སྒྱུར་དེབ《བུ་མོར་སྤྲིངས་པའི་འཕྲིན་ཡིག40》ཞེས་པ་དངོས་སུ་པར་དུ་བསྐྲུན།

微信图片_20230322185559.png

《བུ་མོར་སྤྲིངས་པའི་འཕྲིན་ཡིག40》ཞེས་པ་ནི་སྐུ་ཞབས་ཝུའུ་ཅུན་གྱིས་ཨ་རིར་སློབ་གྲྭ་འགྲིམས་བཞིན་པའི་རང་གི་བུ་མོ་གཉིས་ལ་སྤྲིངས་པའི་འཕྲིན་ཡིག་བཞི་བཅུ་སྟེ། དེབ་ཧྲིལ་པོ་མི་ཚེའི་མཚན་ཉིད་རིག་པ་དང་། འཇིག་རྟེན་དཔྱོད་པའི་བློ་མིག  རྒྱུ་དང་ནོམ་པའི་ལྟ་སྟངས། མི་དང་མིའི་འབྲེལ་བ། དོན་དང་ལྡན་པའི་ཐོས་བསམ། འཇིག་རྟེན་མི་ཆོས་ཀྱི་སྙིང་བོ་སོགས་ལེའུ་ཆེན་པོ་དྲུག་གིས་གྲུབ་ཅིང་།  བརྗོད་དོན་གཙོ་བོ་ཡང་མི་བཟང་པོ་ཞིག་ཇི་ལྟར་བྱེད་པ་ནས་སློབ་སྦྱོང་ཡག་པོ་ཞིག་ཇི་ལྟར་འཁྱོངས་པ། སློབ་གྲྭ་དང་ཆེད་ལས་སོགས་ཇི་ལྟར་གདམ་དགོས་ཚུལ། གློག་རྡུལ་རོལ་རྩེད་སོགས་ཀྱི་བསླུ་བྲིད་ལས་ཐར་ཐབས། ཐ་ན་སྒོར་མོ་འཚོལ་སྟངས་དང་སྤྱོད་སྟངས། མཛའ་གྲོགས་ཇི་ལྟར་སྒྲིག་ཚུལ་སོགས་མི་ཆོས་གནས་ལུགས་ཕྲ་ཞིབ་མང་པོ་ཞིག་འཕྲིན་ཡིག་གི་ལམ་དུ་བྲིས་པ་ཞིག་རེད། 

༢༢.png

དེ་བཞིན་དེབ་འདིའི་ལོ་ཙཱ་བས་ཀྱང་ཉིས་སྟོང་བཅུ་དགུ་ལོ་ནས་མགོ་བརྩམས་ཏེ་མི་ལོ་ཧྲིལ་པོ་གསུམ་གྱི་རིང་ལ་འབད་པ་ཤ་ཐང་བྱས་ཤིང་། མི་ལོ་མང་པོའི་ལོ་ཙཱའི་ཉམས་མྱོང་དང་ཞིབ་འཇུག་སློབ་མའི་རྒྱ་བོད་ལོ་ཙཱའི་ཆེད་ལས་ལ་གཞི་བཅོལ་ཏེ། ཁ་གསལ་ལ་གོ་བདེ་ཞིང་ཚིག་ཉམས་བབ་ཆགས་པ།  བོད་རང་གི་སྐད་དང་བརྡ་སྤྲོད་སྟངས་ལ་མཐུན་པའི་སྒོ་ནས་བོད་སྐད་དུ་བསྒྱུར་པར་མ་ཟད། ཡང་ནས་བསྐྱར་དུ་ཞུ་དག་གི་གོ་རིམ་མང་པོ་བརྒྱུད་དེ་ད་ལྟ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

༣༣.jpg

དཔེ་དེབ་འདི་ལ་མཚོན་ན་རྩོམ་པ་པོས་རང་གི་བུ་མོ་གཉིས་ལ་སྤྲིངས་པའི་འཕྲིན་ཡིག་ཡིན་པའི་ཆ་ནས། ཕ་མའི་བར་གྱི་འབྲེལ་བ་འཛིན་སྟངས་དམིགས་བསལ་གྱིས་བརྗོད་དེ། བསླུ་བྲིད་མོད་པའི་དེང་གི་དུས་སྐབས་འདི་འདྲ་ལ་བསླུ་བྲིད་དེ་དག་ལས་ཇི་ལྟར་ཐར་དགོས་ཚུལ་དང་མི་ཚེའི་དམིགས་འབེན་བཟང་པོ་ཞིག་ཇི་ལྟར་འཛིན་དགོས་པ། ཀུན་སྤྱོད་བཟང་པོ་དང་རང་བཞིན་ལེགས་པོ་ཞིག་ཇི་ལྟར་གོམས་པར་བྱ་དགོས་པ་སོགས་འཇིག་རྟེན་མི་ཆོས་ཀྱི་གནས་ལུགས་མཐའ་དག་ཁ་གསལ་གོ་བདེ་དང་སེམས་ཐག་ཉེ་བའི་སྒོ་ནས་བྲིས་ཡོད་པས། སློབ་གྲྭ་ཆེ་འབྲིང་གི་སློབ་མ་དང་ཁྱིམ་བདག  དགེ་རྒན་དང་ན་གཞོན་རྣམས་ཀྱིས་བཀླག་རི་བའི་བསྟན་བཅོས་ལེགས་པོ་ཞིག་ཏུ་མཐོང་ངོ་། །

微信图片_20230322185611.jpg

微信图片_20230322185606.jpg

微信图片_20230322185623.jpg

微信图片_20230322185619.jpg

微信图片_20230322185553.jpg

སྒྱུར་པ་པོ་ངོ་སྤྲོད།

བྱང་གྲོལ། 2010ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་ཤེས་རམས་པའི་སློབ་མཐར་ཕྱིན་པ་དང་། 2016ལོར་མཚོ་སྔོན་མི་རིགས་སློབ་ཆེན་རྒྱ་བོད་ལོ་ཙཱའི་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་པའི་སློབ་མཐར་ཕྱིན། སྔ་རྗེས་སུ་སྙན་ངག་གཙོས་སྒྲུང་ཐུང་དང་། ཡུལ་སྐོར་ཟིན་ཐོ། སྒྱུར་རྩོམ།  འཁྲབ་གཞུང་དང་གཞས་ཚིག་སོགས་ལྔ་བཅུ་ལྷག་བོད་ཀྱི་དུས་དེབ་དང་ཚགས་པར་སོགས་སུ་སྤེལ་མྱོང་ལ། དངོས་བཤུས་བརྙན་འཕྲིན་དང་བརྙན་འཕྲིན་ཟློས་གར་ལེའུ་བརྒྱ་ཕྲག་མང་པོ་བོད་སྐད་དུ་བསྒྱུར་མྱོང་། 2017ལོར་སྒྱུར་དེབ་ཐོག་མ《དམིགས་ཡུལ་གྱི་སྟོབས་ཤུགས》ཞེས་པ་མཚོ་སྔོན་མི་རིགས་སློབ་ཆེན་གྱི“འཛམ་གླིང་རིག་གནས་བསྟན་བཅོས་གྲགས་ཆེན་བོད་འགྱུར་དཔེ་ཚོགས”སུ་བདམས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ད་ལྟ་ཨ་མདོ་བརྙན་འཕྲིན་ཁང་དུ་མདོ་འཛིན་པ་དང་གསར་འགོད་པའི་ལས་ཀ་གཉེར་གྱིན་ཡོད། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།