ཀྲུང་གོ་བོད་ཀྱི་དྲ་བ།

འཇིགས་མེད་བསམ་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས་པར་ཏུ་བསྐྲུན་ཏེ་འགྲེམ་སྤེལ་བྱས་པ།

    སྤེལ་དུས། : 2020-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

3.jpg

4.jpg

5.jpg

རྩོམ་པ་པོའི་འཚམས་སྦྱོར།  དགེ་འཇིགས་མེད་བསམ་གྲུབ་ལགས་ནི།  1957ལོར་མདོ་སྨད་རེབ་གོང་གསེར་མོ་ལྗོངས་སུ་སྐྱེས།  1973ལོར་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་འབྲིང་རིམ་སློབ་མཐར་ཕྱིན།  1982ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ནས་སློབ་མཐར་ཕྱིན། དེ་ནས་རེབ་གོང་རོང་བོ་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་ལ་ཞུགས་ཏེ་ལོ་ངོ་བདུན་ལྷག་རིང་ལ་ནང་བསྟན་ཆོས་ལུགས་ཀྱི་སྐོར་ལ་སྦྱངས། 1987ལོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ལས་གནས་སུ་ཞུགས་དེ་ད་ལྟའི་བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བོད་ཀྱི་ཆོས་ལུགས་དང་ལོ་རྒྱུས། ཆབ་སྲིད་དང་མཚན་ཉིད་རིག་པའི་སྐོར་སོགས་ལ་ཞིབ་འཇུག་གི་ཕྱག་ལས་གནང་། 1989-1990ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་ནས་སློབ་མཐར་ཕྱིན། 1997-1999ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཚན་རིག་ཞིབ་འཇུག་སློབ་གླིང་དུ་འབུམ་རམས་པའི་སློབ་མཐར་ཕྱིན།  2000ལོར་པེ་ཅིན་ཕྱི་རྒྱལ་སྐད་ཡིག་སློབ་གྲྭ་ཆེན་མོ་དང་།  པེ་ཅིན་ཕྱི་ཕྱོགས་དཔལ་འབྱོར་ཚོང་ལས་སློབ་གྲྭ་ཆེན་མོ་གཉིས་སུ་དབྱིན་ཅིའི་ཡི་གེ་ལ་སྦྱངས་ནས་སློབ་མཐར་ཕྱིན། ། 

 ཁོང་གིས་བརྩམས་ཆོས་ཀྱི་སྐོར་ལ།  

1.《ཚད་མའི་འབྱུང་ཁུངས་གཞུང་དོན་གསལ་བཤད།》

2.《རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ།》

3.《རེབ་གོང་སེང་གེ་གཤོང་གི་ལོ་རྒྱུས་གངས་རིའི་ཆུ་རྒྱུན་ཞེས་བྱ་བ།》 

4.《མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ལོ་རྒྱུས་རྒྱས་པར་བཤད་པ་ངོ་མཚར་གཏམ་གྱི་བང་མཛོད་ཅེས་བྱ་བ།》 

5.《རྡུལ་ཕྲན་ཕྲ་མོའི་གྲུབ་པའི་འཇིག་རྟེན།》 

6.《བོད་དར་ཚད་མ་རིག་པའི་བྱུང་འཕེལ་དང་དེའི་རིགས་ལམ་འགའ་བཤད་པ།》

7.འཇིགས་མེད་བསམ་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས་བཅས་ཡོད། 

ཁོང་གིས་དཔྱད་རྩོམ་གྱི་སྐོར་ལ།  

《བཀའ་གདམས་པའི་གྲུབ་མཐའི་འབྱུང་ཁུངས་དང་དེའི་ཁྱད་ཆོས་སྐོར་ལ་རགས་ཙམ་དཔྱད་པ》《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་དཀའ་གནས་དང་དོགས་སློང་འགར་དཔྱད་པ》སོགས་དཔྱད་རྩོམ་བརྒྱད་ཅུ་ལྷག་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་དང་།   བོད་ལྗོངས་ཞིབ་འཇུག། བོད་ལྗོངས་སྒྱུ་རྩལ།   རྩེར་བསྙེགས།   བོད་ལྗོངས་ནང་བསྟན་སོགས་ཀྱི་དུས་དེབ་སྟེང་བཀོད་ཟིན་ཡོད། བསྒྱུར་རྩོམ་གྱི་སྐོར་ལ། 《རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱི་འབྲེལ་བའི་སྐོར་ལ་བཤད་པ》སོགས་དཔྱད་རྩོམ་འགའ་རྩེར་སྙེག་སོགས་ཀྱི་སྟེང་བཀོལ་ཟིན་ཡོད།།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།