ཨོྃ་ཨཱཿཧཱུྃ།
ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་རླབས་པའི།།
ཟག་མེད་བདུད་རྩིའི་ཇ་མཆོད་རྒྱ་མཚོ་འདི།།
ཐར་བའི་ལམ་སྟོན་དྲིན་ཅན་བླ་མ་མཆོད།།
སྲིད་ཞིའི་འཇིགས་སྐྱོབས་དཀོན་མཆོག་རྣམ་གསུམ་མཆོད།།
དངོས་གྲུབ་འབྱུང་གནས་ཡིད་དམ་ཞི་ཁྲོ་མཆོད།།
ས་ལམ་གྲོགས་མཛད་ཡེ་ཤེས་མཁའ་འགྲོ་མཆོད།།
འཕྲིན་ལས་དབང་ཕྱུག་ཆོས་སྐྱོང་སྲུང་མ་མཆོད།།
དཀར་ཕྱོགས་སྐྱོང་པའི་ལྷ་ཀླུ་གཞི་བདག་མཆོད།།
སྡོངས་གྲོགས་བྱེད་པའི་ཡུལ་འདིའི་གཞི་བདག་མཆོད།།
ལན་ཆགས་བུ་ལོན་སྙེག་བའི་གདོན་བགེགས་མཆོད།།
རིགས་དྲུག་མར་གྱུར་སེམས་ཅན་ཕ་མ་མཆོད།།
དེ་ལྟར་མཆོད་པའི་བདག་སོགས་འཁོར་བཅས་ཀྱི།།
འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས།།
ཚོགས་བསགས་སྒྲུབ་སྦྱང་སངས་རྒྱས་མྱུར་ཐོབ་ཤོག།
འདི་ནི་ཐམས་ཅད་མཁྱེན་པ་རྒྱལ་དབང་ལྔ་བ་ཆེན་མོ་བློ་བཟང་རྒྱ་མཚོས་གསུངས་སོ།།
རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།
ཇ་མཆོད་བཞུགས་སོ།།