ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་ཁྲུང་ཁྲུང་སྐེ་ནག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1607998218122114_副本.jpg

མཐོ་སྒང་གི་ཁྲུང་ཁྲུང་སྐེ་ནག

ཁྲུང་ཁྲུང་སྐེ་ནག་ནི་ཁྲུང་ཁྲུང་གི་རིགས་སུ་གཏོགས་ཤིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན། གཟུགས་པོའི་སྤྱིའི་རིང་ཚད་ལ་ལི་སྨི115ཙམ་དང་། མཐོ་ཚད་ལ་ལི་སྨི་130ཙམ་ཡོད། ཕོ་མོ་འདྲ་མཚུངས་ཡིན། 

ཁྲུང་ཁྲུང་སྐེ་ནག་ནི་ས་བབ་མཐོ་ཚད་སྨི2500ནས5000བར་གྱི་ས་མཐོར་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། རྒྱུན་དུ་ན་འདམ་དང་མཚེའུ། གྲམ་ཐང་སོགས་འདམ་རའི་ཁོར་ཡུག་ནང་འཚོ་སྡོད་བྱེད་བཞིན་ཡོད་ལ། དེ་ནི་དུས་བྱ་ཡིན་སྟབས། ལོ་རེའི་དཔྱིད་ཟླ་གསུམ་པར་ཁྱུ་དང་ཁྱུ་བྱས་ནས་དགུན་བསྐྱལ་སའི་ཡུན་ཀུའེ་མཐོ་སྒང་གི་བྱང་ཕྱོགས་དང་བྲལ་ཏེ་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་སྤོར་བ་དང་། མཐོ་ཞིང་འཁྱག་པའི་སྤང་ཐང་ངམ་ཡང་ན་མཚེའུ་དང་ཆུ་བོ། ན་འདམ་ས་ཁུལ་བདམས་ནས། ཟླ4པའི་ཟླ་སྨད་དུ་རྒྱུད་སྤེལ་བྱེད་འགོ་རྩོམ་པ་ཡིན། ཟླ10པའི་ཟླ་མཇུག་ཏུ་སླེབས་སྐབས་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དང་ཡུན་ཀུའེ་མཐོ་སྒང་དང་དེ་བཞིན་ཀྲུང་གོ་དང་རྒྱ་གར། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཐའ་མཚམས་བཅས་སུ་འཕུར་ནས་དགུན་བསྐྱལ་བྱེད་ཀྱི་ཡོད། དགུན་བསྐྱལ་བྱེད་སྐབས། ཁྲུང་ཁྲུང་སྐེ་ནག་མཚེའུ་འགྲམ་དང་ན་འདམ། ཞིང་ནང་དུ་འཚོ་སྡོད་བྱེད་པ་དང་། རྒྱུན་དུ་ཁྲུང་ཁྲུང་སྐྱ་བོ་དང་ཁྲུང་ཁྲུང་མགོ་ཁྲ་དང་མཚན་མོར་མཉམ་དུ་སྡོད་པ་དང་ཟས་འཚོལ་བ། གནས་ཡུལ་གཅིག་ཏུ་ངལ་གསོ་བྱེད་པ་ཡིན། དགུན་བསྐྱལ་སྐབས་ཁྲུང་ཁྲུང་སྐེ་ནག་གི་ཁ་ཟས་ནི་གཙོ་བོ་རྩི་ཤིང་ཡིན་ལ། སྲོག་ཆགས་རང་བཞིན་གྱི་ཟས་རིགས་དང་ལྷག་པར་ཏུ་ལུས་མཉེན་སྲོག་ཆགས་ཀྱང་ཟ་བཞིན་ཡོད། སེམས་ཀྱི་ཉི་ཟླ་ནི་ཁྲུང་ཁྲུང་སྐེ་ནག་གི་དགུན་བསྐྱལ་ས་གལ་ཆེན་ཞིག་ཡིན་པ་དང་ལོ་རེའི་དགུན་ཁར་ཁྲུང་ཁྲུང་སྐེ་ནག་མང་པོ་འདི་གར་དགུན་བསྐྱལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།