མགོ་དང་འགོ་ཡིག་གཉིས་འཇོལ་ཉོག་ཏུ་སྤྱོད་ཀྱིན་པ་རྣམས་ལ་གསོལ་བ།

དེ་ཡང་མ་མགོ་དང་འ་འགོའི་ཡི་གེ་གཉིས་ཀྱི་འཇུག་དོན་དང་སྦྱོར་ཚུལ་ཐད་ལ་དེང་རབས་ཀྱི་མཁས་དབང་ཆེན་མོ་ཚེ་ཏན་ཞབས་དྲུང་མཆོག་གིས་དེ་སྔདག་ཡིག་ཐོན་མིའི་དགོངས་རྒྱནགྱི་སྨད་ཆའི་ནང་།འགོ་མནི།དག་ཡིག་འགར། བྱ་བའི་འགོ་དང་ལུས་ཀྱི་མགོ།ཞེས་ཐོག་མའི་དོན་དུ་བཤད་མོད། ཁ་མིག་ལྡན་པའི་གོང་བུ་ལས་གཞན་ལ་མས་འཕུལ་མི་བྱེད་ན་ཁྱབ་ཆུང་བར་འགྱུར་ཞིང་བྱ་བའི་འགོ་མཇུག་དང་ལུས་ཀྱི་མགོ་མཇུག་ཅེས་ཁྱད་འབྱེད་དོན་ཡང་མི་རྙེད་དོ།།དེའི་ཕྱིར་འ་འགོ་ནད་འགོ་བ་དང་རི་ལ་འགོ་བ་ཞེས་པ་ལས་བྱ་བའི་མགོམཇུག ཆུའི་མགོརྔ།ཞེས་ཁྱད་མེད་པར་བྲིས་ན་དཔེ་དག་པ་རྣམས་དང་མཐུན་ནམ་སྙམ་མོ། །1ཞེས་ཁོང་གི་བཞེད་དགོངས་གསལ་བོར་གསུངས་ཡོད་པ་མ་ཟད། ཕྱིས་སུ་མཛད་པའི་ཐོན་མིའི་ཞལ་ལུངགི་ལྡེབ312པར་ཡང་།འགོ་བརྩམས།བྱ་བའི་མགོ་བཟུང་བ་སྟེ་མས་འཕུལ་གྱི་མགོ་བྱས་ན་ལེགས། རྒྱུ་མཚན་ནི་བྱ་བའི་འགོ་དང་ལུས་ཀྱི་མགོ་ཞེས་ཁྱད་པར་འབྱེད་པའི་རིགས་པ་དེས་ཆུ་མི་ཐུབ་སྟེ།ལུས་ཀྱི་མགོ རི་མགོ ཆུ་མགོ བྱ་བའི་མགོ་མཇུག་བར་གསུམ་དང་།ཞེ་ས་སྦྱོར་བའི་སྐབས་སུ་མཛད་པའི་དབུ་ཚུགས་ནས་མཇུག་གྲུབ་ཀྱི་བར།ཞེས་པ་རྣམས་ཀྱི་སྟེང་ནས་བསམ་བློ་ཐོངས་དང་། དེ་དག་ལ་སྡེབ་གཅིག་ཏུ་མ་མགོ་བྱས་ན་འཐད་པ་དང་།འ་འགོ་ཅན་ནི་རི་ལ་འགོ་བ་དང་ནད་འགོ་བའི་སྐལ་བར་བཞག་ན་སྐྱོན་ཕྲ་མོས་ཀྱང་རེག་པར་མི་འགྱུར་རོ་སྙམ་དུ་སེམས་སོ།།དེ་མིན་ཁྱོད་ལྟར་ན་བྱ་བའི་འགོ་འཇུག་ཅེས་འས་འཕུལ་གྱི་འཇུག་འབྲི་དགོས་པར་འགྱུར་ཞིང་།ཞེ་ས་བྱེད་པའི་སྐབས་སུ་བྱ་བའི་དབུ་ཞེས་པ་ལ་ཡང་སྔ་ན་མེད་པའི་ཡི་གེ་གསར་བ་ཞིག་བཟོ་དགོས་པར་འགྱུར་རོ།།2ཞེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་བསྐྱར་སྔར་བས་ཐུགས་ཐག་ཆོད་པའི་སྒོ་ནས་གསུངས་ཡོད་ཙ་ན།དེ་ནི་ཁོང་གིས་མཁྱེན་སྟོབས་ཀྱི་རྩལ་གྱིས་བརྟག་ཅིང་།བོད་པ་རང་གི་སྐད་ཆའི་བརྗོད་སྟངས་སོགས་ལ་ཡང་ཡང་དཔྱད་མཐར་གཟོད་བཞག་པའི་སྡོམ་ཆིངས་ཤིག་ལགས་པས།ད་ལྟ་མཁས་མིང་འཛིན་པ་ཁ་ཅིག་གི་སྣང་ངོར་འགོཁྲིད་དང་།འགོབརྗོདའགོའཛིནའགོ་བརྩམས་སོགས་ལ་འ་འགོ་ཅན་བྲིས་ན་དག་ཆ་ཐོན་ཡོད་ཅིང་ཁུངས་བཙུན་པར་སྙམ་པ་དང་།གལ་སྲིད་དེ་རིགས་ལ་མ་མགོ་ཅན་བྲིས་ན་སེམས་ཅན་གྱི་མགོ་དང་འཁྲུལ་ཉེན་ཆེ་སྙམ་པའི་དགོས་མེད་ཀྱི་དོགས་པ་སེལ་བའི་རྩི་སྨན་ལྟ་བུར་འགྱུར་ངེས་པ་གདོན་མི་ཟ།དེར་མ་ཟད་དོན་གནད་ཆུང་ཆུང་ཆུང་ཞིག་གི་སྟེང་ནས་ཀྱང་མ་མགོ་དང་འ་འགོའི་ཡི་གེ་གཉིས་ཀྱི་འཇུག་ཁྱད་ཧ་གོ་ནུས་ཏེ།ཡོངས་གྲགས་ལྟར་ན། ང་ཚོའི་བོད་ཀྱི་ཡི་གེ་ལ་མགོ་ཅན་གྱི་ཡི་གེ་གསུམ་སྟེ།མགོ་དང་།མགོམགོའོ་ཞེས་མ་མགོ་ཅན་འབྲི་བ་ལ།མཁས་པ་ཁ་ཅིག་གི་བསམ་འཁྱེར་ལྟར་ན། ང་ཚོའི་བོད་ལ་འགོ་ཅན་གྱི་ཡི་གེ་གསུམ་སྟེ།འགོ་དང་།འགོའགོའོ་ཞེས་འ་འགོ་ཅན་འབྲི་དགོས་པར་འགྱུར་བས་ཞིབ་ཏུ་སོམས་ཤིག་ཨང་།དེ་ལྟར་དུ་མགོ་རྒྱལ་མཆུ་ནི་དགུན་ཟླ་གསུམ་ཞེས་བོད་པ་རང་གི་ཡུལ་བབ་དང་མཐུན་པར་བརྩིས་པའི་ཟླ་བ་བཅུ་གཅིག་པའི་མིང་ལ་ཐོག་མའི་དོན་གྱི་མགོཟླ་བ་ཟེར་ཞིང་།ཉོན་མོངས་ཀྱི་མགོ་མནན་དང་།མགོརྟིང་སློག་པ།གཞན་ལ་མགོ་སྐོར་བཏང་། བླ་མ་ཚོགས་མགོན་དུ་ཕེབས་པའི་དོན་ལ་བླ་མ་ཚོགས་མགོར་ཕེབས། མེ་འཁོར་གྱི་མགོ་ཟེར་བ་སོགས་ལ་མ་མགོ་ཅན་འབྲི་བ་ལས་འགོཟླ་བ་དང་། ཉོན་མོངས་ཀྱི་འགོམནནའགོརྟིང་སློག་པ། གཞན་ལ་འགོསྐོར་བཏང་།ཚོགསའགོར་ཕེབས། མེ་འཁོར་གྱི་འགོ་ཞེས་སུས་ཀྱང་འབྲི་མི་སྲིད་སྙམ།།

གཤམ་དུ་མ་མགོའི་འཇུག་དོན་ལས་འཕྲོས་ཏེ་ཡིག་རྙིང་སོགས་བསྟན་བཅོས་གྲགས་ཅན་ཁག་ཅིག་ཏུ་མ་མགོའི་ཡི་གེ་ཇི་ལྟར་སྦྱར་ཡོད་ཚུལ་མཐར་ཆགས་སུ་དགོད་པ་ལ།

དང་པོ། མགོ་ཡིག་གི་རྩ་བའི་འཇུག་དོན།

མགོལུས་ཀྱི་མགོ་སྟེ་ཡན་ལག་གི་མཆོག་ལའོ།།མགོ་ན་སྐྲ་མང་།མགོ་ལ་ཞྭ་མོ་བསྐོན།མི་མགོ་ཆེ་ཞིག་ཡོང་གིན་ཡོད་ཟེར་བ་ལྟ་བུའོ། །ཞེ་ས་ལ་དབུ་འབྲི་སྟེ།དབུ་སྐྲ།དབུ་ཞྭ།དབུ་རྒྱན།དབུ་སྙུང་བཞེས་ཟེར་བ་ལྟ་བུའོ། །

གཉིས་པ།མགོ་ཡིག་གི་འཕྲོས་དོན།

མགོཐོག་མའམ་ཀླད་དང་རྩེ་མོའམ་ཏོག་བཅས་ཀྱི་དོན་ཏེ།སྡེ་བའི་མགོརྣ་བཟུང་།ཡུལ་ཕྱོགས་གཅིག་གི་མགོརྣ་རྒྱུགས། ཁྱེའུ་སྐྱེས་པའི་མགོ་མ་ལ་སྐྱེས་མགོསྐྱེས་མགོ་གཉིས་ཀ་བུ་ཡིན་ཟེར་བ་ལྟ་བུཁྱི་ཕྲུག་རྩེབས་པའི་སྐྱེས་མགོ་ལ་ཚང་མགོ་ཟེར་བ།སྐད་མགོ་མཐོ་རུ་མ་འཇུག་ཅེས་དང་། གླུ་མགོ་ཕ་ཁུའི་གྲལ་ལ་འབུལ།ཞེས་དང་། གོར་གོར་བཅས་ན་དཀྱིལ་ནས་འདུག་ནོ། གྲུ་བཞི་བཅས་ན་མགོ་ནས་འདུག་ནོ་ཟེར་བ་སོགས་ལྟ་བུའོ།།

༡ མིའི་ལུས་སྟེང་གི་མིང་ལ་སྦྱར་ན།དཔེར་ན། སྣ་མགོམཁུར་མགོཕྲག་མགོབྲང་མགོཤ་བཟའ་ན་བྲང་མགོ་བཟའ་ནོ་ཟེར་བ་ལྟ་བུནུ་མགོསྙིང་མགོཁ་ཚ་ཟོས་ན་སྙིང་མགོར་རྒྱུགས་ཀིན་ཟེར་བ་ལྟ་བུསེམས་མགོསེམས་ལག་ལ་བཞག་ན་སེམས་མགོར་སོ་མ་འདེབས་ཟེར་བ་ལྟ་བུསོག་མགོ ལག་མགོམཛུབ་མགོཚིགས་མགོདཔྱི་མགོམཇེ་མགོཔུས་མགོརྐང་མགོ་བཅས་པ་ལྟ་བུ་ལ་མ་མགོ་ཅན་བྲིས་ན་དག་ཆ་ཡོངས་སུ་ཐོན་ཡོད། ཞེ་སའི་དོན་གྱིས།མགོ་ལས་དབུ་བྱུང་སྟེ།དབུགཙོ།དབུ་བཞུགས།དབུ་བརྩམས།དབུ་བརྙེས།དབུ་མཛད།དབུ་བཙུགས་ཟེར་བ་ལྟ་བུའོ།།

༢ འཚོ་བའི་ཁྲོད་ཀྱི་དངོས་པོའི་མིང་ལ་སྦྱར་ན།དཔེར་ན།ཀ་མགོཕོག་མགོཐབ་མགོཐབ་མགོར་སླ་ང་བསྐྱོན་ཟེར་བ་ལྟ་བུསྦྲ་མགོཆོན་མགོཕུར་མགོདོ་མགོཐགས་མགོརྡང་མགོཁོལ་མགོབསང་མགོབསང་མགོར་མཆོད་པའི་རྫས་སམ་བསང་ཕུད་ཀྱི་དོན།ད་ལོའི་ལོ་གསར་གྱི་བསང་མགོ་ངས་བླངས་ཟེར་བ་ལྟ་བུསྔས་མགོམདའ་མགོམདུང་མགོགྲི་མགོསྟ་མགོསྟ་རེའི་མགོ་སྟེ་སྟ་མགོ་ལྷུང་ཟེར་བ་ལྟ་བུའཛེར་མགོའཛེར་མའི་མགོལྷམ་མགོལྷམ་མགོར་ས་རྡུལ་ཞིག་ཆགས་མེད་ཀིན་ཟེར་བ་ལྟ་བུགྲལ་མགོཁེལ་མགོཁུག་མགོཐག་པའི་ཁུག་མགོརི་མགོརྫ་མགོབྲག་མགོཆུ་མགོམགོཁུངསསྡོང་མགོསྒང་མགོལུང་མགོརྐམགོརྩེ་མགོ་རྩེ་རྟིང་མེད་ཅེས་པ་ལྟ་བུའི་མིང་བརྡ་མང་པོ་ཞིག་ཡོད་པ་རྣམས་ལ་མ་མགོ་ཅན་བྲིས་ན་གནའ་དེང་གི་མཁས་པ་གྲགས་ཅན་དག་གི་བཞེད་དགོངས་དང་ཡོངས་སུ་མཐུན་པར་གྱུར་ཡོད་དོ།།

༣ ཡིག་རྙིང་སོགས་གནའ་དེང་མཁས་པ་གྲགས་ཆེན་ཁག་ཅིག་གི་ཕྱག་ལེན་དུ་མགོ་ཡིག་ཇི་ལྟར་འཁོད་ཚུལ་མཐར་ཆགས་སུ་འགྲེམ་པ་ལ། 

⒈《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལཀྱི་ལྡེབ8པར། གནམ་གྱྀ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ།གངས་ཀྱི་ནྀ་ར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། །རི་མཐོ་ས་གཙང་།ཡུལ་བཟང་། ཞེས་སམ། ལྡེབ76པར། བློན་ཆེ་ཁྲྀ་འབྲྀང་གྱིས་འོ་ཡུགྀ་ཚ་སྟེངསུ་མན་མགྀ་རྩིསམགོ་བགྱྀས་ཕ་དྔ།ཞེས་དང་།ལྡེབ101པར།  བོད་ཡུལ་གྱི་ཕ་ལོས་གྱི་མགོམཛད།ཅེས་དང་། ལྡེབ130པར། རྒྱ་རྗེའྀ་ཕོ་བྲང་ཀེང་ཤིར།བོད་གྱྀས་དམག་དྲང་བའི་བཀའ་གྲོས་གྱྀ་མགོ་ཆེན་ཕོ་གསོལད་ནྶ།ཞེས་དང་། ལྡེབ163པར། རྒྱ་དང་མཇལ་དུམ་ཀྱྀ་མགོའ་བརྩམས།ཞེས་དང་། ལྡེབ170པར།དཀོན་མཆོག་གསུམ་གྱྀ་རྐྱེན་བཅད་པའི་རྣམས་ཀྱང་མ་དམའས་མ་ཞྀག་པའྀ་ཆོས་སུ་ལྷ་རྀས་ཀྱི་ཁྱིམ་ཡྀག་གྀ་མགོ་དག་ལས་འབྱུང་བ་བཞིན་དུ་ཚིས་མཛད་དོ། །ཞེས་དང་།ལྡེབ172པར། གཙིགས་ཇི་ལྟར་གནང་བའི་གཏན་ཚིགས་མགོནན་ལ་བྲིས་པ། ཞེས་དང་། ལྡེབ390པར།རྒྱལ་པོ་གྱིས་ཀྱང་། དར་འདོས་ཨྱེན་འཇོ་བློན་པོ་བྱ་རོག །སྟོང་སྡེ་འི་མགོ་རྣམས་ལ་ལུས་སོལ་བགྱིས། ལྡེབ395པར།ལུག་གྀ་ལོའྀ་དགུན××ཟླུགས་བྱུང་གྀས་བུལ་དུ་སྩལ་ཏེ།རྩིསམགོ་བཞིན་ཐང་ལ་བརྒལ།ལྡེབ436པར། རྒྱ་རྗེ་ནྀ་བསམ་ལང་ལ། །དགྲའ་བཞེར་ནྀ་གཡུལ་སྤྲད་ཅིང་། །དགྲ་ཟྀན་ནྀ་གསར་སྤངས་པས།།སྲྀད་ཀྱི་ནི་མགོ་བཟུང་ཞིང་།ཕ་སྐྱབས་ནྀ་སྡུག་བཙལ་པའ། །ལྡེབ464པར། གཞེ་ནིང་སྔ་མོ་ཞིག་གི་དུས་ན།མྱིམགོ་བཅུ་ཐམ་པ་ལ།…3ཞེས་འབྱུང་བ་ལྟ་བུའོ། །

ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལགྱི་ལྡེབ60པར།སྲང་བཞི་མན་ཅད་སྲང་གསུམ་ཡན་ཅད་གྱི་ཁྲ་ཞིག་རྐུས་ན་རྐུན་པོ་དུ་མཆྀས་པའྀ་ར་མགོ་གཅིག་དགུམོ་དེའི་འོག་ན་ར་མགོ་པ་གཅིག་ཤུལ་ཉེ་བར་སྤྱུགོ ཅེས་སམ། ལྡེབ61པར།སྲང་གཉིས་མཆྀས་པ་ཡན་ཅད་གྱྀ་ནང་ཞུགས་པ་ལས་ཟིནད་ན་རྐུན་པོ་ར་མགོ་པ་གཅིག་ཕུ་རིང་དུ་ཤུལ་སྤྱུགོཞེས་དང་། ལྡེབ84བར། ཡང་དེ་འི་གདུགས་ལ།དཀའ་མགོའིརྐ་མགོདཀའ་ཕྱེ་བ་འི་ལྷ་གསོལ་བ་འྀ་ཆང་རྒྱུ་ཁྲེ་ཁལ་བཅུ་ཕོགཅེས་དང་། ལྡེབ124བར། རྒྱལ་པྲན་གྱྀ་སྲིད་རྙེད་དེ། །ཡུལ་ས་མཐོ་བའྀ་མགོ་ཡང་དེ་ནས་བྱུང་། ཞེས་དང་། ལྡེབ318པར།དཔུང་པའི་ཉ།དཔུང་མགོ་འི་ཆུ་བ་སྦྱོར་བ་ནས་ཤ་བསྲུབས་ལག་ངར་གྱྀ་ཚིགས་ནས་སོར་ལྔར་གཅལ་བའི་རྒྱབ་ཀྱི་ཤ་བསྲུབས།4ཞེས་འབྱུང་བ་ལྟ་བུའོ། །

བཀའ་ཐང་སྡེ་ལྔཡི་ལྡེབ14པར། དེ་ཚེ་བལ་ཡུལ་ཤིང་རྩེ་བོདམགོ་བལྟས། །མེ་ཏོག་བོད་ཡུལ་ཕྱོགས་སུ་ཁ་བལྟས་བྱེ།།ཞེས་དང་། ལྡེབ43པར།རྡོམགོ་དགྲ་སར་བསྟན་ལ་འཕངས། །ཞེས་དང་། ལྡེབ70པར། འདྲ་མིན་མང་པོས་མགོའཐོམས་ནས།།ཧོར་གྱི་བསྟན་པ་རྒྱ་ལ་འཆོར་བར་འགྱུར། །ཞེས་དང་། ལྡེབ155པར། དེའི་དཀྱིལ་ན་གཡམ་པ་ནག་པོ་མགོ་དཀར་པོ་ཅན་ཞིག་བཙུགས་ཏེ་ཉུག་གེ་ཡོད་དོ། །5ཞེས་འབྱུང་བ་ལྟ་བུའོ། །

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐརགྱི་ལྡེབ119པར།ཆོསམགོ་ཐོན་པ་ནི་ལྟ་ཞོག༔སྲོགམགོ་ཡང་ཐོན་དཀའ་བར་འདུག༔…ཕུར་པ་ནི་མགོའདོན་གྱི་སྐྱེལ་མ་དང་འདྲ༔ ཞེས་དང་། ལྡེབ236པར། གསར་རྙིང་རིས་གཅོད་ཆགས་སྡེ་མགོབཙུགས་ནས༔6ཞེས་འབྱུང་བ་ལྟ་བུའོ། །

⒌《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོགྱི་ལྡེབ201པར། དད་པ་གུས་པས་མི་ཞུ་བར། དཔུང་དང་ཐབས་དང་མགོའབྲུས་བྱས་པས་བྱང་ཆུབ་བདེ་ཆེན་ག་ལ་ཐོབ༔ཅེས་དང་། ལྡེབ268པར། བསམ་ཡས་མཆོད་དམར་སྙིང་སྙིང་ལག་ནས་རས་སྤུ་མ་རྒྱ་སྨུག་གི་མགོཤུབ་བཅས་ཕུལ༔ཞེས་དང་། ལྡེབ299བར། དེ་ཀ་རེད་ཟེར་རྫུན་གྱིས་མགོབསྐོར་བསམ…མཐའ་མི་ལྡོམ་བུ་པ་ཞིག་མགོབསྐོར་ཟུང༔7ཞེས་འབྱུང་བ་ལྟ་བུའོ། །

⒍《རྭ་ལོ་ཙཱ་བའི་རྣམ་ཐརགྱི་ལྡེབ122པར། བླ་མ་མང་པོ་ལ་ཆོས་ཀྱང་ཞུས་ལགས་ཏེ།ཕྱིས་ལས་ངན་པའི་དབང་གིས་ཆོས་མགོ་མ་ཐོན།8ཞེས་འབྱུང་བ་ལྟ་བུ།

⒎《མར་པ་ལོ་ཙཱའི་རྣམ་ཐརགྱི་ལྡེབ50བར། ཤ་མགོ་མཁྲེགས།9ཞེས་འབྱུང་བ་ལྟ་བུ།

⒏《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིགདེབ16པའི་ལྡེབ1པར།བེའུ་བུམ་སྔོན་པོའི་རྩ་འགྲེལམན་ངག་ཐམས་ཅད་བསྡུས་པའི་མགོ་ནི། །བཤེས་གཉེན་དམ་པ་མི་བཏང་བ་ཡིན།།ཞེས་སམ། ལྡེབ8པར། དལ་བ་རྙེད་དཀའ་འཆི་བ་རྗེས་དྲན། །ལྷན་ཅིག་བསམས་པས་ཆོས་ཀྱི་མགོ་གཟུགས། །ལྡེབ13པར། ཚེ་འདིར་མགོ་མཐོ་བང་མགྱོགས་ཅི་འགྲུབ།།དེ་ཙམ་ལྟ་ཞིག་དུད་འགྲོ་རླབས་ཆེ། །ལྡེབ21པར། དེ་ལ་དགོངས་མཛད་དེ་ཡི་ཚིག་ཀྱང་། །མགོ་ཕྱུང་མཇུག་ཕྱུང་དག་གིས་དེ་གོ །ལྡེབ55བར། དེ་ཐམས་ཅད་བསྡུས་པའི་མགོའམ་དབུ་ནི་དགེ་བའི་བཤེས་གཉེན་མི་བཏང་བ་ཡིན།ལྡེབ71པར། ནོར་བགོས་ཏེ་བྱེས་ཀྱི་ནོར་ཕུང་པོ་གཅིག་ཏུ་བྱས།གཞིའི་ནོར་ཕུང་པོ་གཅིག་ཏུ་བྱས། གང་པོནུ་བོའི་མིངལ་མགོ་གཅིག་ཏུ་བྱས་ནས།ཕུ་བོ་ལ་ནོར་བགོས་ཟིན་པས་ནོར་སྐལ་ལོང་ཟེར། ལྡེབ123པར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚོགས་ལམ་དུ་སུན་ཕྱུང་།སྦྱོར་ལམ་དུ་མགོ་མནན།མཐོང་ལམ་དུ་ཕྱོགས་གཅིག་སྤང་། ལྡེབ148པར། སྐྱེ་བ་གཏན་གྱི་བདེ་མགོ་བཙུགས་པ་ཡིན། ལྡེབ259བར། མཐོང་བའི་ཆོས་ཀྱིས་མགོ་བསྒྲེས་ན་དེ་མི་བཏུབ་སྟེ་མི་བཏུབ་བཞིན་དུ་དེ་སྐད་བྱས་པས་ཅི་ཕན།ལྡེབ272པར། ནན་ཏན་གྱིས་ཆོས་བརྒྱད་མགོ་སྙོམས་པ་ལ་སྦྱར་ཏེ།ཁྱོད་ད་ལྟ་ཆོས་བརྒྱད་མཉམ་པ་འདི་སྒོམས་ཤིག་གསུངས། ལྡེབ281པར། ཆོས་ཆེད་དུ་སྡུག་ཁྱག་པར་བྱས་ལ་ཆོས་མགོ་ཅི་ཐོན་བྱ། ད་རེས་རྩ་བ་བཞི་གཅིག་མགོ་ཐོན་ན། ལ་འདོས་པ་རང་ཡིན་ཏེ། ལ་ཁར་ཐོན་པའི་ཟངས་རྦབ་དང་འདྲ་བ་ཡིན་གསུངས།ལྡེབ282པར། དགེ་བཤེས་པོ་ཏོ་བ་མགོ་ན་བཞུགས་པའི་དུས། ལྡེབ323པར། སྟོང་པ་ལོགས་སུ་སོང་བས་སྟོང་པ་ཉིད་སྒོམ་པ་གྲལ་མགོ་ལ་འགྲོ་ཟེར་ནས་འོང་། ལྡེབ375པར། ཆོས་མགོ་གྲོས་ཀྱིས་འདོན། གྲོས་མགོ་ཆོས་ཀྱིས་འདོན་པ་ཡིན།ལྡེབ482པར། མིག་རྡོག་སྣར་བལྟས་པ་ནི་མིག་རྐངམགོར་བལྟས་པ།10ཞེས་འབྱུང་བ་ལྟ་བུའོ། །

⒐《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིགདེབ17པའི་ལྡེབ11པར།དཔེ་ཆོས་རིན་ཆེན་སྤུངས་པཆུ་མཐོང་སྐྲ་ཤད་འཁྱག་སྟེང་མཁར། །གྲལམགོར་རྗེས་ལ་ཁྲུས་སྨན་འདྲ། །ཞེས་སམ། ལྡེབ22པར། དེ་ལྟར་བྱས་ན་ཆོས་མགོ་མེད་གཞུག་མེད་དུ་སོང་ནས་ཕྱིས་གཞན་ལ་ཕན་མི་ཐོགས། ལྡེབ80བར།སྲེ་མོང་གཅིག་གིས་གོང་མོ་ལ་འཆངས་ཏེ་རྩེ་མགོ་ལ་སོ་བཏབ།…འཆི་བ་མི་རྟག་པ་འདི་ཞེ་ལ་བཞག་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་ཅི་སྙོམས་བྱེད་དགོས་གསུང་། ལྡེབ102པར། ཆོས་ཀྱི་ལག་ལེན་ཇེ་ཞན་ཇེ་ཞན་ལ་གཞུག་ཆོས་སྣ་གཅིག་གི་མགོ་ཡང་མི་ཐོན་གསུང་། ལྡེབ132པར། ཉ་དང་རི་དྭགས་ལ་སོགས་པའི་སྲོག་སྐྱོབ་པ་སྐད་ལ་སོགས་པའི་རྫུན་སྣ་ཚོགས་ཀྱིས་མགོ་བསྐོར་ཞིང་རྙེད་པ་འཚོལ། ལྡེབ133པར། དེས་ན་ཆོས་པ་མི་ཆོས་ཀྱི་བདག་འཛིན་ཆེས་ན་ཐ་མ་མི་ཆོས་ཀྱི་མགོའདྲེན་དབུ་གཙོ་བྱེད་དགོས་གསུང་།ལྡེབ273པར། ཉུང་ཐུག་འཐུང་བ་དེ། ཆོལ་པ་ཅིག་ཁ་ན་ལྡད། གཅིག་ཐུརམགོ་ལ་བརྒྱུད། གཅིག་མིག་འོག་ཏུ་འཛུད། ལྡེབ317པར། མི་མཁས་བྱིས་པ་ང་རྒྱལ་ཆེ།།སྙེ་མ་ལོང་མ་མགོའཕངས་མཐོ།།11ཞེས་འབྱུང་བ་ལྟ་བུའོ། །

ས་པཎ་ཀུན་དགའ་རྒྱལ་མཚན་གྱིམཁས་པ་འཇུག་པའི་སྒོཡི་ལྡེབ9བར། དང་པོ་ནི་ལུས་རྣམ་གཞག་ཤེས་པས་བརྗོད་བྱ་ངོས་ཟིན།གོ་རིམས་མི་འཁྲུགམགོསྨོས་པས་དོན་བདེ་བླག་ཏུ་བྱ་བའི་དགོས་པ་སྟེ་གསུམ་མོ། །ཞེས་དང་། ལྡེབ57པར།དཔེར་ན་དཔུང་པ་འཁྲི་ཤིང་།ལགམགོ་པདྨ། རྐང་པ་ལ་སོགས་པ་སོར་མོ་རྣམས་ལོ་མ།སེན་མོའི་མེ་ཏོག ལག་གཉིས་འཁྲི་ཤིང་དཔྱིད་ཀྱི་དཔལ་ཁྱོད་བདག་གིས་མཐོང་། ཞེས་དང་། ལྡེབ84བར།གང་གིས་འགེངས་ན་ཆུ་ཡིས། གང་དགང་ཞེས་ཚིག་རྐང་དང་པོའི་མགོ་དང་།གསུམ་པའི་མཇུག་སྦྱར་ལ་བཤད་དོ། །ཞེས་དང་།  ལྡེབ104བར།ཁྱོད་ཀྱི་ལའང་ལྟག་པའམ་ཕྱོགས་གཅིག་མ་ཚང་ངོ་ཞེས་མགོབསྒྲེ་བ་ལྟར། ཞེས་དང་། ལྡེབ119བར། ངེད་ཀྱི་ལུང་ནི་ཕྱོགས་རེ་མགོགནོན།ཞེས་དང་། ལྡེབ123པར། སྐྱེས་པ་ཐམས་ཅད་འཆི་མི་འཆི། ཞེས་འདྲི་ན་ངེས་པར་འཆི་ཞེས་མགོགཅིག་ཏུ་ལན་གདབ།ཤི་བ་ཐམས་ཅད་སྐྱེ་མི་སྐྱེ་ཞེས་འདྲི་ན་བདག་འཛིན་ཅན་སྐྱེ།བདག་འཛིན་མེད་ན་མི་སྐྱེ་ཞེས་རྣམ་པར་ཕྱེ་སྟེ་ལན་གདབ། ཅེས་དང་། ལྡེབ151པར། དེ་བཞིན་དུ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ལ་སོགས་པ་ལའང་སྦྱར་ཏེ་ཤེས་པར་བྱའོ།།12ཞེས་འབྱུང་བ་ལྟ་བུའོ། །

⒒《མཛངས་བླུན་ཞེས་བྱ་བའི་མདོཡི་ལྡེབ222པར། ཤིང་འདིའི་མགོ་མཇུག་རྟོགས་པར་འདོད་ན་ཆུའི་ནང་དུ་ཞོག་ཅིག་དང་།རྩ་བ་ནི་ཐུར་དུ་ནུབ་ཀྱི་མགོ་ནི་ཕྱིར་བྱུང་བའི་རིགས་སོ།།ཁྱིམ་བདག་དེས་ཀྱང་རྒྱལ་པོ་ལ་དེ་བཞིན་དུ་གསོལ་ཏེ།མནའ་མས་སྨྲས་པ་དེ་བཞིན་དུ་བྱས་པས་མགོམཇུག་རྟོགས་པར་གྱུར་ཏེ། འདི་ནི་མགོའོ་འདི་ནི་རྩ་བའོ་ཞེས་བསྒོ་བས།ཕོ་ཉས་ཀྱང་དེ་བཞིན་ཏེ་བདེན་ནོ་ཞེས་སྨྲས་སོ། །13ཞེས་འབྱུང་བ་ལྟ་བུ།

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུརགྱི་ལྡེབ4བར། སྣང་བ་ཐམས་ཅད་ཆོས་སྐུར་ཤར་བས་བློ་གཉིས་འཛིན་གྱི་སྐོར་མགོ་ནས་བུད་པ། ཞེས་དང་། ལྡེབ98པར། ལུང་བསྟན།དབུགས་དབྱུང་། གཟེངས་བསྟོད། སྤྲོ་བ་སྐྱེད་པ་མཛད་དེ་སྐྱིད་པའི་མགོ་ཚུགས་པ་ཡིན་གསུངས། ཞེས་དང་། ལྡེབ117པར། དེར་དབུའི་སྔས་མགོར་དམན་ཆ་བཟུང་བའི་ལུས་ངག་གིས།…ཞེས་དང་། ལྡེབ204བར།གྲལ་མགོ་ན་ཡོན་བདག་ཕྱུག་པོ་གཞོན་ནུ་མ་ཞིག་འདུག ཅེས་དང་།ལྡེབ217པར། རེས་ཕྱེ་ཐུར་མགོ་ཙམ་རེ་འགམས། ཞེས་དང་། ལྡེབ219བར།ཡང་སྟག་གི་ལོ་ཡི་ལོ་གཞུག་ལ། །ཡོས་བུའི་ལོ་ཡི་ལོ་མགོ་ལ། །ཞེས་དང་། ལྡེབ239བར། ཆོས་དྲང་དོན་ཐེག་དམན་མགོབསྐོར་འདིས།།ལས་ཉོན་མོངས་ཐུལ་བ་དཀའ་བར་མཆིས། །ཞེས་དང་། ལྡེབ258པར།མཆེད་གྲོགས་དང་དབང་གྲལ་མཐུན་དུས་སུ། །གྲལ་མགོ་དང་ཁ་རྒན་མ་འདོད་ཅིགའདོད་ན་ཆགས་སྡང་གིས་དམ་ཚིག་འཁྲུག །མཐུན་པོ་བྱེད་བཞིན་རང་མགོ་ཐོན། །ཞེས་དང་། ལྡེབ302པར།བུ་མོ་ལོ་ལྔ་གསུམ་བཅོ་ལྔ་ལོན་པ་ཡེ་ཤེས་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཞིག་གིས་མགོབྱས་པའི་མི་མང་པོ་བཙས་མ་རྔ་བ་ཞིག་འདུགཅེས་དང་། ལྡེབ306པར། དཔེ་ཆུམགོ་གངས་ལ་ཐུག་པ་ལྟ་བུ་ཞིག་འདུག ཅེས་དང་། ལྡེབ324པར། ཕ་དགྱེས་སྟོན་རྔོག་མེས་དབུམཛད་ནས།།ཞེས་དང་། ལྡེབ327པར། སྲོག་རྩོལ་རླུང་གི་སྲབམགོ་ལ། །དུས་སྣ་རྩེ་གསུམ་གྱི་སྨིན་འཁྱུགས་ཅན། །ནང་ཞི་བ་རྦ་རླབས་ཀྱི་འབུརམགོ་བཏབ། །ལྡེབ328པར།ར་གན་འབུར་གྱིས་གཟེརམགོ་བཏབ།ཅེས་དང་། ལྡེབ441པར། རྗེ་བཙུན་མཉེས་ཏེ་ཡོན་ཏན་གྱི་མགོ་མ་སྐྱེས་འདུགད་ཉམས་སུ་ལེན་ལུགས་འདི་ལྟར་གྱིས་ཤིག་གསུངས།14ཞེས་འབྱུང་བ་ལྟ་བུའོ། །

⒔《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོདཀྱི་ལྡེབ32པ་དང་ལྡེབ35པ། ལྡེབ126པ། ལྡེབ153པ་བཅས་སུ།གྲལམགོཞེས་འབྱུང་ཞིང་། ལྡེབ156པར། ནོར་བུ་དཔལ་བེའུ་ཕུང་ཕུང་ཡོང་བ་ཅིག་གིས་མགོབྱས།ཞེས་དང་། ལྡེབ160པར། ཉི་མ་ནུབ་ཀྱི་བནྡེ་རྣམས་ཇི་ལྟར་བྱ་བའི་མགོལུང་ས་སྐྱ་པ་ཤེས་སུ་ཆུག་བྱ་བའི་ལུང་གནང་།ཞེས་དང་། ལྡེབ161པར། བསྒྲུབ་པའི་མགོལུང་ལེགས་པར་གྱིས། །ཞེས་དང་། ལྡེབ210པར།མན་ངག་ཐམས་ཅད་བསྡུས་པའི་མགོ་ནི་དགེ་བའི་བཤེས་གཉེན་མི་གཏོང་བ་ཡིན།15ཞེས་འབྱུང་བ་ལྟ་བུའོ། །

⒕《རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་བཞུགས་སོཡི་ལྡེབ51པར། དཔུང་བའི་མགོ་ནི་ལེགས་པར་ཟླུམ་པའི་ཕྱག།གླང་པོའི་རྒྱལ་པོའི་སྣ་ལྟར་རིང་ཞིང་མཛེས། །16ཞེས་འབྱུང་བ་ལྟ་བུ།

⒖《ས་སྐྱ་ལེགས་བཤད་རྩ་འགྲེལགྱི་ལྡེབ159བར།རང་གི་ཁྱིམ་ཐབ་དང་ཉལ་བ་ལ་འཚེ་བ་བྱེད་པའི་བྱི་བ་ཁྱེད་རྣམས་འཁྲིག་པ་སྤྱོད་པའི་ཚེ་ཕོ་མཚན་གྱི་མགོ་མངལ་དུ་ཆད་པར་གྱུར་ཅིགཅེས་བྱས་པས་ད་ལྟ་འདི་བྱི་བ་རྣམས་ཀྱང་དེ་བཞིན་དུ་ཡོད་དོ། །17ཞེས་འབྱུང་བ་ལྟ་བུ།

⒗《རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྨ་པར་ཐར་བ་དད་པའི་འཇུག་ངོགསཀྱི་ལྡེབ49བར། ཆོས་མཚམས་ལེའུ་གཉིས་པའི་མགོཞེས་སམ། སླར་ཡང་ལེའུ་དང་པོའི་མགོ་ནས་བསྐྱར་ཏེ་གསུངས།ཞེས་དང་། ལྡེབ50པར། སྟོན་མགོའི་རིང་ལ་སྡེ་ཆེན་དུ་བྱོན། ཞེས་དང་། ལྡེབ68པར། ཐོག་མར་བཤེས་གཉེན་བསྟེན་པ་ནས་མགོབརྩམས།ཞེས་དང་། ལྡེབ78པར། རྗེ་རིན་པོ་ཆེ་འདིས་དཔྱིདམགོ་འབྲི་ཁུང་དུ་བྱོན། ཞེས་དང་། ལྡེབ84བར། གསེར་ཡིག་པ་ཏཱ་ཞིང་བཞིས་མགོབྱས་བརྒྱ་ཕྲག་མང་པོ་མངགས་བྱུང་བ།18ཞེས་འབྱུང་བ་ལྟ་བུའོ། །

⒘《རཱ་མ་ཎའི་རྟོགས་བརྗོདཀྱི་ལྡེབ64བར། ཞིང་བ་རྣམས་ཀྱིས་རྐམགོར་རྫིང་བུ་བསྐྱིལ་བའི་ནང་དུ་སྒྲོམ་དེ་སླེབས་ནས་དེར་ཆགས་པ།19ཞེས་འབྱུང་བ་ལྟ་བུ།

⒙《རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་དང་གསང་བའི་རྣམ་ཐརགྱི་ལྡེབ150པར། དགུན་མགོའི་ནང་དུ་ཨ་ལག་ཤ་རུ་ཕེབས་ནས་སྔར་རྒྱུན་ལྟར་བཞུགས།ཞེས་དང་། ལྡེབ158པར། འབྲུག་ལོའི་དབྱར་མགོའི་ཚེས་མགོར་ཡོན་མཆོད་ལྷན་རྒྱས་སུ་ཧལ་ཧའི་ཕྱོགས་སུ་ཆིབས་བསྒྱུར་གནང་།ཞེས་དང་། ལྡེབ175པར། བསྟན་པ་བྱི་དར་གྱི་མགོཚུགས་པ་ལྟར་གྱུར་པས། དེ་དུས་བོད་ཁམས་ཐམས་ཅད་བདེ་འཇགས་ལ་སོང་།ཞེས་དང་། ལྡེབ190པར། ཟླ་བ་བཅུ་གཉིས་པའི་ཚེསམགོར་ང་ན་ནས་བསྡད་ན་མི་ཡོང་། ཞེས་དང་། ལྡེབ195པར། གཡོན་གྱི་གྲལམགོར་ཁྲི་སྟོང་པའི་མདུན་དུ་རྡོར་དྲིལ་བཞག་པ་ཞིག20ཅེས་འབྱུང་བ་ལྟ་བུའོ། །

གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིགདེབ་བདུན་པའི་ལྡེ240པར།བློ་སྦྱོང་དོན་བདུན་མའི་རྩ་འགྲེལརེས་འགའ་མགོསྙོམས་མཛོད་ཅེས་བྱ་བ་གསུངས་ནས་མགོསྙོམས་པར་མཛད། ཅེས་དང་། ལྡེབ241པར། ལྟ་བའི་སྒོ་ནས་ཆོས་བརྒྱད་མགོསྙོམས་ཚུལ།21ཞེས་འབྱུང་བ་ལྟ་བུ།

⒛《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐརགྱི་ལྡེབ32པ་དང་། ལྡེབ57པ། ལྡེབ168པ་བཅས་སུ་སོ་སོར།གྲལ་མགོར་བསྡད།གྲལ་མགོར་བཏོན།གྲལ་མགོ་མ་ཐོབ།ཅེས་འབྱུང་ཞིང་། ལྡེབ102པར། དྲི་མ་དག་འགྲོ་བ་ཡིན་མོད།ལག་མགོ་དག་ག་ན་འགྲོ ཞེས་དང་། ལྡེབ394པར།རྡོ་བརྡུང་བར་དུ་ལག་མགོ་འཛུད།ཅེས་དང་། ལྡེབ275པར།གྲི་མགོ་ཁྲ་མ། ཞེས་དང་། ལྡེབ292པར། མི་ཕོའི་སྲོག་མགོའདོན་པ། ཞེས་དང་། ལྡེབ298པར།དབུ་ཡང་མཛད།མགོ་ཡང་བྱས་པའི་དོནལྡེབ336པར།གཟརམགོ་བློས་མི་ཐོངས། ཞེས་དང་། ལྡེབ375པར།ཉིསམགོསུམམགོཞེས་དང་། ལྡེབ467པར། ལྷ་ས་སྨོན་ལམ་ནས་མགོབཙུགས། ཞེས་དང་། ལྡེབ474པར།མགོབསྟན་པས་མཇུག་གོ་བ།ཞེས་དང་། ལྡེབ478པ་དང་། ལྡེབ481པར། གཡོག་རྫི་བོས་མགོབྱས22ཞེས་འབྱུང་བ་ལྟ་བུའོ། །

21.བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོདཀྱི་ལྡེབ100བར། མ་ནོར་དམ་ཆོས་ཐོས་པས་སྐལ་བ་བཟང་།།ཤུགས་དྲག་དད་པ་བརྟན་པོའི་མགོའདྲེན་བཟང་། ཞེས་དང་། ལྡེབ232པར། འདི་ཉིད་མགོ་སྔ་མོ་ནས་བརྩམས་ཀྱང་།མཇུག་ཡོངས་སུ་རྫོགས་པ།23ཞེས་འབྱུང་བ་ལྟ་བུ།

 22.འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་ཐརགྱི་ལྡེབ21པར། འབྲོག་པ་ཁྱིས་དེད་པའི་གྲལམགོཞེས་དང་། ལྡེབ132པར། མང་ཇའི་མགོམཇུག་འཁྱོངས་པ།ཞེས་དང་། ལྡེབ144བར། སྐྱེས་པའི་ཚད་སོགས་དྲིས་ན་མགོམཇུག་འདྲོངས་པའི་ལོ་རྒྱུས་རགས་པ་ཞིག་ཀྱང་ཡོད་མེད།ཅེས་དང་། ལྡེབ189བར། དབྱར་དང་སྟོན་མགོའི་བར་བཞུགས། ཞེས་དང་། ལྡེབ273པར། གྲྭ་པ་སློབ་གཉེར་བའི་མགོབྱེད་སློབ་དཔོན་སོགས།ཞེས་དང་། ལྡེབ297པར། ཐའི་རྐྱན་ཧོའུ་ཧྱེན་མགོབྱས་མངགས། ཞེས་དང་། ལྡེབ336པར། ཡོན་བདག་བསོན་ནམས་འཕེལ་གྱིས་མགོབྱས་པའི་གཉེར་བ་རྣམས།ཞེས་དང་། ལྡེབ359བར། བསྟན་པའི་མགོཉེས་མཛད་སྤྱོད་གླིང་ལོག་མཁན། །ཞེས་དང་། ལྡེབ443པར།མགོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་ཐུན་མོང་ལམ་སྦྱངས་ཀྱི་རིམ་པ་རྣམས་ལ་མྱོང་བ་ཐོན་ངེས་སུ་བྱས།ཞེས་དང་། ལྡེབ456པར། ཕྱི་དར་གྱི་མགོཚུགས་པའི་དུས་སུ་འདུལ་བ་དང་སྔགས་ཀྱི་བསྟན་པ་རྣམ་དག་ནི་ཉམས།ཞེས་དང་། ལྡེབ647པར། རབ་བྱུང་བཅུ་བཞི་པའི་ནང་ཚན་ཆུ་ཡོས་ལོ་ཀོང་ཕྱོགས་སུ་འཁོར་ཞག་ལ་ཕྱིན་སྐབས་མགོབརྩམས24ཞེས་འབྱུང་བ་ལྟ་བུའོ། །

23.མཁའ་འགྲོ་འགྲོ་བ་བཟང་མོའི་གསུང་རབ་རྣམ་ཐར་བཞུགས་སོཡི་ལྡེབ35བར། ཉ་པ་གཉིས་ཀྱིས་བདུད་མོའི་སྔསམགོར་ཕྱིན།25ཞེས་འབྱུང་བ་ལྟ་བུ།

24.རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམཔོད་དང་པོའི་ལྡེབ59བར། ཀུན་ལྡན་ཞེས་པ་ལྕགས་བྱི་མགོཟླའི་ཡར་ངོའི་རྫོགས་པ་དང་པོའི་ཉིན། ཞེས་དང་། ལྡེབ66པར།ཕུར་བུ་ཞེས་པ་ས་སྤྲེལ་མགོཟླའི་ཚེས་གཉིས་ཉིན། ཞེས་པ་དང་། ལྡེབ71པར། གསེར་ཟངས་ཀྱི་འཕནམགོ་བཟང་གོས་ཀྱི་ལག་ལྡན་དྲུགཅེས་དང་། ལྡེབ147པར།མགོམཇུག་བར་གསུམ་ན་ལོ་ཀའི་ཆོས་བརྒྱད་ཀྱི་སྨྱོ་འབུ་དུས་གཅིག་ཏུ་ལངས་པའི་ཟང་ཟིང་།ཞེས་དང་། ལྡེབ221པར། འགྲུལ་བ་ཉམ་ཐག་ལམམགོ་འདོན་པའི་བསེལ་མ་མཆིས། ཞེས་དང་། ལྡེབ288པར། བརྡ་དག་ལོ་པཎ་གྱི་ལུགས་བཟང་དྲི་མ་མེད་པའི་ཕྱོགསམགོའང་མ་བཏོད།ཅེས་དང་། ལྡེབ440པར།མགོམཚུངས་ཀྱི་རིགས་པས་དགག་པ།26ཞེས་དང་།གསུང་རྩོམ་པོད་གསུམ་པཡི་ལྡེབ10བར། ཀླུ་སྒྲུབ་དགོངས་རྒྱན་མགོ་ནས་མཇུག་གི་བར་ཡོངས་རྫོགས་མི་འཐད་པར་ཐལ། ཞེས་དང་། ལྡེབ491པར།རྒྱུན་པར་ཨ་བྲ་འདྲོགསམགོ་འདྲ་བས་ཅི་མི་ཕེར། ཞེས་དང་། ལྡེབ546པར། ས་གཞན་ཆར་ཆུ་སྙོམས་པས་སྐྱིད་པ་ལ།།མགོའི་རི་མ་ཁིས་དམར་རྒྱ་ཚང་ཅི།།ཞེས་དང་། ལྡེབ568པར། རང་གི་ས་ཆའི་མགོརྣ་བཟུང་། ཞེས་དང་། ལྡེབ572པར། རྒྱ་གར་ནས་རྒྱལ་ཁབ་ཏུ་འབྱོར་འཕྲལ་མགོབརྩམས།ཞེས་དང་། ལྡེབ577པར། དེ་རིང་ཕྱག་ཏུ་འབྱོར་བའི་ཕྱི་ཉིན་ནས་དཔར་མགོབརྩམས།ཞེས་དང་། ལྡེབ638པར། དགུང་ལོ་རེ་དྲུག་བཞེས་དུས་རྒྱལ་ཁབ་གསར་བའི་མགོཚུགས27ཞེས་འབྱུང་བ་ལྟ་བུའོ། །

25.མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགསཀྱི་ལྡེབ42པར། དེ་ཡང་ཆུ་ཆེན་ཕལ་ཆེར་གྱི་ཆུ་མགོ་བོད་ན་ཡོད་པས།ཆུ་མགོ་ནས་ཆུ་མཇུག་བར་བོད་ཀྱི་དཔུང་གིས་བཟུང་།28ཞེས་འབྱུང་བ་ལྟ་བུ་སོགས་ཀྱིས་མཚོན་ནོ། །

མདོར་ན། ཁོ་བོས་ཉེ་ལམ་ཡིག་རྙིང་སོགས་བསྟན་བཅོས་གྲགས་ཅན་ཁག་ཅིག་ལ་མཇལ་བ་ལས་བྱ་བའི་མགོ་ལ་མ་མགོ་སྦྱར་ཚུལ་མིག་གིས་མཐོང་ཚད་དང་ལག་གིས་ཟིན་ཚད་ཅིག་མཐར་ཆགས་སུ་འཁོད་པ་ཙམ་ལས།ད་དུང་མཐོང་ལམ་དུ་མ་གྱུར་ཅིང་བསྡུ་བསྒྲུགས་བྱ་མ་ཐུབ་པའི་མགོ་ཅན་གྱི་དཔེ་གཞི་བགྲང་ལས་འདས་པ་ཞིག་གསུང་རབ་དག་ན་ཡོད་སྲིད་པ་ནི་གདོན་མི་ཟ་བས།ཚེགས་ལ་མ་འཛེམས་ཤིང་ཡིག་ཚོགས་ལ་མ་བལྟས་པར་ཀུན་ལ་སྤྱན་བསྟར་ཞུས་པ་འདི་ཙམ་ཀྱིས་ཀྱང་།ལུས་ཀྱི་མགོ་ནི་མ་མགོ་ཡིན། །བྱ་བའི་འགོ་ནི་འ་འགོ་ཡིན།།ཟེར་བའི་རྩ་ཆིངས་ནོར་འཁྲུལ་ཅན་ཞིག་ལ་དབུ་འཁོར་ནས་མགོ་དང་འགོའི་ཡི་གེ་གཉིས་འཇོལ་ཉོག་ཏུ་སྤྱོད་ཀྱིན་པ་རྣམས་ཀྱི་དམ་བཅའ་མ་བཤིག་རང་ཞིག་ཏུ་འགྲོ་ཐུབ་ཅིང་།སྔོན་བྱོན་མཁས་པ་དག་གི་གསུང་དུ་བྱ་བའི་མགོ་ལ་མ་མགོ་སྦྱར་ཚུལ་ཤིན་ཏུ་ཉུང་རྒྱུ་རེད་འདོད་མཁན་རྣམས་ལ་ཁ་གདང་མིག་ཅེར་དགོས་པའི་རྣམ་འགྱུར་མི་འཐོན་རང་ཐོན་འབྱུང་བའི་རེ་སྨོན་བགྱིད།།

སྨྲས་པ།


ས་སྐྱ་པན་ཆེན་རྗེ་ཙོང་ཁ་པ་སོགས།།གནམ་གྱིས་ས་ཁེབས་འདྲ་བའི་དྲན་དབང་ཚོས། །
མི་མཁྱེན་གནས་མེད་སྙམ་པའི་བློ་རྙེད་ཚེ།།མགོ་དང་འགོ་ཡིག་འཇོལ་ཉོག་སྤྱོད་མི་འགྱུར།།
༢༠༢༠ལོའི་སྤྱི་ཟླ༩བར།



ཟུར་ལྟའི་དཔྱད་ཡིག


དག་ཡིག་ཐོན་མིའི་དགོངས་རྒྱནསྨད་ཆ།  ཚེ་ཏན་ཞབས་དྲུང་། 1955ལོ།མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་།  
ཐོན་མིའི་ཞལ་ལུངཚེ་ཏན་ཞབས་དྲུང་། 1980ལོ། ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་།  
བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ༢༠༡༤ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས།
ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ1983ལོར་མི་རིགས་དཔེ་སྐྲུན་ཁང་།བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་ཕྱོགས་སྒྲིག་བྱས།
བཀའ་ཐང་སྡེ་ལྔགུ་རུ་ཨུ་རྒྱན་གླིང་པ། 1997ལོ། མི་རིགས་དཔེ་སྐྲུན་ཁང་།
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐརསྟག་ཤམ་རྡོ་རྗེ། 1989ལོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོགཡུ་སྒྲ་སྙིང་པོ་སོགས། 1995ལོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
རྭ་ལོ་ཙཱ་བའི་རྣམ་ཐརརྭ་ཡེ་ཤེས་སེང་གེ 1989ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
མར་པ་ལོ་ཙཱའི་རྣམ་ཐརཁྲག་འཐུང་རྒྱལ་པོ། 1984ལོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༡༠གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིགདེབ16པ།བེའུ་བུམ་སྔོན་པོའི་རྩ་འགྲེལཔོ་ཏོ་བ་སོགས་ཀྱིས་བརྩམས། 1991ལོ།  མི་རིགས་དཔེ་སྐྲུན་ཁང་།
༡༡གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིགདེབ17པ།དཔེ་ཆོས་རིན་ཆེན་སྤུངས་པཔོ་ཏོ་བ་སོགས་ཀྱིས་བརྩམས། 1991ལོ།  མི་རིགས་དཔེ་སྐྲུན་ཁང་།
༡༢མཁས་པ་འཇུག་པའི་སྒོས་པཎ་ཀུན་དགའ་རྒྱལ་མཚན། 1981ལོ།  མི་རིགས་དཔེ་སྐྲུན་ཁང་།
༡༣མཛངས་བླུན་ཞེས་བྱ་བའི་མདོ1984ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༡༤རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུརརུས་པའི་རྒྱན་ཅན། 1981ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༡༥ས་སྐྱའི་གདུང་རབས་ངོ་མཚར་བང་མཛོདངག་དབང་ཀུན་དགའ་བསོད་ནམས། 1986ལོ། མི་རིགས་དཔེ་སྐྲུན་ཁང་།
༡༦རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་བཞུགས་སོརྗེ་བློ་བཟང་གྲགས་པ། 1987ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༡༧ས་སྐྱ་ལེགས་བཤད་རྩ་འགྲེལབཙུན་པ་རིན་ཆེན་དཔལ། 1979ལོ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༡༨རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྨ་པར་ཐར་བ་དད་པའི་འཇུག་ངོགསམཁས་གྲུབ་དགེ་ལེགས་དཔལ་བཟང་། 1982ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
 ༡༩རཱ་མ་ཎའི་རྟོགས་བརྗོདཞང་ཞུང་ཆོས་དབང་གྲགས་པ། 1981ལོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༢༠རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་དང་གསང་བའི་རྣམ་ཐརཚངས་དབྱངས་རྒྱ་མཚོ་སོགས། 1981ལོ། མི་རིགས་དཔེ་སྐྲུན་ཁང་།
༢༡གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིགལྡེབ7པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།1988ལོ། མི་རིགས་དཔེ་སྐྲུན་ཁང་།
༢༢འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐརའབྲུག་པ་ཀུན་ལེགས། 2005ལོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༢༣འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་ཐརའབྲུག་རྒྱལ་དབང་ཆོས་རྗེ། 1981ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༢༤བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོདརྗེ་སྟག་ཕུ་པ། 1957ལོ། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་།
༢༥མཁའ་འགྲོ་འགྲོ་བ་བཟང་མོའི་གསུང་རབ་རྣམ་ཐར་བཞུགས་སོ1980ལོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༢༦རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམཔོད་དང་པོ། ཤེས་རབ་རྒྱ་མཚོ། 1982ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༢༧ རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམཔོད་གསུམ་པ། ཤེས་རབ་རྒྱ་མཚོ། 1984ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༢༨མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགསདགེ་འདུན་ཆོས་འཕེལ། 1988ལོ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།



རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།