དགེ་ལུགས་པའི་གྲུབ་མཐའ།

དགེ་ལུགས་པའི་གྲུབ་མཐའ་ཞེས་པ་ནི་གདན་སའི་མིང་ལ་བརྟེན་ནས་ཐོགས་པ་ཞིག་ཡིན་ཏེ། རྗེ་ཙོང་ཁ་པ་ཆེན་པོས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་སྤྱི་ལོ༡༤༠༩ལོར་ཕྱག་བཏབ། སྐུ་ཚེའི་སྨད་དུ་དེར་བརྟན་ཆགས་པར་བཞུགས་པ་ལ་བརྟེན་ནས་རྗེའི་རིང་ལུགས་ལ་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད། དེའི་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་དགའ་ལུགས་པ་ཞེས་ཟེར་བ་བརྗོད་མི་བདེ་བས་དགེ་ལུགས་པ་ཞེས་མིང་དུ་འབོད་པ་རྒྱུན་ཆགས། དེ་ནས་བཟུང་དགེ་ལུགས་པའི་གྲུབ་མཐའ་འདི་ཉིད་དར་ཞིང་རྒྱས་པར་གྱུར།

དཔལ་མཉམ་མེད་དགེ་ལྡན་པའི་ལུགས་འཛིན་པའི་དགོན་སྡེའི་མཚན་རགས་ཙམ་ངོ་སྤྲོད་ཞུ་ན། སེ་འབྲས་དགའ་གསུམ་དང་གཙང་བཀྲ་ཤིས་ལྷུན་པོ་དགོན་པ། སྐུ་འབུམ་དགོན་དང་གསེར་ཁོག བྱ་ཁྱུང་། དགོན་ལུང་། ཆུ་བཟང་། བླ་བྲང་བཀྲ་ཤིས་འཁྱིལ། རོང་བོ་དགོན་ཆེན་སོགས་མང་དུ་མཆིས།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།