲས་ཤིག་ཡིན། 2015ལོར་ཨ་རིས་བྱུག་རྫས་དང་མི་སྒེར་གྱི་བདེ་ཐང་སྲུང་སྐྱོང་ཐོན་རྫས་ཁྲོད་འགྱིག་རྡུལ་སྣོན་མི་ཆོག་པའི་སྒྲིག་ལམ་བཙུགས་ཡོད། 

གང་དུ་འགྱིག་རྡུལ་མང་ངམ།

འགྱིག་རྡུལ་བཙོག་ཆུ་དང་མཉམ་དུ་རྒྱ་མཚོར་བཞུར་བ་དང་། དེ་རྒྱ་མཚོའི་སྲོག་ཆགས་ཀྱིས་བཟའ་སླ། དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས། སྲོག་ཆགས་འདི་དག་གི་ལུས་ནང་དུ་འགྱིག་རྡུལ་མང་བོ་བསགས་སྲིད། “སྤོས་འགྱིག་རྒྱ་མཚོ”རྩ་འཛུགས་ཀྱི་གྲངས་གཞིར་གཞིགས་ན། ལོ་རེར་སྤོས་འགྱིག་ཏུན་ཁྲི800ལྷག་ཙམ་རྒྱ་མཚོའི་ནང་བཞུར་གྱིན་ཡོད།    

2020ལོར། རིགས་མི་འདྲ་བའི་མཚོ་ཐོན་བཟའ་བཅའ5ལ་ཞིབ་འཇུག་དང་ཞིབ་དཔྱད་བྱས་པ་དང་། མ་དཔེ་རེ་རེའི་ནང་འགྱིག་རྡུལ་ཚུད་ཡོད་པ་ཤེས་རྟོགས་བྱུང་བ་རེད། དུས་མཚུངས་ཆུ་བོ་གཅིག་གི་ཉ་རིགས་གཉིས་ལ་ཞིབ་འཇུག་དང་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཞིབ་དཔྱད་ཚད་ལེན་མ་དཔེའི་གཟུགས་པོའི་ནང་དུ་འགྱིག་རྡུལ100%འདུས་ཡོད་པ་ཤེས་རྟོགས་བྱུང་། འགྱིག་རྡུལ་ང་ཚོའི་འཚོ་བར་ཟིམ་འཛུལ་བྱས་ཡོད།  

འགྱིག་རྡུལ་སྐྱེ་དངོས་ཕྲེང་བའི་ལྡོག་ཕྱོགས་སུ་བསགས་བཞིན་ཡོད་ལ། སྐྱེ་དངོས་ཕྲེང་བའི་རྩེ་མོ་དང་ཐག་ཇེ་ལྟར་ཉེ་ན་འགྱིག་རྡུལ་བསྡུ་ལེན་བྱས་པ་དེ་བས་མང་སྲིད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།