ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་པདྨོ་རྒྱས་པའི་ཉིན་བྱེད།

W020120702428962325073.jpg

རྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆོག་གིས་མཛད་པ་དང་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་དཔལ་སྡན་འབྲས་སྤུངས་ཚོགས་ཆེན་ཡང་ཐོག་གནས་བཅུ་ལྷ་ཁང་ནང་བཞུགས་སུ་གསོལ་བའི་དཔེ་རྙིང་གཞིར་བཟུང་ནས་བསྒྲིགས་པ་ཞིག་རེད།གཞུང་འདིར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆོག་གི་བླ་མ་དམ་པ་བཀའ་དྲིན་གསུམ་ལྡན་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་པཎྜི་ཏ་ཆེན་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ཉིད་ཀྱི་རིགས་རུས་ཕུན་སུམ་ཚོགས་པར་སྐུ་ཡི་སྐྱེ་བ་བཞེས་ཚུལ།ངེས་འབྱུང་བསམ་པ་བཅོས་མིན་གྱིས་རྒྱུད་བསྐུལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པ་སོགས་ཁོང་གི་རྣམ་ཐར་རྣམས་ཞིབ་བརྗོད་མཛད་པའི་དཔེ་དེབ་རིན་ཐང་ཅན་ཞིག་གོ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།